http://zw.xzqnb.cn/Content/weixinlogo.png
སྔོན་བྱོན་མཁས་པའི་གསུང་ལས་དཔེ་དེབ་ཀློག་པའི་ཉིན་གཅིག་ནི་ཁྱེད་
http://zw.xzqnb.cn/m/content/2026-07/10/001875.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཡར་རྒྱས་འགྲོ་བཞིན་པའི་སློབ་མས་རང་ཉིད་ལ་ཡིད་ཆེས་བྱེད་པའི་བསམ་པ་གསོ་སྐྱོང་བྱ་ཚུལ་གྱི་སྐོར་གླེང་བ།

༄༅། །དཔེ་ཀློག་གི་རིན་ཐང་།

等待处理…

༄༅། །དཔེ་ཀློག་གི་རིན་ཐང་།

作者 ཚེ་རིང་སྒྲོལ་མ།
2026年07月10日

སྔོན་བྱོན་མཁས་པའི་གསུང་ལས་དཔེ་དེབ་ཀློག་པའི་ཉིན་གཅིག་ནི་ཁྱེད་རང་མཁས་པར་འགྱུར་བའི་ཉིན་གཅིག་ཡིན་ཞེས་པ་ལྟར་ང་ཚོ་ཤེས་བྱའི་དགའ་ཚལ་ལ་རོལ་བཞིན་པའི་སློབ་མ་ཞིག་གི་ངོས་ནས་བརྗོད་ན། དུས་ཚོད་ཕྲ་རགས་མེད་པར་དཔེ་ཀློག་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་དང་རང་ཉིད་ཀྱི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཞིག་ཀྱང་ཡིན། ད་ཐེངས་གུས་མོས་སློབ་དུས་ཕྱེད་ཙམ་རིང་དཔེ་ཀློག་བྱས་པའི་མྱོང་བ་ཕྲན་ཙམ་ཞིག་གླེང་འདོད་པ་ནི«ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ»ཞེས་པ་འདི་ཡིན། དེབ་འདི་ནི་དང་ཐོག་རྒྱ་ཡིག་ནས་བརྩམས་ཤིང་བོད་ཡིག་ཏུ་ཕབ་བསྒྱུར་བྱས་པའི་ཡར་སྐུལ་དཔེ་དེབ་ཅིག་རེད། གཤམ་ལ་གུས་མོས་དོན་ཚན་ཁག་བཞི་ཡི་ཐོག་ནས་ཁྱེད་རྣམས་ལ་མཚམས་སྦྱོར་བྱེད་འདོད།

ཁག་དང་པོ། རྩོམ་པ་པོ་དང་སྒྱུར་མཁན་ངོ་སྤྲོད།

དེབ་འདིའི་རྩོམ་པ་པོ་ནི་རྒྱ་རིག་པའི་ལོ་རྒྱུས་ཐོག་ཡར་སྐུལ་གྱི་རྩོམ་ཡིག་ལ་ཤིན་ཏུ་བྱང་བའི་ཝེ་ཞུའུ་ཡེའུ་ཡིན་པ་དང་། བོད་ཡིག་ཏུ་སྒྱུར་མཁན་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་ནས་ཡིན་པའི་རུ་མང་ཀླུ་མཁར་རྒྱལ་ཡིན། ཁོང་གིས་རང་ཉིད་ཀྱི་དགའ་ཕྱོགས་ལ་བསྟུན་ནས་དམའ་འབྲིང་དང་མཐོ་འབྲིང་སྐབས་ནས«ལམ་ལུགས་ཀྱི་སྟོབས»ཞེས་པ་དང་། སློབ་ཆེན་སྐབས་སུ་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཁྲོད་ལོ་ན་ཆེས་གཞོན་ཤོས་མ་ལཱ་ལཱའི་རྣམ་ཐར«ང་ནི་་མ་ལཱ་ལཱ་ཡིན»ཞེས་པ་དང་། དེ་རིང་མཉམ་སྤྱོད་བྱེད་བཞིན་པ་བཅས་ནི་ཁོང་དང་ཁོང་གི་རོགས་པ་རྣམས་ཀྱིས་དཀའ་ངལ་ཚད་མེད་བསྐྱོན་ནས་བསྒྱུར་བ་ཞེག་རེད་འདུག

ཁག་གཉིས་པ། ནང་དོན་དངོས།

སློབ་དེབ་འདི་ཁ་ཕྱེ་བའི་ཤོག་གྲངས་དང་པོ་དེར་ཁ་བྱང་དང་འབྲེལ་བའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་འདུག དེ་ནི་ང་ཚོ་ཚང་མར་ཐོས་མྱོང་ཡོད་པ་བཞིན་འཛམ་གླིང་ཡོངས་སུ་སྐད་གྲགས་ཤིན་ཏུ་ཆེ་བའི་ཨ་རིའི་སློབ་ཆེན་ཞིག་ཡིན་ལ་ང་ཚོ་སློབ་གཉེར་བ་ཡོངས་ཀྱིས་སྨོན་སེམས་དང་རེ་འདོད་འཆའ་སའི་གཙུག་ལག་གི་བང་མཛོད་ཆེན་པོ་ཞིག་ཀྱང་ཡིན། སློབ་ཆེན་དེ་ནས་ནོ་བྷེལ་བྱ་དགའ་ཐོབ་མྱོང་བའི་མཁས་པ་དང་ཨ་རིའི་ཙུང་ཐུང་བདུན་བྱོན་མྱོང་འདུག སློབ་དེབ་འདི་སྒྲིག་གཞིའི་ཆ་ནས་ལེའུ་བཅུ་ཡི་སྒོ་ནས་བྲིས་པ་སྟེ། ལེའུ་རེ་རེའི་ནང་དོན་རྣམས་ནི་ཕྱི་རྒྱལ་གྱི་མི་སྣ་གྲགས་ཅན་དག་གི་མི་ཚེའི་ལོ་རྒྱུས་དཔེར་བཀོད་ནས་ང་ཚོ་ཀློག་པ་པོར་གོ་བདེ་བ་དང་བག་ཆགས་ཟབ་པ། ནང་དོན་རེ་རེའི་མཇུག་ཏུ་ཡར་སྐུལ་གདམས་ངག་རེ་རེ་བཀོད་ནས་ང་ཚོར་མི་ཚེའི་སྒོ་མོ་འབྱེད་པ་མ་ཟད། ཕུགས་འདུན་དང་། རང་གཤིས། གོམས་སྲོལ། ཤེས་རབ་ལ་སོགས་པའི་ཆ་ནས་ལོ་ཆུང་ན་གཞོན་རྣམས་མི་ཚེའི་ཡང་རྩེ་རུ་ཡར་འདྲེན་དང་སྐུལ་མ་བྱེད་པ་ཞིག་རེད་འདུག གུས་མོས་དཔེ་དེབ་འདི་ཀློག་པའི་སྐབས་སུ་ང་ཚོ་སློབ་གཉེར་བ་ཞིག་གིས་དཔེ་ཀློག་ཇི་ལྟར་བྱེད་དགོས་པ་དང་། ནམ་རྒྱུན་དོན་དག་ཇི་ལྟར་བསྒྲུབ་དགོས་མིན། ལྷག་བསམ་ཇི་ལྟར་སྲུང་དགོས་མིན་གྱི་གནས་ལུགས་རྟོགས་ཤིང་། རྒྱུ་མཚན་གང་ལ་བརྟེན་ནས་ཧ་ཝར་ཊི་སློབ་ཆེན་ནི་གོ་ལ་ཡོངས་ཀྱི་བང་མཛོད་དང་དེའི་ནང་གི་སློབ་གཉེར་བ་རྣམས་ལ་ང་ཚོ་དང་མི་འདྲ་བའི་གཤིས་བཟང་དང་ཆོད་སེམས། སྙིང་རུས་དང་འབད་བརྩོན་སོགས་ཁོ་ཚོས་དོན་དམ་ལ་འཛིན་པའི་འདུ་ཤེས་སོགས་གང་ཅིའི་ཐོག་ནས་བློ་སྒོ་མང་པོ་ཕྱེ་བྱུང་།

ཁག་གསུམ་པ། རང་ངོས་ནས་དཔེ་དེབ་འདིར་འཛིན་པའི་ལྟ་སྟངས།

དཔེ་དེབ་འདིར་ཐོ་རེངས་ཆུ་ཚོད་བཞི་པར་ཡང་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་སློབ་སྦྱོང་བྱེད་པའི་སློབ་མས་ཁེངས་པའི་རྣམ་པ་མངོན། ནན་ཏན་གྱི་བསམ་གཞིགས་ཀྱིས་རང་འཁྲིའི་ལས་ལ་བརྩོན། ཟ་ཁང་དང་སློབ་ཁང་། ཐ་ན་སྨན་བཅོས་ཁང་གི་ནང་ནས་ཀྱང་སྔར་བཞིན་ནན་ཏན་གྱིས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་མཐོང་ཐུབ། འོན་ཀྱང་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀར་ང་ཚོ་ནི་མལ་ལས་ལངས་རྒྱུ་ཕར་ཞོག གཉིད་ཀྱི་རྒྱ་མཚོར་ལྷུངས་ནས་རྨི་ལམ་གྱི་ཞིང་ཁམས་ཉུལ་བཞིན་ཡོད། དེ་ལས་ངས་མ་གཞི་ང་ཚོའི་རྒྱལ་ཁབ་ལ་ཡང་སྐད་གྲགས་ཆེ་བའི་སློབ་ཆེན་མང་པོ་ཡོད་ཀྱང་གོ་ལའི་བང་མཛོད་དུ་འགྱུར་མི་ཐུབ་པ་དང་ཧ་ཝར་ཊིར་འགྲོ་ཐུབ་མཁན་མང་པོ་མེད་པའི་རྒྱུ་མཚན་ཡང་རྟོགས་བྱུང་།

ཁག་བཞི་པ། དཔེ་དེབ་འདིའི་ནང་གི་ཡར་སྐུལ་གདམས་ངག་ཁག་གཅིག་ཁྱེད་རྣམས་ལ་འབུལ་འདོད།

གཅིག དོན་འཁྱོངས་འདོད་ན་ནམ་ཡང་སྒྱིད་ལུག་གི་སྒོ་མོ་རྡུང་མི་རུང་། གཉིས། རང་སྐྱོན་རང་གིས་བརྟག་ན་གཞི་ནས་རང་ཉིད་དང་མི་གཞན་གྱི་བར་ཐག་གསལ་པོར་རྟོགས་ཤིང་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་སྲིད།

གསུམ། ན་གཞོན་རྣམས་ལ་མཚོན་ནས་བཤད་ན། སྦྱངས་འབྲས་ཞན་པ་ནི་སྐྱི་གཡའ་བ་ཞིག་མིན་པར་སློབ་སྦྱོང་ལ་ལྷག་བསམ་རྣམ་དག་ཅིག་བཟུང་མེད་པ་ནི་སྐྱི་གཡའ་བ་ཞིག་ཡིན་དགོས། བཞི། སེམས་སུ་རང་ཉིད་ཀྱི་ཕུགས་འདུན་བཅངས་ཤིང་མདུན་དུ་བསྐྱོད་ནས་ལག་ལེན་བསྟར་ཕོད་མཁན་ལ་ད་གཟོད་འཇིག་རྟེན་ཧྲིལ་པོས་སྐྱེལ་མ་མཛད་སྲིད། ལྔ། འཕྲལ་དུ་ལག་ལེན་དུ་བཏབ་སྟེ་ད་ལྟ་ནས་འགོ་བརྩམས་ན་ཁྱོད་རང་སུ་ཡི་རྗེས་སུའང་ལུས་མི་སྲིད།

མཇུག་ཏུ་ང་ཚོ་ན་གཞོན་ཚོས་ནམ་རྒྱུན་སློབ་སྦྱོང་དང་འཚོ་བ། བསམ་བློའི་ཐོག་རང་ཉིད་ལ་དཀའ་ངལ་དང་མི་སྐྱིད་པ། ཐག་གཅོད་མི་ཐུབ་པ་སོགས་ཀྱི་བར་ཆད་འཕྲད་ཚེ་དཔེ་དེབ་འདི་ནི་ང་ཚོར་འཚམས་པའི་མུན་སེལ་དང་ལྡེ་མིག་ལྟ་བུའི་ནོར་བུ་ཞིག་རེད་འདུག །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༢)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博