
འདི་ནི་ཕྲུ་གུ་ཚོས་སློབ་གསེང་གི་སྐར་མ་15ཡི་དུས་ཚོད་ནང་ལུས་རྩལ་ཐང་དུ་ཐག་མཆོང་རྒྱག་བཞིན་པ།
སློབ་གསེང་གི་དྲིལ་བརྡ་བཏང་མ་ཐག ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་ནན་ཅིང་ཕུགས་རེའི་སློབ་ཆུང་གི་ཕྲུ་གུ་ཚོ་ལུས་རྩལ་ཐང་དུ་རྒྱུགས་ཏེ་ཐག་མཆོང་དང་། འགྱིག་ཐག ཐེ་པེད། ལན་ཆིའུ་སྤོ་ལོ་སོགས་ལ་རོལ་ནས་སློབ་གྲྭའི་གང་སར་དགོད་སྒྲས་ཁེངས་ཡོད། སློབ་དུས་དེར་སློབ་གྲྭས་སློབ་གསེང་གི་དུས་ཚོད་སྐར་མ་10ནས་སྐར་མ་15བར་རིང་དུ་བཏང་སྟེ་སློབ་མའི་ལུས་སེམས་ལྷོད་ལ་བབ་པ་དང་གསོན་ཤུགས་འཕེལ་བར་བྱས་ཏེ་སྦྱོང་ཚན་གྱི་ངལ་དུབ་ཆུང་དུ་དང་སློབ་ཚན་ཐོག་བློ་རྩེ་གཅིག་སྒྲིམ་ཐུབ་ཚད་མཐོ་རུ་བཏང་ཡོད་ཅིང་།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།


