http://zw.xzqnb.cn/Content/weixinlogo.png
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོ
http://zw.xzqnb.cn/m/content/2026-09/04/001953.html
《汉文版》 《藏文版》

第03版:གལ་ཆེའི་གསར་འགྱུར།

གནོད་འཚེ་ཕོག་པའི་མང་ཚོགས་ལ་སྣེ་ལེན་དང་སེམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ།

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ།

གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།

等待处理…

རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་དང་བླངས་ཞབས་ཞུ་རུ་ཁག་གིས།

གནོད་འཚེ་ཕོག་པའི་མང་ཚོགས་ལ་སྣེ་ལེན་དང་སེམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ།

2026年09月04日

གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་འཕྲལ་མར་དང་ལེན་བྱས་ཏེ། ཟླ་8ཚེས་27ཉིན་གྱི་སྔ་དྲོར། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཏང་ཡོན་ལས་བྱེད་པ་10ལས་གྲུབ་པའི་དང་བླངས་ཞབས་ཞུ་རུ་ཁག་འཕྲལ་མར་བཙུགས་པ་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་15དང་སྐར་མ་30ཙམ་ལ། ཞབས་ཞུ་རུ་ཁག་པུའུ་ལས་ཁུངས་ནས་ཐོན་ཏེ་ཆུ་ཚོད་18དང་སྐར་མ་40ལ་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་བ་རེད།

ཟླ་8ཚེས་28ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཨུད་རྗེས་འཇུག་ལས་དོན་ཚོགས་ཆུང་གི་སྣེ་ལེན་སེམས་གསོ་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། དང་བླངས་ཞབས་ཞུ་རུ་ཁག་སེམས་ཁམས་ཁྲིད་སྟོན་དང་ཁ་ཏ་སེམས་གསོ་སོགས་གོ་ཆོད་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་། དེ་རྗེས་མི་2རེ་ཚོགས་ཆུང་གཅིག་གི་རྣམ་པའི་ཐོག་ནས་སྣེ་ལེན་བཀོད་སྒྲིག་བྱ་ཡུལ་5ལ་མངགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་། ལྷག་པར་དུ་རྐྱེན་ལམ་དུ་ཤོར་བའི་ནང་མིར་སྣེ་ལེན་དང་སེམས་གསོ་གཏོང་བའི་ལས་དོན་ནང་གཙོ་གནད་ཐོག་ཞུགས་པ་རེད།

ཟླ་8ཚེས་29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་18པ་ཙམ་ལ། དང་བླངས་ཞབས་ཞུ་རུ་ཁག་གིས་བཀོད་སྒྲིག་བྱ་ཡུལ་5ལ་གཞོགས་འདེགས་བྱས་ནས་འབྲེལ་ཆད་མི་སྣའི་ནང་མི་དུད་ཚང་8ཀྱི་མི་26ལ་སྣེ་ལེན་ཞུས་ཤིང་། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博