http://zw.xzqnb.cn/Content/weixinlogo.png
མཛེས་པའི་སྐྱིད་གྲོང་ནི་བོད་ཀྱི་ལྷོ་ནུབ་ཁུལ་དང་ནེ་པ་ལའི་བྱང་ར
http://zw.xzqnb.cn/m/content/2026-09/11/001970.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཁོར་ཡུག་སྲུང་སྐྱོབ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།

༄༅། །གེགས་བར་ལ་བྱམས་དང་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན།

ཏང་དར་ལྷབ་ལྷུབ་གཡོ་བའི་ཕྱོགས་ནི་བྱ་སྤྱོད་སྤེལ་ཡུལ་ཡིན།

等待处理…

༄༅། །གེགས་བར་ལ་བྱམས་དང་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན།

作者 བསོད་ནམས་བཀྲིས།
2026年09月11日

མཛེས་པའི་སྐྱིད་གྲོང་ནི་བོད་ཀྱི་ལྷོ་ནུབ་ཁུལ་དང་ནེ་པ་ལའི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་འབྲེལ་མཚམས་སུ་རི་ཤུར་དང་གྲོག་རོང་དུ་འཚོ་སྡོད་བྱེད་པའི་མཐའ་མཚམས་འགག་སྒོའི་རི་གྲོང་ཞིག་ཡིན། ཡུལ་གྲུ་དེ་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་ལྷག་ཙམ་ཡོད་ཅིང་། སྤྱི་ཚེས་༢༦ཉིན་བསམ་ཡུལ་ལས་འདས་པར་ནེ་པ་ལའི་ས་མཚམས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཤུགས་ཆེན་རྐྱེན་པས་མང་ཡུལ་སྐྱིད་གྲོང་འགག་སྒོའི་ཡུལ་ལུང་དུ་མི་སྣ་ཤི་རྨས་དང་། འབྲེལ་བ་ཆད་པའི་གར་སོང་ཆ་མེད་ཀྱི་ཛ་དྲག་གནས་ཚུལ་ཐོན་ཡོད།

ད་ཐེངས་ཀྱི་དོན་རྐྱེན་འདི་ཡི་ཁྲོད་འཇིགས་སྣང་དང་དངངས་སྐྲག་ཤི་གསོན་ཧ་གོ་མ་ཤེས་པའི་གནས་སུ་གྱར། བསམ་རྒྱུ་དང་དྲན་རྒྱུ་སོགས་ཀྱི་བསམ་བློ་གཏོང་ཁོམ་མེད་པར་ཛ་དྲག་གི་སྔ་དྲོའི་དུས་ཞིག་ལ་མང་ཡུལ་སྐྱིད་གྲོང་རོང་ཡུལ་དུ་འདམ་རྡོའི་ཆུ་རུད་ཤུགས་དྲག་ཆེ་ཞིང་། མྱུར་ཚད་ལས་འགལ་བར་ཐུར་དུ་རྒྱུགས། རྔུལ་ཆུས་བསྐྲུན་པའི་ཁྱིམ་གཞིས་འདི་ཡུད་ཙམ་ཞིག་ལ་ཐལ་རྡུལ་དང་འདམ་རྡོར་འགྱུར། སྙིང་རྗེ་དང་བྲལ་བའི་ད་ཐེངས་ཀྱི་ཆུ་ལོག་ཁྲོད་མི་སྣ་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་པ། ལྷག་པར་དུ་གར་སོང་ཆ་མེད་དུ་སོང་བའི་འབྲེལ་ཆད་མི་སྣ་ཡང་བྱུང་ཡོད་ཀྱང་། རླབས་ཆེན་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་རྗེའི་བཀའ་རྒྱ་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་འབྱོར་འཕྲལ་དམག་སྡེའི་དཔུང་ཁག་དང་། རང་ལྗོངས་ཀྱི་ལས་གནས་སྡེ་ཚན། དེ་བཞིན་མི་རིགས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག་འཕྱར་བ་གྲུ་འདེགས་ཀྱིས་གེགས་བར་གྱི་འཐབ་ས་དང་པོར་བསྐྱོད་དེ་གང་སྤྱིར་མྱུར་སྐྱོབ་འཕྲལ་སྒྲུབ་དང་། མང་ཚོགས་ཉེན་ཁའི་ས་ཆ་ལས་རྒྱང་དུ་གཡོལ་ཐབས་དང་། གནས་སྤོའི་ལས་ལ་གཞོལ་བ་མ་ཟད། ཀྲུང་ཧྭའི་སྤྱི་མཐུན་འདུ་ཤེས་དང་ཀྲུང་ཧྭའི་མི་རིགས་མཐུན་སྒྲིལ་སྙིང་བཅངས་ཀྱིས་མི་དམངས་ཁྲི་སྟོང་མང་པོའི་ཚེ་སྲོག་དང་འཚོ་གནས་ཆེད་དུ་བླ་ན་མེད་པའི་ལེགས་སྐྱེས་འབུལ་བཞིན་ཡོད། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་སེམས་གསོའི་བློ་འདྲི་དང་སྟོབས་ཤུགས་ཀྱི་ནུས་པ་སྲ་བརྟན། གེགས་བར་ལས་རྒྱལ་ཐུབ་པའི་ནུས་པ་སྐྱེད་སྲིང་བཅས་གནང་ཡོད།

རང་བྱུང་གནོད་འཚེར་བྱམས་དང་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཡོད་ཅེས་པ་ལྟར། རླབས་ཆེན་རྒྱལ་ཁབ་ཀྱིས་རོགས་སྐྱོབ་ཡོད་པས་མང་ཡུལ་སྐྱིད་གྲོང་སེམས་པ་མ་སྐྱོ། མིག་ཆུ་མ་གཏོང་། འཇིགས་སྣང་མ་བྱེད། ཡིད་ཐང་མ་ཆད། དཔའ་མི་ཞུམ། སྟོབས་ཆེན་རྒྱལ་ཁབ་དང་རྒྱ་ཆེའི་སྤུན་ཟླའི་མི་དམངས་ཁྱེད་ཕྱོགས་ལ་བརྩེ་སེམས་འདྲེས་ནས་ཡོད་པས་ང་ཚོ་མཉམ་དུ་གེགས་བར་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས་སོ། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博