http://zw.xzqnb.cn/Content/weixinlogo.png
ཟླ་7ཚེས་21ཉིན་གསར་འགོད་པས་2026ལོའི་ཀྲུང་གོའི་བོད་ཀྱི་སྐབས་བདུན་པ
http://zw.xzqnb.cn/m/content/2026-07/31/001900.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དགུ་པའི་ཐོག་མའི་འགྲན་བསྡུར་མཇུག་འགྲིལ་བ།

ཧི་མ་ལ་ཡ་ལས་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་བདུན་པ་ཟླ་8ཚེས་1ཉིན་འགོ་ཚུགས་རྒྱུ་ཡིན་པ།

2026ལོའི་ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་འགོ་ཚུགས་པ།

སྙིང་ཉེའི་ཞབས་ཞུ་བསྒྲུབས་པར་མང་ཚོགས་ཀྱིས་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ།

ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

等待处理…

ཧི་མ་ལ་ཡ་ལས་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་བདུན་པ་ཟླ་8ཚེས་1ཉིན་འགོ་ཚུགས་རྒྱུ་ཡིན་པ།

2026年07月31日

ཟླ་7ཚེས་21ཉིན་གསར་འགོད་པས་2026ལོའི་ཀྲུང་གོའི་བོད་ཀྱི་སྐབས་བདུན་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་བདུན་པའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་དེ་ཟླ་8ཚེས་1ནས་ཚེས་6ཉིན་བར་ཉིང་ཁྲི་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་སུ་གཉེར་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་སྐྱེས་པའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་རྣམ་གྲངས་1ཡོད་པ་དང་ཁྱོན་འགྲན་མཚམས་5ཡོད་པ་དང་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ་570.68ཙམ་ཡོད་པ་རེད། ཁྱོན་རླངས་འཁོར་རུ་ཁག་18ཀྱི་ལུས་རྩལ་པ་120ལྷག་ཙམ་འགྲན་བསྡུར་ནང་ཞུགས་པའི་ནང་ལི་སི་ཡིའུ་ཐའེ་ནས་རི་པང་ནས་ལ་ལི་བར་གྱི་ལས་རིགས་རུ་ཁག་དང་། མྱུར་འགྲུལ་གླིང་ཆེན་དབར་གྱི་རུ་ཁག་སོགས་ཕྱི་རྒྱལ་གྱི་རླངས་འཁོར་རུ་ཁག་10དང་། ཀྲུང་གོའི་ཨན་ཐ་mentechགླིང་ཆེན་དབར་གྱི་རྐང་འཁོར་རུ་ཁག་དང་ལི་ཉིང་ཀྲི་ཤིང་གླིང་ཆེན་དབར་གྱི་རུ་ཁག་སོགས་རྒྱལ་ནང་གི་རླངས་འཁོར་རུ་ཁག་8ཚུད་ཡོད་པ་དེའི་ནང་UCIལས་རིགས་རུ་ཁག་3ཡོད་པ་རེད། མིག་སྔར་འགྲན་ལམ་ཉམས་གསོ་དང་། བདེ་སྲུང་། སྨན་བཅོས། འཕྲིན་གཏོང་། ཟ་སྡོད་སོགས་འགན་ལེན་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་སྐབས་དྲུག་བསྟུད་མར་གཉེར་བ་དེ་ནི་རང་ལྗོངས་ཀྱི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་རྐང་འཁོར་འགྲན་བསྡུར་ཞིག་ཡིན།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博