http://zw.xzqnb.cn/Content/weixinlogo.png
རྒྱལ་ཡོངས་སུ་གྲོང་ཁྱེར་དང་རྫོང་རིམ་པའི་ལས་རྣམ་གསར་པའི་བཟོ་ཚོ
http://zw.xzqnb.cn/m/content/2026-02/27/001650.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཏན་ཏིག་ཁུར་བ།

དགུན་གསེང་འཚོ་བ་ཕུན་སུམ་ཚོགས། བྱིས་པའི་དགའ་མོས་སྐྱེད་སྲིང་བྱེད།

ལོ་གསུམ་ནང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་ཁྲི་སྟོང་ལྷག་ཙམ་ཟིན་པ།

等待处理…

ལོ་གསུམ་ནང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་ཁྲི་སྟོང་ལྷག་ཙམ་ཟིན་པ།

2026年02月27日

རྒྱལ་ཡོངས་སུ་གྲོང་ཁྱེར་དང་རྫོང་རིམ་པའི་ལས་རྣམ་གསར་པའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཁྲི་1.2ལྷག་ཙམ་བཙུགས་པ་དང་ཉེ་བའི་ལོ་གསུམ་ནང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་ཁྲི་1073.6འཕེལ་རྒྱས་བཏང་ཡོད་པ་རེད།

བཟོ་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལོ་གསུམ་བྱ་སྤྱོད་2023ལོ་ནས་སྤེལ་འགོ་བཙུགས་ཚུན། ངལ་རྩོལ་པར་སེམས་ཁུར་བྱ་རྒྱུར་དམིགས་ཏེ། ཚོགས་པ་འཛུགས་པ་དང་ཚོགས་པའི་ནང་ཞུགས་པ་དང་། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ། རྩལ་ནུས་གསོ་སྦྱོང་སོགས་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་ཐོན་ནས་མགོ་གནས་ལས་སྟེགས་ཁེ་ལས་12ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་ཚོགས་པ་འཛུགས་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་དང་། གཙོ་གནད་ལས་སྟེགས་ཁེ་ལས་7གྱིས་གཙོ་གནད་གྲོང་ཁྱེར་གྱི་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་ཚོགས་པ་འཛུགས་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་རེད། གཞན་ཡང་ལས་སྟེགས་ཁེ་ལས་15ཡིས་རྩིས་ཐབས་དང་ངལ་རྩོལ་སྒྲིག་སྲོལ་གྱི་གྲོས་མོལ་བྱས་པ་དང་ཆབས་ཅིག མཉམ་སྡེབ་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་པ་དེ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་2000ལྷག་ཙམ་ལ་ཁྱབ་ཡོད།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རིམ་ཁག་བཟོ་ཚོགས་ཀྱིས་ཞབས་ཞུའི་གཡུལ་ས་རྒྱུན་མཐུད་ལེགས་སུ་བཏང་ནས་གཅེས་སྐྱོང་བྱེད་སྒོ་སྤེལ་ཡོད། བཟོ་ཚོགས་ཀྱི་ས་ཚུགས་ཁྲི་18ཙམ་དང་། “ཁ་ལོ་བའི་ཁྱིམ་ཚང”སོགས་ཁྲི་1ལྷག་ཙམ་བཙུགས་པ་དང་12351བཟོ་ཚོགས་ཀྱིས་ལས་བཟོར་ཞབས་འདེགས་ཞུ་བའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་པ་ནས་བཟུང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁ་པར་ཁྲི་3.43ཙམ་ཉན་པ་རེད། བཟོ་ཚོགས་ཀྱིས་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ནས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མི་ཐེངས་ཁྲི་556ལ་འཚམས་འདྲི་བྱས་པ་དང་། མི་ཐེངས་ཁྲི་2200ལ“བཟོ་ཚོགས་ཀྱི་གཅེས་སེམས་ཟ་མ”སྤྲད་པ། བཟོ་ཚོགས་ཀྱིས་མི་ཐེངས་ཁྲི་70ལ་གཟུགས་པོར་བརྟག་དཔྱད་བྱས་པ། བཟོ་ཚོགས་ལས་བཟོའི་རོགས་རེས་ཀྱི“ཆེད་དོན་གྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་ལེན”གྱི་འགན་བཅོལ་ནང་ཞུགས་མཁན་ཁྲི་247.8ཟིན་ཡོད་པ་རེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་དུང་བཟོ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཆེད་དོན་བྱ་སྤྱོད་ཀྱི་སྤྱིའི་ཇུས་གཞི་བཀྲམ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་པ་རེད།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博