http://zw.xzqnb.cn/Content/weixinlogo.png
རྒྱལ་སྤྱིའི་“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་སྔ་རྗེས་སུ་གུང་ག
http://zw.xzqnb.cn/m/content/2026-06/19/001833.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རི་ཆུ་བརྒལ་བའི་མཉམ་འཛོམས་ལས། སེམས་མཐུན་བདེ་སྐྱིད་འཚོ་བར་རོལ།

སློབ་གསེང་གི་སྤྲོ་སྣང་།

གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ན་ཆུང་བྱིས་པར་གཅེས་སྐྱོང་བྱས་པ།

等待处理…

གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ན་ཆུང་བྱིས་པར་གཅེས་སྐྱོང་བྱས་པ།

2026年06月19日

རྒྱལ་སྤྱིའི་“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་སྔ་རྗེས་སུ་གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་བྱིས་པར་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭ་དང་། སྡེ་ཁུལ་ཕན་བདེ་ཁང་བཅས་སུ་བསྐྱོད་དེ་བྱིས་པའི་སེམས་གཏམ་ལ་ཉན་པ་དང་། སྙིང་ཉེ་བའི་རོགས་སྐྱོར་བྱེད་པ། སེམས་ནད་གསོ་བ་བཅས་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་སྤྲོ་སྣང་ལྡན་པའི་ངང་བྱིས་པར་སྲུང་སྐྱོང་བྱས་པ་རེད།

སྒེར་རྩེ་རྫོང་སློབ་ཆུང་གཉིས་པའི་སློབ་མ་བདེ་སྐྱིད་ཀྱིས་བསམ་འདུན་གླེང་སྐབས་“ང་ནར་སོན་རྗེས་ཚན་རིག་མཁས་ཅན་ཞིག་བྱེད་འདོད་ཡོད། ད་ཆ་ཚན་རིག་ཚོད་ལྟའི་གྱོན་ཆས་ཆ་ཚང་ཞིག་དགོས་འདོད”ཅེས་ཡིད་སྨོན་ཆེན་པོའི་ངང་བཤད། ཟླ་6ཚེས་4ཉིན་“བསམ་འདུན་ཕྲ་མོའི”དངོས་རྫས་ཁག་གཉིས་པ་མངའ་རིས་ས་ཁུལ་གྱི་ཚོད་ལྟའི་བུ་བཅོལ་ཁང་དུ་སྤྲད་པ་རེད།

ཕྲུ་གུའི་བསམ་འདུན་ཤེས་རྟོགས་དང་ནང་སེམས་ཀྱི་དགོས་མཁོ་ཤེས་པ་བྱ་རྒྱུ་དེ་ནི་གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱི་བྱེད་སྒོའི་སྲོག་ཤིང་ཡིན་པས། འདི་ལོ་ནས་བཟུང་ས་གནས་དེ་གའི་དྲ་ཐོག་དང་དྲ་ཕྱི་གཉིས་ཀྱིས“བསམ་འདུན་ཕྲ་མོ”བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་ནས་སྟབས་བདེའི་དངོས་རྫས་སྤྲོད་རྒྱུ་ཁོ་ན་ཙམ་མིན་པར་ཕྲུ་གུ་ཚོའི་བསམ་ཚུལ་དང་རེ་སྒུག་ངོ་མ་ཤེས་རྟོགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱོན་གཞོན་ནུ་ལོ་ཆུང་གི་བསམ་འདུན་984བསྡུ་རུབ་བྱས་པ་དང་། མིག་སྔར་བསམ་འདུན་267དོན་འཁྱོལ་བྱས་པ་སྟེ། བྱ་སྤུའི་གྱོན་ཆས་དང་། ལུས་རྩལ་ལྷམ། ཡིག་ཆས། སློབ་ཕྱིའི་དཔེ་ཆ་སོགས་ལག་རྟགས་རེ་རེ་བཞིན་གནད་ལ་འཁེལ་བའི་སྒོ་ནས་ཕྲུ་གུ་ཚོའི་ལག་ཏུ་སྤྲད་པ་དང་། དྲུག་གཅིག་བྱིས་པའི་དུས་ཆེན་རིང་མངའ་རིས་དྲིལ་བསྒྲགས་པུས་གཙོ་གཉེར་དང་གུང་གཞོན་སྡེ་ཚོགས་ས་ཨུད་ཀྱིས་གཞོགས་འདེགས་བྱས་པའི་“བྱིས་པའི་སེམས་ནང་གི་ཀྲུང་གོ”ཞེས་པའི་ངོ་མཚར་ཆེ་བའི་ལོ་ཆུང་བྱིས་པའི་གླུ་གཞས་འཁྲབ་སྟོན་བྱས་པ་རེད། སློབ་མ་ཚོར་སྦྱངས་འབྲས་དང་སྤྱི་ཚོགས་འབྲེལ་འདྲིས་སོགས་ཀྱི་གནོན་ཤུགས་ཆེན་པོ་ཡོད་པས་གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག་སེམས་ཁམས་གནོན་ཤུགས་ཆུང་དུ་གཏོང་བ་དང་། ལུས་ཁམས་བདེ་ཐང་། ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་པ་རེད། ཁུང་ཧྥན་སེན་སློབ་ཆུང་དུ་སྤེལ་བའི་འཕྲོད་སྟེན་སློབ་ཚན་ཐོག་ཆེད་ལས་དགེ་རྒན་གྱིས་ཕྲུ་གུ་མི་ཉུང་བ་ཞིག་གི་སོམ་ཉིའི་དྲི་བར་འགྲེལ་བཤད་ཁ་གསལ་བརྒྱབ་པ་དང་། དེ་དང་ཆབས་ཅིག་“དཔེ་དེབ་སྡེ་ཁུལ་དུ་འབུལ་བའི”བྱེད་སྒོ་སྡོད་ཁང་གསར་པར་སྤེལ་བ་དང་རི་མོའི་དེབ་དང་ཚན་རིག་ཁྱབ་གདལ་གྱི་ཀློག་དེབ་སྟོང་ཕྲག་ཁ་ཤས་“སྐེ་དར་དམར་པོའི་དཔེ་ཁང་”དུ་སྤྲད་པ་དང་། བུ་མོ་ཆུང་ཆུང་ཞིག་གིས《ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས་》ཅེས་པའི་དེབ་གཅིག་པང་དུ་བཟུང་ནས་“ད་ལྟ་གཞི་ནས་ཉིན་ལྟར་དཔེ་དེབ་དེ་ལྟ་ཀློག་བྱེད་ཐུབ་ཀྱི་འདུག”ཅེས་བཤད། མིག་སྔའི་བར་དཔེ་ཁང་ནང་རིམ་རྩིས་བྱས་ན་དེབ་2500ལྷག་ཙམ་ཞལ་འདེབས་སུ་ཕུལ་བ་མ་ཟད། རྒྱུན་མཐུད་ཐོག་དཔེ་དེབ་གསར་བརྗེས་བྱས་ནས་ཤེས་བྱར་བརྟེན་ནས་ཕྲུ་གུ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད།

ཟླ་6ཚེས་6ཉིན་མངའ་རིས་ས་ཁུལ་ཕན་བདེ་ཁང་གིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བས། དགོད་བྲོ་བའི་རོལ་རྩེད་ཀྱི་བརྒྱུད་རིམ་ནང་ཕྲུ་གུ་ཚོས་རྩེད་མོ་སྣ་ཚོགས་བརྩེས་པ་དང་། ལག་རྟགས་ཆུང་ཆུང་འབྱོར་བའི་བསམ་གྲུབ་ཀྱིས་“འདི་གར་ཉིན་ལྟར་བྱིས་པའི་དུས་ཆེན་གཏོང་གི་འདུག”ཅེས་དགོད་ཞོར་བཤད།

ཤེས་རྟོགས་བྱས་པ་བརྒྱུད་གུང་གཞོན་སྡེ་ཚོགས་མངའ་རིས་ས་ཨུད་ཀྱིས་རྒྱུན་རྣམ་ཅན་གྱི་རེ་འདུན་ཆུང་ངུ་བསྡུ་རུབ་རེས་སྐོར་5བྱས་པ་དང་ཕྲུ་གུ་ཚོའི་རེ་འདུན་ཆུང་ངུ་300ལྷག་ཙམ་མངོན་འགྱུར་བྱས་པ་དང་། སྔ་རྗེས་སུ་གུང་གསེང་རིང་བྱེད་སྒོ་ཐེངས་བཅུ་ལྷག་ཙམ་སྤེལ་ནས་དམིགས་བསལ་གྱི་བྱིས་པ་མི་གྲངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་རེད། གཞན་ཡང་ད་དུང་སློབ་མ་2559ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི་297.77བརྩོན་ལེན་བྱས་པ་དང་། དམིགས་བསལ་གྱི་བྱིས་པ་1280ལ་ཆེད་གཏོགས་རོགས་སྐྱོར་ཡིག་ཚགས་བཟོས་པ། དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་42.48དོན་འཁྱོལ་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་རོགས་སྐྱོར་བྱས་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博