西藏青年报藏文版གལ་ཆེའི་གསར་འགྱུར། ལམ་ལུགས་གསར་གཏོད་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གི་སྒུལ་ནུས་སྐུལ་སློང་བྱས་ཏེ་སྤུས་ལེགས་གྲུབ་འབྲས་གསོ་སྐྱོང་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་ནུས་པ་ཐོན་པ། སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ལེགས་པར་བསྐྱངས། བོད་ལྗོངས་ཕག་རི་གྲོང་རྡལ་གྱིས་“གད་སྙིགས་དངུལ་ཁང་”ཅེས་པའི་གཅེས་སེམས་སྣོད་བཅུད་ཀྱི་སྨྱུ་གུར་བརྟེན་ནས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས་པ།

放大 缩小 默认

སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ལེགས་པར་བསྐྱངས།

འདི་ནི་སློབ་མས་རྩམ་པ་འཐག་བཞིན་པ།

ཉེ་ཆར་གྲོང་ཚོ་རིམ་པ་དང་ཤང་རིམ་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་ཁྲོད། ཁ་རུབ་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་ལོ་ལོན་པའི་སློབ་མ་ཆེད་མངགས་སྒྲིག་འཛུགས་བྱས་ནས། སྲོལ་རྒྱུན་གྱི་ཐོན་སྐྱེད་རྩལ་ནུས་ཀྱི་ཉམས་ལེན་བྱེད་སྒོར་ཞུགས་ཏེ། ས་ཆ་དངོས་སུ་རྩམ་པ་འཐག་པ་དང་ཇ་བསྲུབས་མ་བཟོ་བ་སོགས་ཆབ་མདོའི་ས་གནས་དེ་གའི་དམངས་སྲོལ་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྩལ་ནུས་ཀྱི་ཉམས་ལེན་རྣམ་གྲངས་བཀོད་སྒྲིག་བྱས་ཁར། ས་གནས་དེ་གའི་སྲོལ་རྒྱུན་གྱི་རྩལ་ནུས་ལ་བྱང་ཆུབ་པའི་རྒན་རབས་དང་དམངས་ཁྲོད་ཀྱི་འཇོན་ཐང་ཅན་ས་ཆ་དངོས་སུ་སློབ་ཁྲིད་དང་མཛུབ་ཁྲིད་བྱེད་པར་གདན་དྲངས་ནས་དེ་སྔོན་གྱི་རིག་གནས་དྲིལ་བསྒྲགས་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤེས་ཚོར་དང་ཉམས་ལེན་ཐུབ་པར་བྱས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明