西藏青年报藏文版ཕྱོགས་བསྡུས། སྟོབས་ཤུགས་ཆུང་ངུ་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་ཆེན་པོ་ཆགས་པར་བྱས་པ། བོད་ལྗོངས་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས་སྐྱིད་གྲོང་གེགས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་འགན་སྲུང་བྱས་པ། བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་བྱས་པའི་དངོས་ཟོག་ལེགས་རྩེ་འགག་སྒོར་རྩིས་སྤྲོད་རྩིས་ལེན་བྱས་པ། བོད་ལུགས་གསོ་རིག་བཅོས་ཐབས་ཀྱིས། གེགས་ཁུལ་མང་ཚོཌ་བདེ་ཐང་སྲུང་།

放大 缩小 默认

བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་བྱས་པའི་དངོས་ཟོག་ལེགས་རྩེ་འགག་སྒོར་རྩིས་སྤྲོད་རྩིས་ལེན་བྱས་པ།

ཟླ་9ཚེས་4ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་འཕྲལ་མྱུར་རོགས་སྐྱོར་བྱས་པའི་སྒྲིག་སྦྱོར་རྣམ་པའི་གཞུང་ལམ་ལྕགས་ཟམ་སོགས་ཀྱི་དངོས་ཟོག་གཞིས་རྩེ་གྲོང་ཁྱེར་གྱི་ལེགས་རྩེ་འགག་སྒོར་རྩིས་སྤྲོད་རྩིས་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིཌ་ན། རོགས་སྐྱོར་དངོས་ཟོག་ཁག་དེའི་ནང་གཙོ་བོ་སྒྲིག་སྦྱོར་རྣམ་པའི་གཞུང་ལམ་ལྕགས་ཟམ་ལེབ་མོ་དང་། འདེགས་སྐྱོར་སྒྲོམ་གཞི། ཟམ་ངོས་ལྕགས་ལེབ་སོགས་ཆེད་སྤྱོད་ཡོ་བྱད་ཚུད་ཡོད་པ་དང་། སྒྲིག་སྦྱོར་རྣམ་པའི་གཞུང་ལམ་ལྕགས་ཟམ་2བསྐྲུན་ནས་ནེ་པ་ལའི་ཆུ་རུད་ཀྱི་གནོད་འཚེའི་ས་ཁོངས་ཀྱི་ཚེ་སྲོག་བགྲོད་ལམ་མྱུར་བཟོ་དང་རོགས་སྐྱོབ་གཞུང་ལམ་ཤར་གཏོང་ལས་དོན་སྤེལ་བར་སྤྱོད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྒྲིག་སྦྱོར་རྣམ་པའི་གཞུང་ལམ་ལྕགས་ཟམ་ནི་ཉེན་སེལ་རྒུད་སྐྱོབ་སྐབས་སྤྱོད་པའི་འཕྲལ་སྡོམ་སྒྲིག་ཆས་ཤིག་ཡིན་ཞིང་། སྒྲིག་བཟོ་མགྱོགས་མྱུར་ཐུབ་ནས་གནོད་འཚེའི་གཏོར་སྐྱོན་ཕོག་རྗེས་ཀྱི་འགག་ལམ་ཤར་གཏོང་ཐུབ་ཀྱི་ཡོད་པ་རེད། ཇུས་འགོད་དཔེ་གསར་གྱི་དངོས་ཟོག་དེ་དག་ཆུ་བོ་དང་གྲོག་རོང་སོགས་རྙོག་འཛིང་ཆེ་བའི་ས་དབྱིབས་ལ་སྤྱོད་རྒྱུར་འཚམ་པོ་ཡོད་པས། རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་ཤར་གཏོང་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ལྷུ་ལག་འཕྲལ་མར་བཤིག་ནས་གནས་གཞན་དུ་ཡང་བསྐྱར་སྤྱོད་ཆོག་གི་ཡོད་པ་རེད།

པ་ཚེས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明