http://zw.xzqnb.cn/Content/weixinlogo.png
མིའི་མི་ཚེ་ནི་དཔེ་དེབ་མཐུག་པོ་ཞིག་དང་འདྲ། དཔེ་དེབ་ནང་གི་དཀར་ག
http://zw.xzqnb.cn/m/content/2026-03/06/001666.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཔེ་ཀློག་གི་རིན་ཐང་།

༄༅། །ངའི་སེམས་ནང་གི་མིག་དཔེ་བཟང་པོ།

༄༅། །བདེ་སྐྱིད་གང་དུ་ཡོད།

等待处理…

༄༅། །དཔེ་ཀློག་གི་རིན་ཐང་།

作者 བསྟན་འཛིན་སྣང་གསལ།
2026年03月06日

མིའི་མི་ཚེ་ནི་དཔེ་དེབ་མཐུག་པོ་ཞིག་དང་འདྲ། དཔེ་དེབ་ནང་གི་དཀར་གཙང་ཤོག་བུ་དག་ནི་ཨ་མའི་ཤ་ཁོག་ནས་སྐྱེས་མ་ཐག་པའི་བྱིས་པ་དག་དང་འདྲའོ། །དེ་ནས་རིམ་བཞིན་འཚོ་བའི་ནང་མི་དང་བྱ་བ་སྣ་ཚོགས་འཕྲད་རྗེས། ཤོག་བུ་དཀར་པོ་དེ་ཡང་ཉི་མ་རེ་རེ་བཞིན་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ་དེའི་ཐོག་ཏུ་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་དང་ཡང་ན་ནག་ནོག་རྙོག་འཛིང་འདྲེས་པའི་ཐལ་རྡུལ་སོགས་ཀྱིས་ཁེངས་ཡོད། དེ་དག་ནི་དཀར་འཇམ་ཤོག་བུའི་སྟེང་གི་ནང་དོན་རེད་ལ་མི་ཚེའི་ལམ་བུའི་སྟེང་གི་རྗེས་ཤུལ་འབའ་ཞིག་མ་ཡིན་ནམ།

ང་ཚོས་རང་ཉིད་ཀྱི་མི་ཚེའི་དཔེ་དེབ་དེ་ཇི་ལྟར་བདག་གཅེས་དང་ཇི་ལྟར་ཡང་ནས་ཡང་དུ་ལྟ་ཐུབ་པ་ཡིན་ན། བྱས་པའི་བྱ་བ་དང་འགྲོ་སའི་ལམ་ལ་མ་ནོར་བར་ལེགས་ཉེས་ཀྱི་དབྱེ་མཚམས་གསལ་པོར་ཕྱེ་ཐུབ་ངེས་ཡིན་པ་གདོན་མི་ཟ། རྒྱུན་དུ་མི་རྣམས་ཀྱིས་བཟང་ཕྱོགས་ཀྱི་བྱ་བ་བྱས་ན་དེ་ལ་རིན་ཐང་ཆེ་བའི་སྐོར་དང་ཕན་ཐོགས་ཡོད་པའི་སྐོར་བཤད་པ་མ་ཟད། ལ་ལས་ལག་རྩལ་ལས་རིགས་སོགས་སྦྱང་ན་ལེགས་པ་དང་། ལ་ལས་མིང་གྲགས་ཆེ་བའི་སློབ་གྲྭ་ཆེན་མོར་རྒྱུགས་ལོན་ན་བཟང་བ་དང་། ཡང་ཁ་ཅིག་གིས་རང་ཉིད་ཀྱིས་སྐྱེལ་འདོད་པའི་འཚོ་བ་ཞིག་ལ་རོལ་ན་དེ་ལས་སྐྱིད་པ་མེད་པའི་སྐོར་སོགས་གསུང་མཁན་ཧ་ཅང་མང་ཡང་བུ་མོ་ངའི་ངོས་ནས་བརྗོད་ན་དཔེ་ཀློག་ནི་རིན་ཐང་ཆེ་ཤོས་དེ་རེད་བསམ་བཞིན་ཡོད།

དཔེ་ཀློག་ཅེས་པ་ནི་ནང་དོན་ལ་བསམ་བློ་གཅིག་ཀྱང་མི་གཏོང་བར་དཔེ་དེབ་ཧ་ཅང་མང་པོ་བཀླགས་པ་ལ་མི་ཟེར་བར། དཔེ་ཆ་གང་རུང་བཀླགས་རྗེས་དེའི་ནང་གི་ཤེས་བྱ་ཡོན་ཏན་བསྡུ་ལེན་བྱས་ནས་ཤེས་པ་བྱེད་རྒྱུ་དེ་ལ་ཟེར། འཇིག་རྟེན་འདིར་དྲིན་ཤིན་ཏུ་ཆེ་བའི་གཏམ་ཚིག་གཉིས་ཡོད་དེ། དཔེ་དེབ་ནི་མིའི་རིགས་ཡར་རྒྱས་ཡོང་བའི་སྐས་འཛེགས་དང་། དཔེ་དེབ་ནང་དུ་གསེར་གྱི་ཁང་པ་ཡོད་ཅེས་པ་དེ་གཉིས་རེད། དཔེ་དེབ་ནི་ང་ཚོའི་མདུན་ལམ་གྱི་ལམ་སྟོན་སྒྲོན་མེ་ཡིན་ལ་འཚོ་བའི་ཀ་བ་བརྟན་པོ་ཞིག་ཀྱང་ཡིན། དཔེ་དེབ་ཀྱིས་ང་ཚོར་མི་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས་བསླབས་པ་མ་ཟད། ང་ཚོའི་མཐོང་རྒྱ་ཐོས་རྒྱ་ཇེ་ཆེར་ཕྱིན་ནས་ཡངས་པའི་རྒྱ་མཚོ་ལྟར་བསྐྲུན་སྲིད་ངེས། ཀློག་པ་པོ་རྣམས་ཀྱིས་འདི་འདྲའི་གནས་ལུགས་ལ་མོས་མཐུན་མེད་པ་ཡོད་མི་སྲིད། ཤེས་བྱ་ཡོན་ཏན་ནི་དགེ་རྒན་གྱིས་སློབ་ཁྲིད་བྱས་པ་དང་སློབ་གཞི་ཁོ་ན་ལས་ཡོང་བ་ཞིག་ཡིན་པའི་ངེས་པ་མེད། ཁྱེད་རྣམ་པས་གསན་དང་། དཔེ་ཀློག་མང་པོ་བྱས་ན་སློབ་དེབ་ནང་མེད་པའི་ཤེས་བྱ་ཕུན་སུམ་ཚོགས་པོ་ཞིག་རང་ཉིད་ཀྱི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་གནས་ཐུབ་ལ་དེས་ཀྱང་མ་འོངས་མི་ཚེའི་ཁྲོད་ཀྱི་དཀའ་ཁག་དུ་མ་སེལ་བ་དཔེར་ན། དཔེ་ཀློག་ལ་དགའ་བའམ་བརྩོན་འགྲུས་ཅན་གྱི་སློབ་མ་ལྟ་བུར་མཚོན་ན་དུས་རྒྱུན་གྱི་ཡིག་རྒྱུགས་སོགས་ལ་ཐད་ཀར་ཁ་གཏད་གཅོག་ཐུབ་པ་མ་ཟད་སློབ་མ་ཕལ་མོ་ཆེ་ནར་སོན་རྗེས་སྤྱི་ཚོགས་ལ་གདོང་ལེན་བྱེད་ནུས་པ་དང་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་སྲིད། དེ་མིན་འཚོ་བའི་ཁྲོད་སྐབས་རེ་ང་རྒྱལ་ཁོང་ཁྲོ་ལངས་པའམ་སེམས་སྡུག་ཚད་མེད་བྱུང་བའི་སྐབས་དཔེ་ཀློག་བྱས་ན་དེས་ཐུགས་སེམས་ཞི་ལྷོད་དུ་གནས་པར་ཤིན་ཏུ་ཕན།

འདིར་གུས་མོས་རྒྱ་ཆེའི་ཀློག་པ་པོ་དག་ལ་རང་སྟེང་དུ་འཕྲད་མྱོང་བའི་དཔེ་ཀློག་དང་འབྲེལ་བའི་གནས་ཚུལ་ཞིག་མཉམ་སྤྱོད་བྱེད་འདོད་ཡོད། དེ་སྔོན་ལོ་རིམ་དྲུག་པའི་སྐབས་སུ་བདག་གི་སློབ་སྦྱོང་སྦྱངས་འབྲས་ཅུང་ཙམ་ཡག་པོ་ཡོད་མོད། སློབ་དུས་གཉིས་པ་དེར་སྦྱངས་འབྲས་དང་སྐར་གྲངས་སོགས་གང་ཅིའི་ཐད་ཞན་དུ་ཕྱིན་ནས་དགེ་རྒན་དང་ནང་མི་ཀུན་གྱིས་བཀའ་སྐྱོན་ཚད་མེད་གནང་བས། ཁོ་མོ་ནི་སྡུག་བསྔལ་གྱིས་ཁེངས་ནས་མགོ་བོ་དགྱེ་མ་ཐུབ་མཁན་གྱི་ནུས་མེད་བྱིའུ་ཆུང་ལྟ་བུར་གྱུར་སོང་། དེའི་དུས་ངའི་སྤོ་བོ་ལགས་ནས་སློབ་གསོ་གནང་དོན། དཔེ་དེབ་འདྲ་མིན་དང་ལྷག་པར་དུ་རང་གི་སེམས་ཁམས་དང་འཐད་པའི་སློབ་དེབ་བལྟ་དགོས་ཚུལ་སོགས་ཞལ་ཏ་བདུད་རྩི་འདྲ་བ་གནང་བས། རྗེས་སུ་ངས་དེ་ལྟར་དོན་འཁྱོལ་བྱས་རྐྱེན་དངོས་གནས་སྐོམ་པར་ཆུ་འདོད་ལྟར་སྦྱངས་འབྲས་སྒོ་ཀུན་ནས་ཡར་རྒྱས་བྱུང་ནས་རྗེས་སོར་དཔེ་ཀློག་ལ་དགའ་མཁན་ཞིག་ཀྱང་ཆགས་སོང་།

དངོས་གནས་འཇིག་རྟེན་འདིར་ཁྱེད་ལ་ཕན་ཐོགས་པའི་ནོར་བུ་རིན་པོ་ཞིག་དགོས་ཟེར་ན་དེ་ནི་རིན་བྲལ་གྱི་དཔེ་ཀློག་ཁོ་ན་ལས་མ་འདས་སོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༨(༣)

ཟུར་ཁྲིད་དགེ་རྒན། ཚེ་རིང་དབྱངས་ཅན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博