http://zw.xzqnb.cn/Content/weixinlogo.png
མིག་དཔེ་ནི་ང་ཚོ་ཡར་རྒྱས་ཡོང་བར་བྱེད་པའི་སྐྱོབ་ཐག་ཅིག་ཡིན། འཚོ
http://zw.xzqnb.cn/m/content/2026-03/06/001667.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཔེ་ཀློག་གི་རིན་ཐང་།

༄༅། །ངའི་སེམས་ནང་གི་མིག་དཔེ་བཟང་པོ།

༄༅། །བདེ་སྐྱིད་གང་དུ་ཡོད།

等待处理…

༄༅། །ངའི་སེམས་ནང་གི་མིག་དཔེ་བཟང་པོ།

作者 ཡེ་ཤེས་བདེ་སྐྱིད།
2026年03月06日

མིག་དཔེ་ནི་ང་ཚོ་ཡར་རྒྱས་ཡོང་བར་བྱེད་པའི་སྐྱོབ་ཐག་ཅིག་ཡིན། འཚོལ་ཤེས་ན་ང་ཚོའི་འགྲམ་དུ་མིག་དཔེ་བཟང་པོ་མང་པོ་ཡོད་ངེས། སློབ་སྦྱོང་ཐད་ཀྱི་མིག་དཔེ་དང་། གླུ་དང་བྲོ་ཡི་མིག་དཔེ། ལུས་རྩལ་ཐད་ཀྱི་མིག་དཔེ་ཡ་རབས་སྤྱོད་བཟང་ཐད་ཀྱི་མིག་དཔེ་ལ་སོགས་ཤིན་ཏུ་མང་། ངའི་མིག་དཔེ་བཟང་པོ་ནི་ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་བུ་མོ་ཞིག་ཡིན། མོ་ནི་སློབ་སྦྱོང་དང་ཀུན་སྤྱོད་ལེགས་པའི་བུ་མོ་བཟང་པོ་ཞིག་ཡིན།

ལོ་རིམ་བརྒྱད་པར་སླེབས་རྗེས་ང་ཚོ་འཛིན་གྲྭ་དཀྲུགས་པ་དང་། ངེད་གཉིས་མཉམ་དུ་ཁེལ་བ་རེད། ངས་ཐེངས་དང་པོ་མོ་མཐོང་བ་དང་། མོ་ནི་ཞེ་སྡང་ལྡན་ཞིང་སྐད་ཆ་ཤོད་པར་མི་དགའ་བའི་བུ་མོ་ཞིག་རེད་སྙམ་གྱི་ཡོད། ང་མོ་དང་དུས་ཡུན་རིང་པོ་ཞིག་ནང་སྐད་ཆ་ཚིག་གཅིག་ཀྱང་ཤོད་མྱོང་མེད་ལ། ངས་མོ་ལ་དེ་ལྟ་བུའི་ཁྱད་དུ་འཕགས་པའི་ཡོན་ཏན་ལྡན་པ་ཡང་གཏན་ནས་མི་ཤེས།

དགུན་ཁའི་ངལ་གསོ་བཞག་ནས་ཡར་འདུ་བ་དང་། དུས་ཡུན་རིང་པོ་མ་སོང་བར་མོས་ཉིང་ཁྲིར་སོང་བའི་སྐོར་གྱི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པ་རྒན་ལགས་ཀྱིས་སློབ་ཁང་དུ་བཀླགས་པས། རྩོམ་ཡིག་དེ་རྣ་བར་ཐོས་མ་ཐག་རྩོམ་པ་པོ་གྲགས་ཅན་ཞིག་གི་ཕྱག་སྨྱུག་ལས་བྱུང་བ་ལྟར་ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་ཤིན་ཏུ་རྣ་བར་འཇེབས་པས་ང་རིམ་བཞིན་མོ་རང་ལ་དགའ་སྣང་སྐྱེས། དེ་ཙམ་མ་ཟད། མོ་ལ་དགའ་དགོས་པའི་དོན་གཞན་ཞིག་ནི་མོ་རང་གླུ་དབྱངས་ལེན་རྒྱུར་དགའ་པོ་ཡོད་པ་མ་ཟད། ད་དུང་བློ་ཁོག་ཀྱང་ཤིན་ཏུ་ཆེ་བ་དང་། དུས་རྒྱུན་ལག་རྩེད་སྤོ་ལོ་རྒྱག་པར་དེ་བས་དགའ།

མོ་རང་ལ་གོང་གསལ་གྱི་ཁྱད་ཆོས་དེ་དག་ལྡན་པ་མ་ཟད། སློབ་སྦྱོང་ལ་འབད་བརྩོན་ཆེ་ཞིང་། རང་གིས་རང་ལ་ཡིད་ཆེས་དང་སྤོབས་པ་ལྡན་མཁན་ཞིག་ཡིན། སྤྱོད་པ་ནི་ཤོད་མི་དགོས་པར་དཀར་འཇམ་ལུག་བལ་ལྟར་ཞི་ཞིང་དུལ་ལ། ངེད་གཉིས་ནི་ཕ་ཡུལ་གཅིག་པ་ཡིན་རུང་ཁྱད་པར་ཆེན་པོ་ཤོར་ཡོད། དེ་ནི་གཙོ་བོ་ངས་གོ་སྐབས་དམ་འཛིན་མ་བྱས་པ་དང་བློ་ཁོག་ཆེན་པོ་མེད་པའི་རྐྱེན་གྱིས་ཡིན་ངེས་སྙམ།

ངའི་མིག་དཔེ་བཟང་པོ་དཀར་གཡང་མཚོ་ནི་གདོང་ལ་སྣུམ་ཞག་འཁྱིལ་ལེར་ཡོད་ཅིང་། ཞལ་རས་འཛུམ་གྱི་འཇའ་ཚོན་འཁྲིགས་པའི་བུ་མོ་ཞིག་ཡིན། ད་ནས་བཟུང་ངས་མོ་ལ་མིག་དཔེ་བལྟས་ནས་རང་གི་སློབ་སྦྱོང་དང་སྤྱོད་ལམ། གོམས་གཤིས་བཅས་ཚང་མ་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་བརྩོན་བྱེད་ངེས་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博