http://zw.xzqnb.cn/Content/weixinlogo.png
དུས་ཚོད་ཀྱི་གོམ་སྟབས་ནི་སྒྲ་མེད་པས། དེས་ནམ་ཡང་ངའི་ཛ་དྲག་ཆེ་བའ
http://zw.xzqnb.cn/m/content/2026-06/05/001815.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཀའ་སྡུག་གི་ཆུ་མོ་རུ་སྙིང་རུས་ཀྱི་གྲུ་ཆུང་གཏོང་།

༄༅། །ཡལ་མེད་ཀྱི་བག་ཆགས།

༄༅། །གྲོགས་མོ་ལགས།

等待处理…

༄༅། །གྲོགས་མོ་ལགས།

作者 བསྟན་འཚིན་སྒྲོལ་དཀར།
2026年06月05日

དུས་ཚོད་ཀྱི་གོམ་སྟབས་ནི་སྒྲ་མེད་པས། དེས་ནམ་ཡང་ངའི་ཛ་དྲག་ཆེ་བའི་ལས་དོན་འགྲུབ་རྒྱུར་ངང་སྒུག་མི་བྱེད་པར་ཐད་ཀར་བུད་འགྲོ།

ཨེ་མ། སྐད་ཅིག་ཉིད་ལ་ང་རང་གི་སློབ་ཆུང་ལོ་དྲུག་འདས་ཟིན་པ་མ་ཟད། སློབ་འབྲིང་གི་ལོ་ངོ་གསུམ་ཡང་མཇུག་བསྡུ་ལ་ཉེ། འདས་ཟིན་པའི་ལོ་བརྒྱད་ལྷག་གི་སློབ་གྲྭའི་འཚོ་བ་འདིའི་ནང་། ང་ལ་ཉམས་མྱོང་དང་བསླབ་བྱ་མང་པོ་ཐོབ་བྱུང་ལ། དེ་ནང་བཞིན་གྱི་བརྗེད་པར་དཀའ་བའི་མི་དང་དོན་དག་ཀྱང་མང་པོ་ཞིག་དང་འཕྲད་བྱུང་།

དེ་ལས་ང་ལ་བག་ཆགས་ཟབ་ཤོས་ནི་ང་ཡི་གྲོགས་མོ་ཡིན། རྒན་ལགས་ཀྱིས་ང་ཚོར། “ཟ་རོགས་འཐུང་རོགས་མང་པོ་ཡོད་སྲིད། འོན་ཀྱང་དཀའ་ངལ་འཕྲད་པའི་དུས་སུ་རྒྱབ་ནས་ལངས་ཏེ་རོགས་པ་བྱེད་ཐུབ་མཁན་ཉུང་ཉུང་རེད”ཅེས་དུས་རྟག་ཏུ་གྲོགས་པོ་སྒྲིག་སྐབས་ནན་ཏན་བྱེད་དགོས་པའི་སྐུལ་ལྕག་གཏོང་གི་ཡོད། རེད་ཨང་། དཀའ་སྡུག་མཉམ་མྱོང་བྱེད་ནུས་མཁན་གྱི་རོགས་པར་ང་ཚོས་ངེས་པར་གཅེས་འཛིན་ཡག་པོ་བྱེད་དགོས།

ང་དང་ངའི་གྲོགས་མོ་ནི་ལོ་རིམ་བདུན་པ་ནས་ངོ་ཤེས་པ་ཡིན། མོ་ནི་གཤིས་ཀ་འཇམ་པོ་དེ་འདྲ་མེད་ལ། ཚང་མས་དགའ་འོས་པའི་བཞིན་གྱི་དཀྱིལ་འཁོར་སྙིང་རྗེ་པོ་དེ་འདྲ་ཡང་མོ་ལ་མེད། འོན་ཀྱང་། མོ་ལ་ལྷད་མེད་ཀྱི་སེམས་པ་དང་བླ་ན་མེད་པའི་སྙིང་སྟོབས་ཡོད་པ་མ་ཟད། སློབ་ལ་འབད་བརྩོན་ཤིན་ཏུ་ཆེ། དེ་ནི་ངེད་གཉིས་གྲོགས་མོ་རུ་འགྱུར་བའི་རྒྱུ་མཚན་གཙོ་བོར་གྱུར་ཡོད། ཉིན་ཞིག་གི་ཞོགས་པར། མ་གཞི་ང་རང་སྔ་པོ་ནས་བློ་འཛིན་བྱེད་པར་འགྲོ་རྩིས་ཡོད་མོད། དེ་ཙམ་ལངས་འདོད་མ་བྱུང་། ཡིན་ན་ཡང་ངའི་གྲོགས་མོ་ནི་ཧུར་བརྩོན་ཅན་ཞིག་ཡིན་པས། ནམ་རྒྱུན་ལྟར་སྔ་པོ་ནས་ལངས་ཏེ་ང་འབོད་པར་སླེབས་འདུག ངའི་སེམས་སུ་གློ་བུར་དུ་སྒུལ་ཤུགས་ཆེན་པོ་ཞིག་སླེབས་ནས་མོ་དང་མཉམ་དུ་བློ་འཛིན་བྱེད་པར་བསྐྱོད། དེ་ནས་བཟུང་མོ་ནི་དུས་རྟག་པར་ང་འབོད་པར་ཡོང་བ་དང་། ངེད་གཉིས་མཉམ་དུ་དཔེ་འཛིན་སྐྱོར་སྦྱོང་གི་ལམ་ལ་དཔུང་པ་མཉམ་གཤིབ་ཀྱིས་ཞུགས། ང་ལ་མཚོན་ན། མོ་ནི་ངའི་ནམ་འཕང་གཅོད་པའི་གཤོག་ཡ་དང་འདྲ་ཞིང་། ངའི་སློབ་སྦྱོང་ཡར་རྒྱས་ཡོང་རྒྱུར་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་ནུས་པ་ཐོན་མཁན་ཉག་ཅིག་དེ་ཡིན། མོ་དང་གྲོགས་མོ་རུ་གྱུར་པ་ནས་བཟུང་ངའི་ཕྱོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་།

དེ་ཡང་སྔ་མོའི་ཤོད་རྒྱུན་དུ། “གྲོགས་བཟང་པོ་སྨན་གྱི་ལྗོན་པ་ཡིན། །གྲོགས་ངན་པ་དུག་གི་སྡོང་པོ་ཡིན། །”ཟེར་བ་བཞིན། གྲོགས་ཕོ་མོ་ནི་མི་ཞིག་གི་ཚེ་སྲོག་ནང་ཧ་ཅང་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན་པས། སློབ་གྲྭ་ཐོན་པར་ལོ་ཕྱེད་ལྷག་ལས་མེད་པའི་དུས་ཚོད་དེའི་ནང་། ང་ཚོས་རང་རང་གི་གྲོགས་མོ་དང་མཉམ་དུ་སློབ་ལ་བརྩོན་ནས་དཀའ་ཚེགས་ཀྱི་ཆུ་མོ་མཉམ་དུ་བརྒལ་བ་དང་། བརྩོན་འགྲུས་ཀྱི་རྟ་ཕོར་བཅིབས་ནས་ཡངས་པའི་རྒྱལ་ཁམས་མཉམ་དུ་འགྲིམ་དགོས།

གང་ཞིག་གསེར་གྱི་རི་ལ་བརྟེན་གྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར། །གང་ཞིག་དུག་གི་རི་ལ་བརྟེན་གྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་གྱུར། །ཞེས་པ་བཞིན། མི་ཚེ་འདིར་ལམ་གྲོགས་ཁྱོད་ལྟ་བུ་འཕྲད་པ་ནི་ངའི་བསོད་ནམས་ཤིག་ཏུ་ཅི་ལ་སྒོམ་མི་ཆོག་ཨང་། བདག་གི་བརྩེ་བའི་གྲོགས་མོ་བསོད་ནམས་པད་མཚོ་ལགས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༨)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博