ཟླ་11པའི་ཚེས་6ཉིན། བོད་ཀྱིས་ཁང་པའི་གྲོང་ཁྱེར་དོ་དམ་ལས་གྲྭའི་ཨར་ལས་རིག་ནུས་ཅན་གྱི་འོས་འགུགས་འོས་འཇུག་ཁྱབ་སྤེལ་བཏང་ནས་ཁྱོན་ཡོངས་ནས་འོས་འགུགས་འོས་འཇུག་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོའི་ཟླ་7པར་བོད་ཀྱིས་ཁང་པའི་གྲོང་ཁྱེར་དོ་དམ་ལས་དོན་མངའ་ཁོངས་ཀྱི་འོས་འགུགས་འོས་འཇུག་གི་བསྒྱུར་བཅོས་ལས་དོན་སྤེལ་འགོ་ཚུགས་པ་ནས་2023ལོའི་ཟླ་11པར་བོད་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་སྔོན་ལ་རིག་ནུས་ཅན་གྱི་འོས་འགུགས་དང་འོས་འཇུག་གི་ཚོད་ལྟ་སྤེལ་བ་དང་། ལོ་གཅིག་ལྷག་ཙམ་གྱི་ཚོད་ལྟའི་རྨང་གཞིའི་ཐོག་འདི་ལོའི་ཟླ་6པ་ནས་བཟུང་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་ཡོངས་ཀྱི་ཁང་པའི་གྲོང་ཁྱེར་དོ་དམ་ལས་གྲྭའི་མངའ་ཁོངས་སུ་ཨར་ལས་རིག་ནུས་ཅན་གྱི་འོས་འགུགས་འོས་འཇུག་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད། འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ། ལྗོངས་ཡོངས་སུ་རིག་ནུས་ཅན་གྱི་འོས་འགུགས་འོས་འཇུག་སྤྱོད་པའི་རྣམ་གྲངས་ཁྱོན་1788དང་མ་རྩ་བཞག་ཡོད་པའི་སྒོར་དུང་ཕྱུར་380འབྲེལ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཁང་པའི་གྲོང་ཁྱེར་དོ་དམ་ལས་གྲྭའི་ཨར་ལས་རིག་ནུས་ཅན་གྱི་འོས་འགུགས་དང་འོས་འཇུག་དོ་དམ་མ་ལག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། འཛུགས་སྐྲུན་ཁེ་ལས་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས་འོས་འགུགས་དང་འོས་འཇུག་གི་མངའ་ཁོངས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པ་དང་།《བོད་རང་སྐྱོང་ལྗོངས་ཀྱི་ཁང་པ་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་ཨར་ལས་ཀྱི་འོས་འགུགས་དང་འོས་འཇུག་གི་དོ་དམ་བྱེད་ཐབས》ཞིབ་འཇུག་དང་གཏན་འབེབས་བྱས་པ་རེད། རང་སྐྱོང་ལྗོངས་དང་། ས་ཁུལ་(གྲོང་ཁྱེར་)རྫོང་རིམ་པ་གསུམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་འགན་ནུས་དང་འགན་འཁྲི་ལེགས་སྒྲིག་བྱས་པ་མ་ཟད། ཚད་ལྡན་སུས་འཇོན་དེ་འགུག་གི་ཡིག་ཆའི་མ་དཔེ་དང་ཕྱོགས་སྟོན་སྒྲིག་སྲོལ་སོགས་ཀྱི་ཡིག་ཆ་9ལ་རང་བདག་གིས་ཚད་གཞི་གཏན་འཁེལ་བྱས་ཏེ།“1+9”ལམ་ལུགས་མ་ལག་བཙུགས་པས་འོས་འདེམས་མཇུག་འབྲས་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་ལ་སྔར་བས་འགན་སྲུང་ཐུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྗོངས་ནང་ཁུལ་གྱི་རྣམ་གྲངས་མི་རེའི་ཆ་སྙོམས་ཀྱི་གྲངས་ཚད་17ཡིན་པ་དེ་ཚོད་ལྟའི་རིང་གི་128ཡིན་པས་འདྲ་མཚུངས་སྔོན་རྩིས་ལས་86%ཆག་ཡོད། སྲོལ་རྒྱུན་གྱི་སུས་འཇོན་དེ་འགུག་གི་བྱེད་སྟངས་ལས་270%ཡན་འཕར་བས། “ཚོགས་པ་ཆུང་བའི”ཚོད་འཛིན་དང་འགྲན་རྩོད་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་བྱས་པས། ཁེ་ལས་ཀྱི་གྲངས་འབོར་ཙམ་གྱི་དགེ་མཚན་ལྡན་པའི་འགྲན་རྩོད་ངན་པའི་གནད་དོན་ཡང་ཐག་གཅོད་བྱུང་ཡོད།
གཞན་ཡང་ལྗོངས་ཡོངས་ཀྱི་འོས་འགུགས་དང་འོས་འཇུག་མངའ་ཁོངས་ཀྱི་བརྒྱུད་རིམ་ཁག་དྲང་གཞག་དང་གཞུང་དྲང་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ས་གནས་དང་གྲོང་ཁྱེར། རྫོང་དང་ཆུས་རིམ་པ་གསུམ་བཅས་མཉམ་དུ་གཅིག་གྱུར་གྱི་དཔྱད་ཞིབ་མ་ལག་བཙུགས་པ་དང་དཔྱད་ཞིབ་ཀྱི་ཚད་གཞི་དང་། དཔྱད་ཞིབ་སྒྲིག་སྲོལ། བརྒྱུད་རིམ་དྲ་བ་གཅིག མ་ལག་གཅིག་བཀོལ་སྤྱོད། ལམ་ལུགས་གཅིག་ལག་བསྟར། རྩ་བའི་ཐོག་ནས་ས་གནས་ཁག་གིས་སྲིད་ཇུས་ལ་གོ་བ་ལེན་པའི་ཁྱད་པར་བཀག་འགོགས་དང་ཁེ་ཕན་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་སྲིད་ཇུས་བཏོན་པ་དེས། སུས་འཇོན་དེ་འགུག་མི་སྣས་སུས་འཇོན་དེ་འགུག་གི་འོས་སྐུལ་ངོ་ཚབ་ལས་ཁུངས་ཀྱིས་མུན་སྒམ་བཀོལ་སྤྱོད་བྱས་ཏེ། འོས་འདེམས་རིགས་གཅིག་མཁས་ཅན་གྱིས་རང་དགར་ཚོད་འཛིན་དང་། འོས་འགུག་མཁན་གྱི་ཁྱུ་མཐུན་འོས་འགུག་དང་ཁ་མཐུན་འོས་འགུག ལས་རིགས་ལྟ་སྐུལ་དོ་དམ་སྟོབས་ཤུགས་ཞན་པ་སོགས་ཀྱི་འོས་འགུགས་དང་འོས་འཇོན་ཐོག་ཡུན་རིང་གནས་པའི་གནད་དོན་དང་དཀའ་གནད་སེལ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་12པར་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་བོད་ཀྱི་རིག་ནུས་ཅན་གྱི་འོས་འགུགས་འོས་འཇུག་གི་སྒྱུར་བཅོས་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་ཞིག་ཏུ་བརྩིས་ནས་ཡིག་ཐོག་ནས་སྤེལ་རེས་བྱས་པས། འདི་ལོའི་ཟླ་2པར། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་འཚོགས་པའི་“སྤྱི་ཕན་སྲུང་སྐྱོང་གི་ཀྲུང་གོའི་ཇུས་གཞིའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་ཀྱི་རིག་ནུས་ཅན་གྱི་འོས་འགུགས་འོས་འཇུག་གི་བྱེད་སྟངས་གསར་པ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་པུའི་བསམ་འཆར་ལས་བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་འོས་འགུགས་དང་འོས་འཇུག་གི་བསྒྱུར་བཅོས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
བསོད་བསྟན་གྱིས་བསྒྱུར།


