http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ
http://zw.xzqnb.cn/m/content/2026-09/04/001954.html
《汉文版》 《藏文版》

第03版:གལ་ཆེའི་གསར་འགྱུར།

གནོད་འཚེ་ཕོག་པའི་མང་ཚོགས་ལ་སྣེ་ལེན་དང་སེམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ།

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ།

གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།

等待处理…

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ།

2026年09月04日

ཉེ་ཆར། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ་དང་། གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དང་དེ་བཞིན་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ)གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་ལྔ་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱོགས་བསྡོམས་དང་དུས་མཚམས་རྗེས་མའི་ལས་ཀའི་ལས་འགན་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་སྐབས་བརྗེ་བའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རིམ་ཁག་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་གལ་ཆེན་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་གཙོ་དོན་གཙོ་ཐིག་སྲ་བརྟན་དུ་གཏོང་བ་དང་“དོན་ཆེན་བཞི་”དམ་པོར་དམིགས་པ་དང་“གསར་གཏོད་བཞིར”ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ། བསམ་བློ་སྣེ་ཁྲིད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། གཞོན་ནུའི་ལས་གནས་སུ་བྱས་རྗེས་འཇོག་པ། གཞོན་ནུ་འཚར་ལོངས་ཡོང་བར་ཞབས་ཞུ། རང་ངོས་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ཐད་དོན་དངོས་ཀྱི་ཕན་འབྲས་ཐོབ་པ་དང་གཞོན་ནུའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བ་དང་། བོད་ལྗོངས་ཞི་བདེའི་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡང་ཡིན་པས། ལྗོངས་ཡོངས་ཀྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རིམ་པ་ཁག་གིས་ཆབ་སྲིད་ཀྱི་གཏོགས་གཤིས་བརྟན་སྲུང་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ཚོར་“གཏན་འཁེལ་གཉིས”ཐག་གཅོད་རང་བཞིན་་གོ་དོན་དང་“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཡོང་བ་བཅས་ལ་ཁྲིད་སྟོན་དང་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱེད་པ། ཏང་སྲིད་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ལས་ཀའི་འཇུག་སྒོ་ཡང་དག་འཚོལ་བ་དང་རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་ཀྱི་ལག་ལེན་ནང་དམངས་ཕྱུག་གི་ལག་ལེན་བཅས་ཀྱི་ཁྲོད་དཔའ་ངར་ཆེན་པོས་འགན་ཁྲི་འཁུར་དགོས། མང་ཚོགས་ཀྱི་ཁེ་ཕན་ལག་ལེན་བསྟར་བ་དང་ཨུ་ཡོན་གྱིས་གཞོན་ནུ་དང་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཞོན་ནུ་རྣམས་ཡིད་རྟོན་རུང་བ་དང་། བློས་འགེལ་ཆོག་པ། ཁ་འབྲལ་ཐབས་མེད་པའི་སྙིང་ཉེ་བའི་མི་ཞིག་དང་། རྒྱུན་མཐུད་ཀྱིས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྐབས་བརྗེ་དེ་གོ་སྐབས་སུ་བྱས་ཏེ་ཨུ་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཚོགས་འདུ་ནན་པོས་སྐྱོང་བ། སྤྱོད་བཟང་གཞུང་དྲང་གི་རྩ་འཛུགས་ཤིག་བསྐྲུན་དགོས།

ཚོགས་འདུ་མ་འཚོགས་གོང་ད་དུང་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ཀྲུའུ་ཞི་ཐེངས་བདུན་པའི་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུ་འདི་དྲ་ཐོག་དང་ས་ཡུལ་དངོས་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚན་ཁག་གི་ཁོངས་མི་དང་། རྒྱུན་ཨུ། ཨུ་ཡོན་འཐུས་མི་ཁག་གཅིག་དང་། གྲོང་ཁྱེར(ས་ཁུལ)ཁག་གི་སྡེ་ཚོགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་མི་གྲངས་60ཙམ་ཚོགས་འདུར་ཞུགས་ཡོད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博