http://zw.xzqnb.cn/Content/weixinlogo.png
ཟང་ཟིང་དང་ཕྲག་དོག གཞན་ཕན་ལྷག་བསམ་ལྡན་པའི་འཇིག་རྟེན་གྱི་ཞིང་ཁམ
http://zw.xzqnb.cn/m/content/2026-05/22/001789.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལྔ་བཞིའི”བྱེད་སྒོ་རབ་དང་རིམ་པར་དཔྱད་གཞི་ཕུལ་དུ་བྱུང་བ།

༄༅། །ང་ནི་ཉམ་ཆུང་གི་ལྗོན་ཤིང་ཞིག་ཡིན།

ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

等待处理…

༄༅། །ང་ནི་ཉམ་ཆུང་གི་ལྗོན་ཤིང་ཞིག་ཡིན།

2026年05月22日

ཟང་ཟིང་དང་ཕྲག་དོག གཞན་ཕན་ལྷག་བསམ་ལྡན་པའི་འཇིག་རྟེན་གྱི་ཞིང་ཁམས་འདིར་ང་ལྗོན་ཤིང་སླེབས་པ་ནས་བཟུང་། འདིར་གྲོགས་པོ་མང་དག་ཞིག་གིས་ང་ལ་བསུ་བ་ཞུས་ཤིང་། འུར་འུར་གྱི་སྐད་སྒྲ་དང་། ལྕོག་ལྕོག་གི་མགོ་ལྕོག་ལྡེམ། གྱ་གྱུར་གྱི་སྟང་སྟབས་འཁྲབ་ཅིང་དེ་དང་སྦྲེལ་ཞིང་སྐད་གདངས་ཀྱི་གླུ་དབྱངས་ལེན། དུས་དེ་ནས་བཟུང་གྲོགས་པོ་ཇི་སྙེད་ཀྱིས་འབོད་སྒྲའི་ཁྲོད་དུ་ངའི་སྙིང་སྟོབས་ཀྱང་ཇེ་ཆེར་རྒྱས་ནས་མུ་མཐའ་མེད་པའི་འཇིག་རྟེན་གྱི་ཡུལ་གྲུ་འདིར་ལེགས་སྐྱེས་གང་མང་འབུལ་རྒྱུའི་སྙིང་སྟོབས་ངམ་ཤུགས་ཤིག་སྐྱེས། སྐབས་དེར་ལྗོན་ཤིང་ང་ཡང་སྐྱེས་མ་ཐག་པའི་བྱིས་པ་དམར་སྦྱར་ཞིག་དང་མཚུངས་མོད། ལྷག་པར་དུ་གོ་ལའི་ཁོར་ཡུག་འདིར་གཤིས་རྒྱུད་བཟང་བའི་སྐྱེ་བོ་དག་གིས་ང་ལ་ཕ་མས་བུ་ཕྲུག་སྐྱོང་བ་ཇི་བཞིན་ལྷད་མེད་བྱམས་སྐྱོང་ལ་བརྟེན་ནས་ལྗོན་ཤིང་ང་མགྱོགས་ནས་མྱུར་དུ་གེགས་མེད་ལས་གྲོལ་ཏེ་འཚར་ལོངས་ཀྱི་ལོ་ཟླའི་དུས་རིམ་ཁྲོད་གོ་སྐབས་བཟང་པོ་ཐོབ། ངའི་ལོ་ན་ཡང་ན་ཆུང་ཞིག་ནས་གཞོན་ནུའི་ལང་ཚོར་གྱུར་ཞིང་གོ་ལ་འདིར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཇེ་ཆེར་ཕྱིན།

ལྗོན་ཤིང་ངས་དུས་དང་རྣམ་པ་ཀུན་དུ་འགྱུར་མེད་རྡོ་རྗེའི་བྲག་བཞིན་ལྷག་བསམ་དཀར་བའི་སེམས་པ་ཞིག་འཁྱེར་ཏེ་མཁའ་རླུང་སྦགས་བཙོག་དང་། ཐལ་རྡུལ་རྣམས་རང་ཉིད་ཀྱིས་རྔུབས་ནས་སྐྱེ་བོ་ཐ་དག་ལ་དྲི་ངན་དང་བྲལ་བའི་མཁའ་རླུང་གཙང་མར་གྱུར་བར་བྱེད། འོན་ཀྱང་ལྗོན་ཤིང་ངར་བསམ་ཡུལ་ལས་འདས་པའི་སེམས་སྡུག་གི་ཅོང་སྒྲ་ཞིག་ཤུགས་ཀྱིས་གང་བ་དེ་ནི་ང་དང་རིགས་རྒྱུད་གཅིག་ལས་མཆེད་པའི་ལྗོན་ཤིང་མང་པོ་ཞིག་གིས་ཕན་ཚུན་གྲོས་མོལ་བྱེད་པ་ལ་གཞིགས་ན། ཆེས་ས་མཐོ་ཞིང་གསོ་རླུང་དཀོན་པའི་རང་བྱུང་ས་ཆ་འགའ་དང་ཆུ་མེད་ཀྱི་ཡུལ་ལུང་། སྐམ་ཤས་ཆེ་བའི་ས་ཁུལ་སོགས་ལ་ང་ཚོ་འཚོ་ཐབས་བྲལ་བས་གནས་དེ་དག་ཏུ་འཚོ་སྡོད་སུ་ཡིས་བྱེད་ཅེས་ལབ་གླེང་གང་མང་ཞིག་བྱེད་ཀྱི་ཡོད་ཀྱང་། ང་ནི་གནས་དེ་རུ་སྐྱེ་འཚར་བྱས་ཏེ་ལེགས་སྐྱེས་འབུལ་བར་འདོད་པ་ལས་རང་བྱུང་ཁམས་ཀྱིས་ཤུགས་རྐྱེན་ཇི་སྙེད་ལ་བརྟེན་ཏེ་ཁ་འབྲལ་བར་མི་འདོད།

དེ་བས་ཀྱང་ལྗོན་ཤིང་ངས་དཀའ་སྤྱད་འཁུར་དུ་བཟོད་དེ་སྔར་ནས་ད་བར་དྲག་ཆར་རླུང་འཚུབ་དང་། ཁ་བ་བུ་ཡུག། གྲང་རླུང་འུར་འུར་གྱི་དགུན་དུས་ས་གཞི་འཁྱགས་རོམ་གྱིས་དར་ཁ་འགྲིག་པ་སོགས་ཀྱི་རང་བྱུང་གནམ་གཤིས་ལ་མ་འཛེམས་པར་ཆེས་རིན་ཐང་ཆེ་ཤོས་དང་རླབས་ཆེན་གྱི་སྙན་གྲགས། བླ་མེད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ལ་མིའི་རིགས་ཀྱི་འཚོ་གནས་དང་རང་བྱུང་ཁམས་ཀྱི་ཆེད་དུ་རང་སྲོག་ཀྱང་འབུལ་ལོ། །

བསོད་ནམས་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博