http://zw.xzqnb.cn/Content/weixinlogo.png
འདས་སོང་གི་ལོ་ཟླའི་ཁྲོད་དུ་གནས་ཚུལ་མང་པོ་ཞིག་ལྷག་མྱོང་། དེ་ལས
http://zw.xzqnb.cn/m/content/2026-07/31/001905.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དམའ་འབྲིང་གི་ལུས་རྩལ་འགྲན་ཚོགས་མཐའ་མ།

༄༅། །ཡལ་དཀའ་བའི་དྲན་ཤེས།

༄༅། །ཡིད་ལ་དྲན་པའི་ཕ་ཡུལ།

等待处理…

༄༅། །ཡལ་དཀའ་བའི་དྲན་ཤེས།

作者 བསྟན་འཛིན་སྒྲོལ་མ།
2026年07月31日

འདས་སོང་གི་ལོ་ཟླའི་ཁྲོད་དུ་གནས་ཚུལ་མང་པོ་ཞིག་ལྷག་མྱོང་། དེ་ལས་ལ་ལ་ནི་སེམས་ཁོང་རུས་པའི་གཏིང་དུ་ཟུག་ཡོད། ལ་ལ་ནི་དུས་ཚོད་ཀྱི་གོམ་འགྲོས་ཁྲོད་བློ་ཡུལ་ལས་ཡལ་ཟིན། གང་ལྟར་ཡང་བརྒྱུད་ཟིན་པའི་དུས་ཀྱི་ཆུ་མོའི་ཁྲོད་དུ་བཞག་པའི་རྐང་རྗེས་ནི་བསུབ་ཐབས་བྲལ།

ཚག་ཚག་དུས་ཀྱི་རྟ་ཕོས་མི་སྒུག་ཅེས་པའི་དཔེ་ལྟར་ང་རང་ཡང་དམའ་འབྲིང་ཐོན་ནས་ལོ་གཅིག་འགྲོ་ལ་ཉེ། མཐོ་འབྲིང་གི་འཚོ་བ་ཕུན་སུམ་ཚོགས་ཀྱང་དམའ་འབྲིང་གི་གནས་ཚུལ་ཁ་ཤས་ད་ལྟ་ཡང་བསམ་པའི་ཡུལ་དུ་ལྷང་ལྷང་དུ་འཆར་གྱིན་འདུག ང་ཚོ་དམའ་འབྲིང་འགྲིམས་སྐབས་ལུས་རྩལ་རྒན་ལགས་ནི་སྐུ་གཟུགས་རིང་ལ་ཤ་མདོག་ནག་ཙམ་ཞིག་ཡོད། ཁོང་གིས་ལུས་རྩལ་སློབ་ཚན་ཚོགས་སྐབས་འཛིན་གྲྭ་གཞན་དང་འདྲ་བར་ངལ་གསོ་བྱེད་དུ་མི་འཇུག་པར་སློབ་ཚན་ཡོངས་དཀའ་ཚེགས་ཆེ་བའི་ལུས་སྦྱོང་བྱེད་དུ་བཅུག་གི་ཡོད། དེར་བརྟེན་ང་ཚོའི་འཛིན་གྲྭའི་སློབ་མ་ཚང་མས་ལུས་རྩལ་སློབ་ཚན་ལ་སུན་སྣང་ཧ་ཅང་ཆེན་པོ་བྱེད། ལུས་རྩལ་སློབ་ཚན་ཡོད་པའི་ཉིན་མོ་དེར་སློབ་མ་ཚང་མའི་གདོང་ནས་ཡིད་ཐང་ཆད་པའི་རྣམ་འགྱུར་ཞིག་མངོན་བཞིན་ཡོད། ང་ཚོས་སློབ་ཚན་གཞན་གྱི་དགེ་རྒན་ལ་ལུས་རྩལ་སློབ་ཚན་ཚོགས་མི་དགོས་པའི་ཞུ་བ་ཡང་ཡང་ཕུལ་མྱོང་ཡང་ལུས་རྩལ་སློབ་ཚན་བརྗེ་ནུས་མཁན་ཧ་ལམ་མེད། ལུས་རྩལ་སློབ་ཚན་ལ་ཐོབ་ཐུབ་པའི་ངལ་གསོ་གཅིག་པུ་ནི་རྒན་ལགས་ཀྱི་སྐུལ་བའི་ལས་འགན་བསྒྲུབ་རྒྱུ་དེ་ལས་མེད། ལས་འགན་དེ་ཚོ་ཡང་སྒྲུབ་ཐུབ་མཁན་ཧ་ལམ་ཉུང་ཉུང་ཡིན། མཚམས་རེ་རྒན་ལགས་ཀྱིས་སུ་ལ་རྔུལ་ཆུ་མང་བ་དོན་ན་ངལ་གསོ་བའི་དུས་ཚོད་ཏོག་ཙམ་སྤྲོད་སྲིད། དེ་ལྟར་གཡོལ་ཐབས་མེད་ཅིང་དཀའ་ཚེགས་ཆེ་བའི་ལུས་སྦྱོང་དེ་ཚོས་ང་ཚོའི་ལུས་ལ་དཀའ་ལས་ག་ཚོད་དང་ག་ཚོད་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། ལོ་གསུམ་གྱི་དུས་ཡུན་རིང་མོའི་ཁྲོད་དུ་ང་ཚོས་ཞེད་སྣང་ངང་སྒུག་བསྡད་པ་ནི་ལུས་སེམས་གཉིས་ཀ་སྡུག་གིས་མནར་བའི་ལུས་རྩལ་སློབ་ཚན་ཡིན་པ་ལས་གཞན་ལྟ་ཅི། དམའ་འབྲིང་གི་ལུས་རྩལ་ཡིག་རྒྱུགས་གཏོང་ལ་ཉེ་ཡང་དཀའ་ཚེགས་ཅན་གྱི་ལུས་སྦྱོང་ད་དུང་གཏན་ནས་མཚམས་མ་ཆད། ལུས་རྩལ་ཡིག་རྒྱུགས་ཁྲོད་སློབ་མ་ཚང་མར་རང་ཉིད་མོས་པའི་སྐར་གྲངས་ཤིག་ཐོབ། བསམ་ཡུལ་ལས་འདས་པ་ཞིག་ནི་ནམ་རྒྱུན་གཟུགས་པོ་སྐྱོ་བའི་སློབ་མར་ཡང་སྐར་གྲངས་བློ་ཡིད་ཚིམ་པ་ཞིག་ཐོབ། གལ་ཏེ་ལུས་རྩལ་རྒན་ལགས་ཀྱི་དེ་ལྟ་བུའི་ལུས་སྦྱོང་བྱེད་དུ་མ་བཅུག་ན་ང་ཚོར་ཀྱང་དེ་ལྟ་བུའི་སྦྱངས་འབྲས་ག་ལ་ཐོབ། དེ་ཚོ་ཚང་མ་ལུས་རྩལ་རྒན་ལགས་ཀྱི་བཀའ་དྲིན་མ་ཡིན་ནམ། དེ་ལས་ཤ་ཚའི་ཁ་ནས་གཏམ་སྙན་མེད་ཅེས་པའི་དཔེ་ཡང་ར་སྤྲོད་བྱས། གནས་ཚུལ་དེ་བརྒྱུད་ང་ཚོའི་འཛིན་གྲྭའི་སློབ་བུ་ཚང་མས་བྱ་བ་གང་དང་གང་བྱས་ཀྱང་བརྒྱུད་རིམ་ནི་དཀའ་ལས་ཁག་ཤོས་ཡིན་ཞིང་། དེ་ལ་སྡུག་རུས་བྱེད་ཐུབ་ན་མཇུག་འབྲས་ལེགས་པོ་ཞིག་གཏན་འཁེལ་ཐོབ་པའི་གནས་ལུགས་རྟོགས།

ཕར་རྡོ་ཆེན་པོ་ཞིག་མ་གཞུས་ན་ཚུར་ས་མང་པོ་ག་ལ་ཡོང་ཞེས་པའི་དཔེ་ལྟར། དུས་རྒྱུན་སློབ་སྦྱོང་ངམ་འཚོ་བའི་ཁྲོད་དུ་བྱ་བ་གང་ཞིག་བྱས་ཀྱང་རང་ཉིད་ཀྱི་འབད་བརྩོན་ཡག་པོ་ཞིག་མ་བྱས་ན། འབྲས་བུ་ལེགས་པོ་ཐོབ་རྒྱུ་ནི་ཉིན་མོའི་རྨི་ལམ་ལྟ་བུ་ཡིན་པས་སྟོང་བསམ་བཅངས་ནས་བསྡད་ན་དུས་ཚོད་འཕྲོ་བརླག་ལས་ཅི་ཡོང་། བྱས་ཙང་ང་ཚོས་ད་ལྟ་ནས་བཟུང་དུས་ཚོད་དམ་འཛིན་གྱིས་བརྒྱུད་རིམ་དང་འཇུག་འབྲས་ལ་བསམ་བློ་ལེགས་པར་བཏང་སྟེ་བྱ་བ་ལེགས་པར་བསྒྲུབ་དགོས། ང་ཚོས་ཡལ་དཀའ་བའི་དྲན་ཤེས་རྣམས་རྡོ་ལ་རི་མོ་བརྐོས་པ་བཞིན་ངེས་ནས་དེ་ལས་ཐོབ་པའི་སྣ་སུན་དང་བསླབ་བྱ་མ་བརྗེད་པ་བྱེད་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༢)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博