http://zw.xzqnb.cn/Content/weixinlogo.png
ཟླ་10ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང
http://zw.xzqnb.cn/m/content/2025-10/31/001462.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ཀྱི་ལོ་ངོ་60རིང་སྤྱི་ཚོགས་འགན་སྲུང་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ཕྱོགས་མང་པོའི་འགན་སྲུང་གིས་དམངས་འཚོ་ལ་ཕན་པ་ཐོབ་པ།

བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་60རིང་ཚན་རིག་ཁྱབ་གདལ་བྱ་གཞག་གི་གྲུབ་འབྲས་ཐོན་པ

སྤྲོ་སྣང་ལྡན་པའི་སློབ་གསེང་། གསོན་ཤུགས་རྒྱས་པའི་སློབ་ར།

等待处理…

བོད་ཀྱི་ལོ་ངོ་60རིང་སྤྱི་ཚོགས་འགན་སྲུང་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ཕྱོགས་མང་པོའི་འགན་སྲུང་གིས་དམངས་འཚོ་ལ་ཕན་པ་ཐོབ་པ།

2025年10月31日

ཟླ་10ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་60འཁོར་བ་”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཉེར་དྲུག་པ་འཚོགས་ནས་ལོ་60རིང་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། 2025ལོའི་ཟླ་9པའི་བར་ལྗོངས་ཡོངས་ཀྱི་རྒན་གསོ་དང་ལས་རྨས། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་382.67ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་དང་བསྡུར་ན་32.96%འཕར་ཡོད། རིམ་པ་མང་བའི་སྤྱི་ཚོགས་འགན་བཅོལ་མ་ལག་ཁྱོན་ཡོངས་ནས་བཙུགས་པས་འགན་སྲུང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

རིམ་པ་མང་བའི་མ་ལག་ནི་མེད་པ་ནས་ཡོད་པར་གྱུར། བོད་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་ཐོག་མའི་དུས་ནས་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་། ལས་ཁུངས་དང་ལས་གནས་སྡེ་ཚན་ལ་ཁྱབ་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་པ་མ་ཟད་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་ལམ་ལུགས་རྒྱ་སྐྱེད་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལས་ཁུངས་དང་ལས་གནས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ བཅོས་བསྒྱུར་ལོ་10ཡི་བར་བརྒལ་དུས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལམ་ལུགས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ཡོད། 2022ལོར་གཞི་རིམ་གྱི་མྱུར་སྐྱེལ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་རྨས་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་དང་མི་སྒེར་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཚོད་ལྟ་ལག་བསྟར་བྱས་ཏེ“གཞི་རྩའི་རྒན་གསོའི་འགན་བཅོལ་རྨང་གཞིར་བྱེད་པ་དང་། ལས་རིགས་དང་ཁེ་ལས་ཀྱི་ལོ་དངུལ་ཁ་གསབ་བྱེད་པ། མི་སྒེར་གྱི་རྒན་གསོའི་འགན་བཅོལ་མཐོར་འདེགས་བྱེད་པའི”རིམ་པ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་བཙུགས་ཡོད།

ཁྱབ་པའི་ཁྱབ་ཁོངས་དང་གྲུབ་ཆ་ལེགས་སུ་བཏང་བ་དང་“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཐོག་མར་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱུང་ཡོད། “དམངས་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་འཆར་གཞི”ལག་བསྟར་གཏིང་ཟབ་བྱས་ནས་གང་ལ་གང་འཚམ་གྱི་ལས་ཞུགས་མི་སྣ་དང་ལས་རིགས་གསར་པའི་ལས་གཉེར་པ། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་པར་ཡང་དག་པའི་སྒོ་ནས་ཁེབས་ཡོད། འགན་བཅོལ་ནང་ཞུགས་པའི་གྲུབ་ཚུལ་དེ་“གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་གཙོ་བོར་འཛིན་པ་”ནས“ལས་བཟོ་པ་དང་གྲོང་མི་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཉམ་དགོས”སུ་བསྒྱུར་ཏེ། ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས་འཕར་ཚད་71.77%ཟིན་ཡོད།

འགན་སྲུང་ཚད་གཞི་མཐོ་རུ་བཏང་ནས་ཐེབས་རྩའི་བདེ་འཇགས་ངང་འཁོར་སྐྱོད་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2014ལོ་ནས་བཟུང་བསྟུད་མར་ཐེངས་13མཐོ་རུ་བཏང་བ་དང་2025ལོར་མི་རེར་ཟླ་རེར་སྒོར་295ཟིན་ཡོད་པ་རེད། སྲིད་གཞུང་གིས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རྒན་གསོའི་འགན་བཅོལ་གྲོན་དངུལ་ཚབ་སྤྲོད་བྱས་པ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རིམ་རྩིས་ཐོག་མི་ཐེངས་ཁྲི་124.90དང་སྒོར་དུང་ཕྱུར་1.25ལས་བརྒལ་ཡོད། དེ་དང་ཆབས་ཅིག་སྦྲེལ་ཐག་ཧྲིལ་པོའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་།“འགོག་སྲུང་བཞི་མཉམ་འབྲེལ”ལམ་སྲོལ་(མི་དམངས་འགོག་སྲུང་དང་། འགོག་སྲུང་། ལག་རྩལ་འགོག་སྲུང་། མང་ཚོགས་འགོག་སྲུང་བཅས་)འཛུགས་པ་དང་། མང་ཚོགས་ཀྱི་“རྒན་གསོའི་དངུལ་”དང་“སྲོག་སྲུང་དངུལ་”སྲུང་སྐྱོབ་བྱེད་དགོས།

མི་དམངས་སྟབས་བདེ་ཞབས་ཞུའི་བློ་གྲོས་རིམ་སྤོར་བྱ་དགོས། བོད་ཀྱི་སྤྱི་ཚོགས་འགན་སྲུང་བྱང་གཞི“ཀུན་གྱི་བྱང་གཞིའི”བཀོལ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ཟླ་9པའི་ཟླ་མཇུག་བར་བྱང་གཞིས་ལྗོངས་ཡོངས་ཀྱི་མི་འབོར་98.57%ལ་ཁྱབ་ཡོད་པ་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་གཞིས་མི་འབོར་96.6%ལ་ཁྱབ་ཡོད་པ་རེད། སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱབ་ཁོངས་མང་པོ་ཞིག་ཏུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་428.67ལྷག་ཙམ་སྤྲད་ཡོད། གཞན་ཡང་“དྲ་སྦྲེལ་+སྤྱི་ཚོགས་འགན་སྲུང་”ཕན་ནུས་ཆེ་ཞིང་དམངས་ལ་སྟབས་བདེ་ཡོང་བ་དང་།“དྲ་ཐོག་ནས་སྒྲུབ་པ་དང་ཐག་ཉེ་ནས་སྒྲུབ་པ་”བཅས་ཀྱི་མཐུན་སྦྱོར་ཞབས་ཞུ་ཁྱབ་གདལ་བཏང་བ་དང་། ཐོབ་ཐང་ཁས་ལེན་པའི“ཚོར་བ་མེད་པའི་ཁས་ལེན་”མངོན་འགྱུར་བྱུང་བ། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་རྒྱུན་མཐུད་ཕན་ནུས་ཆེ་བའི་སྒོ་ནས་ལག་ལེན་བསྟར་ནས་ངལ་རྩོལ་ནུས་ཤུགས་འཁོར་སྐྱོད་ལ་སྲུབས་མེད་འགན་ལེན་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博