http://zw.xzqnb.cn/Content/weixinlogo.png
སྣོད་བཅུད་ཕུན་སུམ་ཚོགས་པའི་ས་གཞི་རིལ་མོ་འདིའི་སྟེང་ལ་འཚོ་ཞིང
http://zw.xzqnb.cn/m/content/2026-03/27/001697.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བྱིས་དུས་ཀྱི་འཚོ་བ།

༄༅། །དུས་ཚོད་ཀྱི་རིན་ཐང་།

རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚ

སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བ་སྐྱེལ།

等待处理…

༄༅། །དུས་ཚོད་ཀྱི་རིན་ཐང་།

作者 བློ་བཟང་ཕུན་ཚོགས།
2026年03月27日

སྣོད་བཅུད་ཕུན་སུམ་ཚོགས་པའི་ས་གཞི་རིལ་མོ་འདིའི་སྟེང་ལ་འཚོ་ཞིང་གནས་པའི་སྐྱེ་འགྲོ་ཞིག་གི་ངོས་ནས་བརྗོད་ན་རིན་བྲལ་གྱི་དུས་ཚོད་ནི་ཧ་ཅང་རྩ་ཆེན་ཞིག་ཡིན།

དུས་ཚོད་ནི་བར་མི་ཆད་པར་སྐྱོད་བཞིན་ཡོད། དེ་ལ་བཀག་འགོག་ཐུབ་མཁན་གྱི་སྐྱེ་བོ་གཅིག་ཀྱང་དབེན་པའི་རྐྱེན་གྱིས་དུས་རྒྱུན་མི་རྣམས་ཀྱི་ཁ་རྒྱུན་ལ་དུས་ཚོད་གསེར་ལས་དཀོན་ཞེས་གྲགས། ང་ཚོ་སྐྱེས་པ་ནས་ད་ལྟའི་བར་ཕྲུ་གུ་དམར་འབྱར་སྦར་མོ་གང་ཙམ་ཞིག་ནས་ད་ལྟ་ལང་ཚོ་དར་ལ་བབས་པའི་གཞོན་ནུ་ཞིག་ཏུ་གྱུར་ཟིན། དེ་དག་གི་ཁྲོད་ནས་ང་ཚོར་དུས་ཚོད་ཕྱིར་ལོག་བརྒྱབ་རྒྱུ་མེད་པ་མཚོན་པ་མ་ཡིན་ནམ། ང་ཚོས་ནམ་རྒྱུན་ནས་དེ་རིང་གི་ལས་ཀ་དེ་རིང་སྒྲུབ་དགོས་པ་དང་སང་ཉིན་གྱི་ལས་ཀ་དེ་སང་ཉིན་འགྲུབ་པ་མ་གཏོགས། དེ་རིང་གི་ལས་ཀ་སང་ཉིན་ལ་བསྐྱུར་བ་དང་སང་ཉིན་གྱི་ལས་ཀ་གནངས་ཉིན་ལ་བསྐྱུར་ནས་བཞག་ན་ནམ་ཡང་ལེགས་འགྲུབ་མི་ཡོང་བས། རིན་བྲལ་དུས་ཚོད་ནི་བདག་ཅག་ལ་ལམ་ཡང་དག་སྟོན་པའི་སློབ་དཔོན་ལྟ་བུ་ཡིན།

དུས་ཚོད་ཀྱི་རིན་ཐང་དེ་དག་ལ་ང་ཚོས་ཟབ་མོ་ཡང་དག་གི་ལམ་ནས་དཔྱད་ཞིབ་བྱས་ནས་ དེ་ལ་དཔག་པའི་འཆར་གཞི་ཀུན་གསལ་མེ་ལོང་ཞིག་བྲིས་ན་ལེགས། ད་ལྟ་ང་ཚོ་ལང་ཚོ་དར་ལ་བབས་པའི་དུས་ལ་རིག་པ་དྭངས་ཤིང་བློ་རིག་གསལ་བ་དང་། ནང་སེམས་ལ་ནག་ནོག་གི་དྲི་མས་མ་འགོས་པས་སློབ་ལ་གཞོལ་བའི་དུས་ཡིན། གནའ་མིའི་གཏམ་ལས་“བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ལ་སྐྱེས་ན་གླེན་པ་ཡིན་”ཞེས་པ་ལྟར་ད་ལྟ་ཤེས་རབ་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ལྕག་གིས་སྐུལ་ཏེ། རིག་གཞུང་ལ་བརྩོན་འགྲུས་བྱས་ན་རྒྱུ་ལས་འབྲས་བུ་བྱུང་བའི་དཔེ་ལྟར་མ་འོངས་པ་ལ་རང་ཉིད་ལ་འབྲས་བཟང་ཐོབ་ངེས། དེར་བརྟེན་སྔོན་བྱོན་མཁས་པས“ཆུང་དུས་ཡོན་ཏན་མ་སྦྱངས་ན། །ཆེ་དུས་ངུས་ནས་འགྱོད་ཀྱང་ཕྱི། །”ཞེས་གསུངས། དུས་ཚོད་ནང་རེ་བས་ཁེངས་པའི་མ་འོངས་པའི་དུས་ཡོད་ལ་མཛེས་ཤིང་ཡིད་དུ་འོང་བའི་དུས་འདས་པ་ཡང་ཡོད། དུས་ཚོད་ཀྱི་རིན་ཐང་ནི་མུ་མཐའ་མེད་པའི་ནམ་མཁའ་དང་གཏིང་དཔོག་པར་དཀའ་བའི་ཆུ་གཏེར་དང་ཡང་མཚུངས་པས། བདག་བློ་དམན་པས་བརྗོད་པར་མ་ནུས་ཀྱང་དོན་གྱི་སླད་དུ་ཞུས་པ་ཡིན།

གནའ་མིའི་གཏམ་ལས་“དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ”ཞེས་པ་ལྟར་སྐྱེ་བོ་ཡོངས་རྨོངས་པའི་མུན་པ་ལས་བསངས་ཏེ། དུས་ཚོད་ཀྱི་རིན་ཐང་རྟོགས་པ་དང་མི་ཚེ་དོན་ལྡན་ཞིག་ཡོང་བར་སྙིང་ཁོང་རུས་པའི་གཏིང་ནས་སྨོན་ནོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༨(༡)

ཟུར་ཁྲིད་དགེ་རྒན། པད་མ་བདེ་ཆེན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博