西藏青年报藏文版ཕྱོགས་བསྡུས། ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དགུ་པའི་ཐོག་མའི་འགྲན་བསྡུར་མཇུག་འགྲིལ་བ། ཧི་མ་ལ་ཡ་ལས་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་བདུན་པ་ཟླ་8ཚེས་1ཉིན་འགོ་ཚུགས་རྒྱུ་ཡིན་པ། 2026ལོའི་ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་འགོ་ཚུགས་པ། སྙིང་ཉེའི་ཞབས་ཞུ་བསྒྲུབས་པར་མང་ཚོགས་ཀྱིས་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

放大 缩小 默认

ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དགུ་པའི་ཐོག་མའི་འགྲན་བསྡུར་མཇུག་འགྲིལ་བ།

སྤུས་ལེགས་རྣམ་གྲངས་60བསྐྱར་འགྲན་ནང་ཚུད་པ།

ཟླ་7ཚེས་24ཉིན། ཀྲུང་གོའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་བཅོ་ལྔ་པའི་བོད་ལྗོངས་འགྲན་ཁུལ་དང་། སྐབས་བཅུ་གཅིག་པའི“གསར་གཏོད་པའི་ཀྲུང་གོ”བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་བཅུ་གཅིག་པ་དང“གསར་གཏོད་ཀྱིས་ཀྲུང་གོ་གཏོད། ཕུགས་འདུན་་གྱིས་བོད་ལྗོངས་གཏོད། སྣེའུ་ཡི་ཕུགས་འདུན་འགྲུབ”ཅེས་པའི་ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་དགུ་པའི་ཐོག་མའི་འགྲན་བསྡུར་ལྷ་སར་ཕུན་སུམ་ཚོགས་པོས་མཇུག་འགྲིལ་བ་རེད། ཉིན་གང་བཀག་སྡོམ་རྣམ་པའི་དཔྱད་ཞིབ་བརྒྱུད་སྤུས་ལེགས་རྣམ་གྲངས་60འབུར་དུ་ཐོན་ནས་བསྐྱར་འགྲན་ནང་ཚུད་ཡོད།

ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་ཤིང་། “གསར་གཏོད་ཀྱིས་མཉམ་དུ་འདུས། ཁ་ཕྱོགས་གསར་པར་ཕྱོགས་ནས་མདུན་དུ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་། སྐྱེ་དངོས་གསོ་རིག ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པའི་དམིགས་ཡུལ་ནི་ཕུལ་བྱུང་གི་གསར་གཏོད་ལས་གཏོད་རྣམ་གྲངས་སྔོག་འདོན་དང་སྐྱེད་སྲིང་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ཆེན་པོར་བྱ་དགའ་བསྡོམས་དངུལ་སྒོར་ཁྲི་60ཡོད་པ་དང་། བྱ་དགའ་ཐོབ་པའི་རྣམ་གྲངས་ལ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་ཕུད། ད་དུང་སྲིད་ཇུས་ཀྱི་རོགས་སྐྱོར་དང་། སྐྱོང་གསོ་དོན་འཁྱོལ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་སོགས་འཁོར་འབྲེལ་ཧྲིལ་པོའི་ལས་གཏོད་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མ་ཟད། ཕུལ་བྱུང་རྣམ་གྲངས་རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་འོས་སྦྱོར་བྱས་ནས་བོད་ཀྱི་གསར་གཏོད་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་གོ་སྐབས་ཀྱང་ཡོད་པ་རེད། བསྐྱར་འགྲན་ནང་ཚུད་པའི་མིང་ཐོ་ཉེ་དུས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་གཞུང་ཕྱོགས་དྲ་ཚིགས་སུ་ཡོངས་བསྒྲགས་ཉིན་3བྱ་རྒྱུ་ཡིན་པ་རེད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明