西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དཀའ་སྡུག་གི་ཆུ་མོ་རུ་སྙིང་རུས་ཀྱི་གྲུ་ཆུང་གཏོང་། ༄༅། །ཡལ་མེད་ཀྱི་བག་ཆགས། ༄༅། །གྲོགས་མོ་ལགས།

放大 缩小 默认

༄༅། །ཡལ་མེད་ཀྱི་བག་ཆགས།

□ 作者 ཟླ་བ་ལྷ་མོ་ཆུང་བ།

དུས་ཚོད་ནི་སྡོད་ཁོམ་མེད་པར་ཐུར་ནས་ཐུར་དུ་འབབ་པའི་གཡང་གཟར་གྱི་བྲག་རིའི་ཆུ་བོ་ཞིག་དང་འདྲ་ཞིང་། དུས་ཚོད་ཀྱིས་ངའི་སྔོན་མའི་དོན་དག་མང་ཆེ་བ་ཁྱེར་ནའང་འགའ་ཞིག་ནི་བག་ཆགས་ཟབ་པའི་རྐྱེན་གྱིས་དྲན་གསོ་བྱེད་འོས་པའི་ལོ་རྒྱུས་ཤིག་ཏུ་གྱུར།

ད་ལྟ་ངའི་སེམས་སུ་གསལ་ཐིང་ཐིང་ཤར་ལ་དྲོ་སོབ་སོབ་ཀྱི་ཚོར་བ་སྤྲོད་པའི་དོན་དག་ནི། ལོ་རིམ་དགུ་པའི་ལུས་རྩལ་རྒྱུགས་ཚད་སྐབས་འཛིན་གྲྭའི་སློབ་མ་རྣམས་ཕར་རོགས་ཚུར་རོགས་བྱེད་པའི་རྣམ་པ་དེ་ཡིན། སྨི༨༠༠ རྒྱུག་ཤར་གློད་སྐབས་བསྐོར་བ་དང་པོ་ནས་ང་ནི་ཐང་ཆད་དེ་དཀའ་ལས་ཤིན་ཏུ་ཁག་པས། དབུགས་ཀྱང་ཡག་པོ་འབྱིན་རྔུབ་བྱེད་ཐུབ་ཀྱི་མི་འདུག ཡིན་ནའང་སློབ་གྲོགས་ཚོས་སྐད་ཤུགས་ཆེན་པོས། ཤུགས་རྒྱོབས། ཤུགས་རྒྱོབས། ཤུགས་རྒྱོབས། ཟེར་བ་མ་ཟད་ངའི་རོགས་པ་ཚོས་ང་ལ་ཆུ་སྐྱེལ་བར་ཡོང་གི་འདུག སློབ་གྲོགས་ཚང་མས་ང་སེམས་ཤུགས་མ་ཆག་པའི་ཆེད་དུ་སྐུལ་ལྕག་བྱེད་པ་དག་མཐོང་བ་དང་ཐོས་དུས། ངའི་སེམས་ཚ་སོབ་སོབ་ཏུ་འགྱུར་བ་དང་། ཡ་མཚན་པ་ཞིག་ལ་གཟུགས་པོའི་ནུས་ཤུགས་སླར་གསོ་ཐུབ་ནས་དཀའ་ལས་ཁག་པའི་སྣང་བ་གཅིག་ཀྱང་མེད་པར་གྱུར་སོང་། ཁོ་ཚོའི་འབོད་སྒྲའི་ཁྲོད་ངས་ཀྱང་ནུས་པ་ཡོད་ཚད་བཏོན་ནས་རྒྱུགས་པས། མཐར་ངའི་སྐར་གྲངས་ཀྱང་ནམ་རྒྱུན་ལས་ལྡབ་ཁ་ཤས་འཕར་འདུག རྒྱུགས་ཚར་དུས་ངའི་གྲོགས་མོ་གཉིས་ཀྱིས་ལམ་སེང་ལུས་རྩལ་ཐང་གི་དཀྱིལ་དུ་ང་བསུ་བར་སླེབས། རྒྱུགས་ཚར་མ་ཐག་ཡིན་པས་ང་ལངས་ཀྱང་མི་ཐུབ། ཁོ་གཉིས་ཀྱིས་ངའི་གཞོགས་རེ་རེ་ནས་སྐྱོར་ཏེ་ཁྲིད་བྱུང་། ང་རང་ངལ་གསོ་རྒྱག་གིན་ཆུ་འཐུང་གིན་བསམ་བློ་མང་པོ་འཁོར་བྱུང་། ངའི་ནུས་ཤུགས་གློ་བུར་དུ་སླར་གསོ་ཐུབ་པའི་རྒྱུ་མཚན་གང་ཡིན། ང་ལ་སྔར་མེད་ཀྱི་འབྲས་བུ་ཐོབ་པའི་རྒྱུ་མཚན་གང་ཡིན། དེ་ནི་སློབ་གྲོགས་རྣམས་ཀྱི་ལྷད་མེད་དྭངས་གཙང་གི་བརྩེ་བས། ང་ལ་སྦྱིན་པའི་སྟོབས་ཤུགས་ཤིག་རེད། དུས་ཚོད་ནི་འཁྱུག་ཙམ་ཡང་མི་སྡོད་པར་འགྲོ་བཞིན་ཡོད། ལུས་རྩལ་རྒྱུགས་ཚད་ཀྱི་ཡལ་མེད་བག་ཆགས་དེ་ངའི་ངོས་ནས་བཤད་ན། ཧ་ཅང་དྲན་གསོ་བྱེད་འོས་པའི་བྱ་བ་ཞིག་ཡིན། གང་ཡིན་ཟེར་ན། ཁོ་ཚོས་ང་ལ་དྲོ་སྐྱིད་ལྡན་པའི་བག་ཆགས་ཤིག་བཞག་པས་ནམ་ཡང་བརྗེད་ཐབས་བྲལ།

ད་ལྟ་ས་ཆ་རྒྱུས་མེད་དང་མི་རྒྱུས་མེད་ཀྱི་མཐོ་འབྲིང་ལ་སླེབས་མ་ཐག་ཡིན་པས། ངའི་སེམས་འདི་ཡང་སྟོང་ལྷང་ལྷང་རེད། བརྩེ་བ་ཟབ་པའི་སློབ་འབྲིང་གི་སློབ་གྲོགས་རྣམས་དང་བག་ཆགས་ཟབ་པའི་བྱ་བ་མང་པོ་ཡོད་པ་དག་ཀྱང་ཧ་ཅང་དྲན། དུས་ཚོད་ཀྱིས་མཐོ་འབྲིང་གི་ནང་དུའང་ཡལ་མེད་ཀྱི་བག་ཆགས་ངོ་མཚར་ཅན་མང་པོ་འཇོག་པར་ཡིད་ཆེས་དང་རེ་བས་ཁེངས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༦)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明