西藏青年报藏文版གལ་ཆེའི་གསར་འགྱུར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཏན་ཏིག་ཁུར་བ། དགུན་གསེང་འཚོ་བ་ཕུན་སུམ་ཚོགས། བྱིས་པའི་དགའ་མོས་སྐྱེད་སྲིང་བྱེད། ལོ་གསུམ་ནང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་ཁྲི་སྟོང་ལྷག་ཙམ་ཟིན་པ།

放大 缩小 默认

དགུན་གསེང་འཚོ་བ་ཕུན་སུམ་ཚོགས། བྱིས་པའི་དགའ་མོས་སྐྱེད་སྲིང་བྱེད།

ཉེ་ཆར། “ཉི་འོད་དབང་སྐྱོན་བྱིས་པའི་སྤྱི་ཕན་དགའ་མོས་འཛིན་གྲྭ”ཐོག་མ་བོད་ལྗོངས་ལྷ་སར་གཉེར་འགོ་ཚུགས་ཤིང་། དགའ་མོས་འཛིན་གྲྭ་དེ་2026ལོའི་དགུན་གསེང་རིང་དུས་ཐེངས་གཉིས་སུ་ཕྱེ་ནས་གཉེར་བཞིན་ཡོད་པ་རེད། འཛིན་གྲྭ་དེར་ལུས་སྦྱོང་དང་། ཡིག་གཟུགས། མཛེས་རྩལ་སོགས་སློབ་ཚན་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་དབང་སྐྱོན་བྱིས་པའི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྲུ་གུ་ཚོས་གཟུགས་པོར་སྦྱོང་བརྡར་བྱེད་ཞོར་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། དགའ་ཕྱོགས་སྐྱེད་སྲིང་བཅས་བྱ་ཆེད་རེད། འདི་ནི་དབང་སྐྱོན་བྱིས་པ་རྣམས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དུ“ཉི་འོད་དབང་སྐྱོན་བྱིས་པའི་སྤྱི་ཕན་དགའ་མོས་འཛིན་གྲྭའི”ལུས་སྦྱོང་སློབ་ཚན་ནང་ཞུགས་བཞིན་པ།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明