http://zw.xzqnb.cn/Content/weixinlogo.png
ཟླ་10ཚེས་31ཉིན་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ས་ཁུལ་ག
http://zw.xzqnb.cn/m/content/2025-11/14/001487.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ཀྱི་རིག་ནུས་ཅན་གྱི་འོས་འགུགས་དང་འོས་འཇུག་གི་བསྒྱུར་བཅོས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

ཏང་ལ་བསྟོད་གླུ་འབུལ། རྒྱང་ལམ་གསར་པར་སྐྱོད།

2025ལོའི་དུས་ཚིགས་སྔོན་མ་གསུམ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་དོ་སྙོམས་བྱུང་བ།

等待处理…

2025ལོའི་དུས་ཚིགས་སྔོན་མ་གསུམ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་དོ་སྙོམས་བྱུང་བ།

2025年11月14日

ཟླ་10ཚེས་31ཉིན་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། 2025ལོའི་དུས་ཚིགས་སྔོན་མ་གསུམ་ནང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2070.06མངོན་འགྱུར་བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་རྩིས་ན་དུས་མཚུངས་ལས་7.1%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་158.79ཟིན་ནས་10.6%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར་817.46ཟིན་ནས་8.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར་1093.81ཟིན་ནས་6.0%འཕར་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་དགུ་པ་བར་བོད་ལྗོངས་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་གཅིག་མཚུངས་ཡིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.1མཐོ་བ་རེད། ཟླ་བདུན་པར་གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་ཚད་0.1%འཕར་བ་དང་། ཟླ་བརྒྱད་པ་དང་ཟླ་དགུ་པར་བསྟུད་མར་ཟླ་བ་གཉིས་རིང་སྙོམས་པའི་རྣམ་པ་གཏན་འཇགས་ཡིན་པས། རིན་གོང་འཕར་བའི་རྒྱུ་རྐྱེན་གསར་པའི་སྐུལ་ཁྲིད་ནུས་པ་ཅུང་ཞན་པ་རེད། ཟླ་དགུ་པའི་ཚོང་ཟོག་རིགས་བརྒྱད་ལ་བལྟས་ན་རིགས་གཉིས་རིན་གོང་ཆག་པ་རེད། འགྲིམ་འགྲུལ་འཕྲིན་གཏོང་རིགས་0.6%ཆག་པ་དང་ཆག་ཚད་ཆེ་ཤོས་ཡིན་པ་རེད། སློབ་གསོ་དང་རིག་གནས། རོལ་རྩེད་རིགས་ཀྱི་ཆག་ཚད་ཞན་པ། རིགས་གསུམ་གྱི་རིན་གོང་འཕར་བ་སྟེ་བཟའ་བཅའ་། ཐ་མག་དང་ཨ་རག་རིགས་0.2%འཕར་བ་དང་། དེའི་ནང་སྔོ་ཚལ་གསར་བ་3.6%འཕར་བ་དང་། ཤིང་འབྲས་གསར་བ་2.3%ཆག་པ། འབྲུ་རིགས་དང་ཕྱུགས་རིགས་ཤ་རིགས། སྒོང་ངའི་རིགས། བཟའ་བཅའི་སྣུམ་བཅས་ཀྱི་འགྱུར་ལྡོག་ཚང་མ་བརྒྱ་ཆའི་གྲངས་1ལས་བརྒལ་མེད། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས་1.7%འཕར་ནས་འཕར་ཚད་ཆེ་ཤོས་ཡིན་པ་དང་། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས་0.4%འཕར་ཡོད། གྱོན་ཆས་རིགས་དང་སྡོད་གནས་རིགས། སྨན་བཅོས་བདེ་སྲུང་རིགས་བཅས་རིགས་གསུམ་གྱི་རིན་གོང་འདྲ་མཉམ་ཡིན། རིན་གོང་ལ་ཤུགས་རྐྱེན་ཆེན་པོ་དེ་ཙམ་མ་ཐེབས་པས་རིན་གོང་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན།

ངོ་སྤྲོད་བྱས་པར་གཞིགས་ན། དགུན་ཁ་སླེབས་པ་དང་བསྟུན་ནས་ཞིང་ལས་ཐོན་རྫས་གསོན་པོ་ཐོན་སྐྱེད་དང་སྐྱེལ་འདྲེན་སོགས་ཀྱི་མ་གནས་ལ་འགྱུར་ལྡོག་བྱུང་ནས་ཟོག་གོང་ལ་ཤུགས་རྐྱེན་ཅུང་ཐོན་སྲིད་མོད། འོན་ཀྱང་བོད་ཀྱི་བཟོ་ལས་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་ནུས་ཆེས་ཆེར་མཐོ་རུ་ཕྱིན་པ་དང་མཁོ་སྤྲོད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་བྱུང་བས། རིན་གོང་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་རྨང་གཞི་ཅུང་བརྟན་པོ་བྱུང་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博