http://zw.xzqnb.cn/Content/weixinlogo.png
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་གནོད་འཚེ་ཐོན་རྗ
http://zw.xzqnb.cn/m/content/2026-09/11/001966.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སྟོབས་ཤུགས་ཆུང་ངུ་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་ཆེན་པོ་ཆགས་པར་བྱས་པ།

བོད་ལྗོངས་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས་སྐྱིད་གྲོང་གེགས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་འགན་སྲུང་བྱས་པ།

བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་བྱས་པའི་དངོས་ཟོག་ལེགས་རྩེ་འགག་སྒོར་རྩིས་སྤྲོད་རྩིས་ལེན་བྱས་པ།

བོད་ལུགས་གསོ་རིག་བཅོས་ཐབས་ཀྱིས། གེགས་ཁུལ་མང་ཚོཌ་བདེ་ཐང་སྲུང་།

等待处理…

བོད་ལྗོངས་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས་སྐྱིད་གྲོང་གེགས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་འགན་སྲུང་བྱས་པ།

2026年09月11日

གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་གནོད་འཚེ་ཐོན་རྗེས། བོད་ལྗོངས་དངུལ་ཁང་གིས་འཕྲལ་དུ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ནས། ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། གེགས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་འགན་སྲུང་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཤིང་། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་དངུལ་ཁང་དེའི་རྩིས་ཁྲ་བརྒྱུད་སྤྱི་ཚོགས་ཀྱི་གཅེས་སེམས་ཞལ་འདེབས་དངུལ་སྒོར་ཁྲི་1751.7རྩིས་ལེན་བྱས་པ་དང་། ཞལ་འདེབས་མ་དངུལ་སྡོམ་རྩིས་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།

དངུལ་ཁང་དེས་འཕྲལ་དུ་རྒུད་སྐྱོབ་དངུལ་རྩའི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། དངུལ་སྤྲོད་མ་ལག་ཆུ་ཚོད་7×24བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས་ཡོད། གེགས་ཁུལ་གྱི་མ་དངུལ་གྲབས་གསོག་ལྷག་འཕྲོ་སྒོར་ཁྲི་2349ཟིན་པ་དང་ཚད་བརྒལ་གྱི་སྤྲོད་དམིགས་དངུལ་གནས་སྐབས་སྒོར་དུང་ཕྱུར་5མང་དུ་བཏང་བ་བརྒྱུད། ཞིང་གསུམ་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་དངུལ་བུན་བསྐྱར་གཏོང་ཁག་དང་པོའི་མ་དངུལ་སྒོར་དུང་ཕྱུར་10དམིགས་སར་འབྱོར་ཡོད་པ་རེད།

ཕུར་སྒྲོན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博