http://zw.xzqnb.cn/Content/weixinlogo.png
ཉེ་ཆར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས
http://zw.xzqnb.cn/m/content/2026-04/17/001727.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལམ་ལུགས་གསར་གཏོད་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གི་སྒུལ་ནུས་སྐུལ་སློང་བྱས་ཏེ་སྤུས་ལེགས་གྲུབ་འབྲས་གསོ་སྐྱོང་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་ནུས་པ་ཐོན་པ།

སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ལེགས་པར་བསྐྱངས།

བོད་ལྗོངས་ཕག་རི་གྲོང་རྡལ་གྱིས་“གད་སྙིགས་དངུལ་ཁང་”ཅེས་པའི་གཅེས་སེམས་སྣོད་བཅུད་ཀྱི་སྨྱུ་གུར་བརྟེན་ནས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས་པ།

等待处理…

ལམ་ལུགས་གསར་གཏོད་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གི་སྒུལ་ནུས་སྐུལ་སློང་བྱས་ཏེ་སྤུས་ལེགས་གྲུབ་འབྲས་གསོ་སྐྱོང་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་ནུས་པ་ཐོན་པ།

2026年04月17日

ཉེ་ཆར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་དཔྱད་འདེམས་ལས་དོན་གྱི་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་བཟོ་བཅོས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ལ་བྱ་དགའ་སྤྲོད་ཐབས(བཟོ་བཅོས་བྱས་པའི་མ་ཡིག)》ནང་ཚན་རིག་དང་འཐུས་སྒོ་ཚང་བའི་ལམ་ལུགས་མ་ལག་སྣེ་ཁྲིད་དུ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལྟེ་བའི་དམིགས་ཚད་གཏན་འཁེལ་བྱས་ཏེ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ས་མཐོར་གཞི་ཚུགས་པ་དང་ལག་ལེན་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་གཞུང་གི་འདེགས་སྐྱོར་དང་བློ་རིག་འགན་སྲུང་ཐུབ་ཡོད།

ཡོངས་བསྒྲགས་ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ལ་བྱ་དགའ་སྤྲོད་ཐབས(བཟོ་བཅོས་བྱས་པའི་མ་ཡིག)》ནི་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ལམ་ལུགས་འགན་ལེན་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་བཟོ་བཅོས་དེས་བོད་ཀྱི་དོན་དངོས་འཕེལ་རྒྱས་དང་དམ་པོར་འབྲེལ་ནས་བྱ་དགའ་དཔྱད་བསྡུར་གྱི་རིམ་པ་གཏན་འཁེལ་དང་། ཞིབ་དཔྱད་ལམ་སྲོལ། རེ་ཞུ་སྐུལ་ལྕག་བཅས་ཕྱོགས་གསུམ་གྱི་ཐད་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དེ་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞལ་འདེགས་ཞུ་བ། བྱ་ཐབས་ཐད་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། རིག་གཞུང་གི་ཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་ཞིབ་དཔྱད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཅིང་། རིམ་པ་གསུམ་པའི་ཞིབ་དཔྱད་བརྒྱུད་རིམ་ལེགས་སུ་བཏང་ནས་བརྒྱུད་རིམ་ཧྲིལ་པོར་བོད་དང་འབྲེལ་བ་ཡོད་པའི་ལྗོངས་ཕྱིའི་སྙན་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་རང་ཚུགས་ཀྱིས་ཞིབ་དཔྱད་བྱས་ཏེ་གཡོལ་ཐབས་ནན་པོ་དང་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་བཞག་ནས་ཞིབ་དཔྱད་དྲང་གཞག་ཡོང་བའི་འགན་ལེན་བྱེད་པ། ཚན་རིག་ཞིབ་འཇུག་གི་ཁ་དན་ཚིག་གནས་ཆད་གཅོད་བསླབ་འདོམས་ལམ་སྲོལ་གསར་དུ་བསྣན་ནས་གཟེངས་བསྟོད་ཀྱི་གྲངས་འབོར་ཚོད་འཛིན་ནན་པོ་བྱེད་པ་དང་། “ཁོ་ན་ལྔ་”ཡི་ངན་རེངས་རྩ་མེད་དུ་གཏོང་བ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་བོད་ལ་འཛོམས་ནས་དངོས་ཡོད་གནད་དོན་ཞིབ་འཇུག་སྤེལ་བར་ཁྲིད་སྟོན་བྱས་ཡོད།

བྱེད་ཐབས་གསར་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བརྒྱུད་བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་དཔྱད་འདེམས་བྱས་ནས། བོད་ཀྱི་འཕེལ་རྒྱས་དགོས་མཁོར་དམ་པོར་དམིགས་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཁག་30ཐོན་པ་དང་གྲུབ་འབྲས་ཀྱི་སྤུས་ཚད་དང་ལག་ལེན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། དེའི་ནང་63.3%དངོས་ཡོད་ཉེར་སྤྱོད་རིགས་ཀྱི་གྲུབ་འབྲས་ཡིན་པ་དང་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས། དམངས་འཚོ་ལེགས་བཅོས། བོད་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཁྱབ་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་དང་ཞིབ་འཇུག་གྲོས་འགོ་མང་པོ་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ལ་ཐད་ཀར་ཞབས་ཞུ་བྱེད་པ། སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་བྱེད་པ། 36.7%རྨང་གཞིའི་ཞིབ་འཇུག་གྲུབ་འབྲས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ཟབ་མོ་བྱེད་དགོས་པ་དང་། གནའ་གཞུང་ལེགས་སྒྲིག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་སོགས་ཀྱི་ཁྱབ་ཁོངས་སུ་ཟབ་འདེབས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་གཏོད་ཆེད་ལོ་རྒྱུས་དང་རིག་གཞུང་གི་རྨང་གཞི་བརྟན་པོ་བཏིང་ཡོད།

རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཟོ་བཅོས་བརྒྱབ་རྗེས་ཀྱི་བྱ་དགའ་སྤྲོད་པའི་བྱ་ཐབས་རྒྱུན་མཐུད་ཡག་པོ་སྤྱད་དེ་ཕུགས་ཕན་ལམ་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་ལས་དོན་པའི་གསར་གཏོད་གསར་སྐྲུན་ཀྱི་གསོན་ཤུགས་འཕེལ་བ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་སྟོབས་ཤུགས་ཀྱིས“དོན་ཆེན་བཞིར”དམིགས་ནས་“གསར་གཏོད་བཞིར” སྟོབས་ཤུགས་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྤུས་ལེགས་གྲུབ་འབྲས་དེ་བས་མང་བ་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་ཆེད་སྤྱི་ཚོགས་ཚན་རིག་གི་བློ་གྲོས་དེ་བས་གཏིང་ཟབ་ཀྱིས་བྱས་རྗེས་འཇོག་རྒྱུ་དེ་ཡིན།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博