http://zw.xzqnb.cn/Content/weixinlogo.png
འདི་ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་སྔ་རྗེས་སུ་བོད་ལྗོངས
http://zw.xzqnb.cn/m/content/2026-05/22/001788.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལྔ་བཞིའི”བྱེད་སྒོ་རབ་དང་རིམ་པར་དཔྱད་གཞི་ཕུལ་དུ་བྱུང་བ།

༄༅། །ང་ནི་ཉམ་ཆུང་གི་ལྗོན་ཤིང་ཞིག་ཡིན།

ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

等待处理…

བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལྔ་བཞིའི”བྱེད་སྒོ་རབ་དང་རིམ་པར་དཔྱད་གཞི་ཕུལ་དུ་བྱུང་བ།

2026年05月22日

འདི་ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་སྔ་རྗེས་སུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལྔ་བཞིའི”བྱེད་སྒོ་རབ་དང་རིམ་པས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་གྲོགས་པོ་ཁྱབ་ཁོངས་སུ་དམིགས་བསལ་ཁྱབ་པ་རེད། མིག་དཔེར་གཟེངས་བསྟོད་བྱེད་པ་ནས་མཛེས་རིག་སློབ་གསོའི་འགྲེམས་སྟོན་བར་དང་། གསར་བརྗེའི་འཁྲབ་སྟོན་ནས་ཁྲག་དྲོན་འགྲན་རའི་བར་སློབ་གྲྭ་ཡོངས་ཀྱི་གཞོན་ནུ་ཚོས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ལྔ་བཞིའི་སྙིང་སྟོབས་ལ་རྣམ་པ་གསར་པ་བཏོན་པ་རེད།

ཟླ་4ཚེས་29ཉིན་སློབ་གྲྭའི་ལོ་འཁོར་གྱི་ལྔ་བཞིའི་གཟེངས་བསྟོད་ཚོགས་ཆེན་དང“ཟླ་བ་ལྔ་པའི་མེ་ཏོག་རྒྱ་མཚོ་·ལང་ཚོའི་གུས་བསྟོད”ཀྱི་མཛེས་རིག་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་དངོས་སུ་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་ལྔ་བཞིའི་དར་དམར་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་། ཕུལ་བྱུང་གི་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་དེ་བཞིན་སློབ་གྲྭ་རིམ་པའི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན་བཅས་ལ་བྱ་དགའ་སྤྲད་པ་དང་། ཚན་རིག་སློབ་སྦྱོང་ཞིབ་འཇུག་པ་དང་། དང་བླངས་ཞབས་ཞུ། སྤྱི་ཚོགས་ལག་ལེན་གྱི་ཁྲོད་འོད་ཟེར་འཕྲོ་བའི་གཞོན་ནུའི་མཉམ་སྡེབ་དང་མི་སྒེར་འབོར་ཆེན་ཞིག་བྱ་དགའ་ལེན་པའི་སྟེགས་བུའི་ཐོག་འཛེགས་ཡོད།

དེ་དང་ཆབས་ཅིག་ “མི་རིགས་སློབ་ཆེན་གྱི་གཞོན་ནུའི” འཕྲིན་སྟེགས་ཐོག་སློབ་གྲྭ་རིམ་པའི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན་གཉིས་ཀྱི་མཛད་རྗེས་སྐོར་གྱི་ཆེད་དོན་བཅར་འདྲི་དུས་གཅིག་ཏུ་སྤེལ་ནས་སློབ་གྲྭ་ཡོངས་ཀྱི་གཞོན་ནུ་ཚོའི་བསྔགས་བརྗོད་དང་བརྒྱུད་སྤེལ་ཐོག་ནས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་“དེ་ནི་ང་ཚོས་རྗེས་འདེད་བྱེད་དགོས་པའི་སྐར་མ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།

བོད་ལྗོངས་མཐའ་སྲུང་འཐབ་འཛིང་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་གདོང་ལེན་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན་ལི་ཅ་མིང་གིས་དམག་ཆས་ཕུད་ཀྱང་རང་ཉིད་ཀྱི“སྐོར་གཡེང་ལམ་བུའི”མཚམས་མ་བཞག་པ་རེད། དམག་ཁོངས་ནས་ཕྱིར་སློབ་གྲྭར་ལོག་རྗེས་ཁོང་གིས་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དང་བླངས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་མི་རིགས་མང་པོའི་སློབ་གྲོགས་ཁྲིད་དེ་བོད་དང་། ཟི་ཁྲོན། ཁྲུང་ཆིང་། ཧྲའན་ཞི་བཅས་ཀྱི་ས་ཆ་མང་པོར་སྐད་གཉིས་སྒྲོག་འགྲེལ་ཐེངས་60ལྷག་ཙམ་བྱས་ཏེ་ཏང་གི་འབོད་སྒྲ་འབྲོག་ཁུལ་གྱི་ཡུལ་མི་ཚོའི་སྒོ་ཁར་སྐྱེལ་བ་དང་། ཚོགས་པ་དེ་གཉིས་ཀར་རྒྱལ་ཡོངས་ཀྱི“ཚོགས་པ་རྩེ་གྲ་བརྒྱའི”གྲས་སུ་ཚུད་པ་མ་ཟད། ཁོང་རང་ཉིད་ལའང་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་མི་སྒེར་གྱི་གྲས་སུ་གཟེངས་བསྟོད་ཐོབ་ཡོད།

ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་ཝང་ཡུས་ཧན་གྱིས་ཆེད་ལས་དེ་རྒྱལ་སྤྱིའི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། སློབ་སྦྱོང་ཨང་དང་པོ་ཡིན་པའི་ཁོང་གིས་བོད་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་དྲིལ་བསྒྲགས་ཡིག་སྒྱུར་གྱི་ལས་དོན་ནང་ཞུགས་ཏེ་བོད་ཀྱི་གཏམ་རྒྱུད་ངོ་མ་ཕྱི་རྒྱལ་གྱི་སྐད་ཡིག་ཏུ་བསྒྱུར་ནས་ནེ་པ་ལའི་རླུང་འཕྲིན་ལས་ཁུངས་བརྒྱུད་ཕྱི་རྒྱལ་དུ་ཁྱབ་ཡོད། ཁོང་གིས་ད་དུང་ས་མཐོའི་ཞིང་ཁར་བརྟག་ཞིབ་གནང་ནས་བོད་ཀྱི་གྱོན་ཆས་རིག་གནས་དང་བོད་ཀྱི་འཕེལ་རྒྱས་བརྟག་ཞིབ་སྙན་ཞུར་བྲིས་ཏེ་རང་ཉིད་ཀྱི་ཆེད་ལས་ལ་བརྟེན་ནས་ཕྱི་ཕྱོགས་ལ་བོད་ངོ་མ་ཤེས་རྟོགས་ཐུབ་པའི་ཟམ་པ་བསྐྲུན་ཡོད།

གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་ཚོགས་པའི་ནང་ཞུགས་པའི་མཛད་སྒོའི་ཐོག་ལང་ཚོའི་དམ་བཅའ་སྙན་ཞིང་ནུས་ལྡན་ཡིན་པས“ལང་ཚོ་ཏང་ལ་ཕྱོགས་པའི”དད་སེམས་སེམས་སུ་བརྐོས་ཡོད།

གཟེངས་བསྟོད་མཇུག་འགྲིལ་རྗེས་ཀྱི་མཛེས་རིག་སློབ་གསོའི་འགྲེམས་སྟོན་གྱིས་ས་གནས་ས་ཐོག་གི་རྣམ་པ་དེ་བས་ཁེངས་སུ་བཅུག་པ་རེད། 《དར་རྒྱས་ཆེ་བའི་དུས་འགྱུར》 《བཀྲ་ཤིས་ཡུལ་ཤུལ》 《ང་ཡི་ཀྲུང་ཧྭ་ལ་དགའ》སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་། མི་རིགས་ཁག་གི་སློབ་མ་ཚོས་གླུ་གར་སྨྱན་སྦྱོར་བྱས་ཏེ་ཆེས་གསོན་ཉམས་ལྡན་པའི་རྣམ་པའི་ཐོག་ནས་ལང་ཚོར་བསྟོད་བསྔགས་དང་མེས་རྒྱལ་ལ་གུས་འདུད་ཞུས་པ་རེད།

དེ་ཙམ་གྱིས་མི་ཚད“ལྔ་བཞིའི”རིང་གི་ཁྱད་ཆོས་ལྡན་པའི་བྱེད་སྒོ་དེ་བས་ཡ་མཚན་པའི་དགའ་སྤྲོ་རྒྱུན་མི་ཆད་པར་སྤེལ་བ་སྟེ། ཟླ་4ཚེས་30ཉིན་དགེ་སློབ་200ཟློས་གར་ཁང་དུ་ཆིན་རྒྱལ་རབས་ཀྱི་གླུ་གཞས《གྲོག་རོང་དམར་པོ》ལྟ་བར་བསྐྱོད་དེ་སྲོལ་རྒྱུན་ཟློས་གར་ཁྲོད་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཚོར་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། ཟླ་5ཚེས་3ཉིན་སློབ་གྲོགས་300ཞན་དབྱང་ཨོ་རྩལ་འགྲན་བསྡུར་ལུས་རྩལ་ལྟེ་གནས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བུད་མེད་རིམ་འདས་མཉམ་འགྲན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་བུ་མོ་ཚོར་ཤུགས་སྣོན་བརྒྱབ་ནས་འབད་འཐབ་ཡར་རྒྱས་ཀྱི་སྙིང་སྟོབས་སེམས་སུ་བརྐོས་པ་དང་། གནའ་རྫས་རྟོག་ཞིབ་ཆེད་ལས་ཀྱི་སློབ་མ་ཚེ་བརྟན་གཡུ་མཚོ་ལང་ཚོའི་གནས་ཚུལ་སྤེལ་བའི་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་ད་དུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལྔ་བཞིའི་དམིགས་བསལ་ལེ་ཚན་ནང་ཞུགས་ཏེ་ས་མཐོའི་བུད་མེད་གནའ་རྫས་རྟོག་ཞིབ་རུ་ཁག་གི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ་རེད།

ལི་ཅ་མིང་གིས་ཕུན་སུམ་ཚོགས་པའི་ལྔ་བཞིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་དེས་སློབ་གྲྭ་ཡོངས་ཀྱི་གཞོན་ནུ་ཚོར་རང་ངོས་མངོན་པ་དང་འབད་བརྩོན་འཚར་ལོངས་ཡོང་བའི་སྟེགས་བུ་བཏོད་ཡོད་ལ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་རྣམས་འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་གསུངས་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博