西藏青年报藏文版ཕྱོགས་བསྡུས། བོད་ཀྱི་ལོ་ངོ་60རིང་སྤྱི་ཚོགས་འགན་སྲུང་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ཕྱོགས་མང་པོའི་འགན་སྲུང་གིས་དམངས་འཚོ་ལ་ཕན་པ་ཐོབ་པ། བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་60རིང་ཚན་རིག་ཁྱབ་གདལ་བྱ་གཞག་གི་གྲུབ་འབྲས་ཐོན་པ སྤྲོ་སྣང་ལྡན་པའི་སློབ་གསེང་། གསོན་ཤུགས་རྒྱས་པའི་སློབ་ར།

放大 缩小 默认

བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་60རིང་ཚན་རིག་ཁྱབ་གདལ་བྱ་གཞག་གི་གྲུབ་འབྲས་ཐོན་པ

ཟླ་10ཚེས་20ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཚན་རྩལ་འཐུས་ཚོགས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཝུའེ་ཡིས་ལོ་60རིང་རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་གནང་བ་རེད།

གྲངས་གཞི་ལས་མངོན་པ་ལྟར་ན། ལྗོངས་ཡོངས་སུ་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་བསྐོར་སྐྱོད་ཚན་རྩལ་ཁང་། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ཚན་རྩལ་ཁང་སོགས་ཚུད་པའི་ས་ཁོངས་ཡོངས་ལ་ཁྱབ་པའི་ཚན་རིག་ཁྱབ་གདལ་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་བསྐྲུན་ཡོད་པ་དང་། མཐའ་མཚམས་ས་ཁུལ་དང་གཞི་རིམ་ཤང་རྫོང་ཡོངས་སུ་ཁྱབ་ཡོད་པར་མཐའ་མཚམས་རྫོང་21ཡི་སློབ་ཆུང་ཚན་རྩལ་ཁང་164ཚང་མ་2025ལོར་བསྐྲུན་པ་རེད།

ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་བསྡུར་ཚད་དེ་2010ལོའི་0.10%ནས་2023ལོའི་7.60%བར་མཐོ་རུ་ཕྱིན་པ་རེད། གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་པའི་ཚོགས་སྤྱིའི་ཚན་རིག་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཚན་རིག་ཁྱབ་གདལ་གྱི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཚོགས་པ་མི་འདྲ་བར་དམིགས་ནས་གནད་ལ་འཁེལ་བའི་ཞབས་ཞུའི་གཙོ་གནད་མི་ཚོགས་ཀྱི་ཚན་རིག་ཁྱབ་གདལ་མ་ལག་བཙུགས་པ་དང་སྤུས་རྟགས་བྱེད་སྒོར་ཞུགས་པའི་དགེ་སློབ་མི་ཐེངས་ཁྲི་5ལས་བརྒལ་བ་དང་། དངོས་སྤྱོད་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི་20ལས་བརྒལ་བ་བཅས་བྱས་ཏེ་ཚན་རིག་ཁྱབ་གདལ་བྱེད་སྒོ་རིགས་མང་པོར་དམིགས་བསལ་ཚོགས་སྤྱིར་མུ་མཐུད་ཕན་པ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་སུ་ཁྱད་ཆོས་ལྡན་པའི་ཚན་རིག་ཁྱབ་སྤེལ་གྱི་རྣམ་པ་ཆགས་ཡོད། ཚན་རིག་ཁྱབ་གདལ་རིགས་ཀྱི་ཚགས་པར་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་གདལ་ཐོན་ཁུངས་ཕུན་སུམ་ཚོགས་པ། བརྙན་འཕྲིན་དང་རླུང་འཕྲིན། འཕྲིན་ཡིག་སྤྱི་པའི་ཨང་གྲངས་སོགས་སྟེགས་བུ་མང་པོ་ཞིག་གིས་ནུས་ཤུགས་བཏོན་ཡོད་པས་ལོ་རེའི་གནོན་ཚད་དང་མི་ཐེངས་བར་ཁྱབ་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཚན་རིག་ཁྱབ་གདལ་བྱེད་སྒོ་སྣ་ཚོགས་རིམ་རྩིས་བྱས་ནས་ཐེངས་4500ལྷག་ཙམ་སྤེལ་བ་དང་། ཚན་རིག་ཁྱབ་གདལ་དཔྱད་གཞིའི་ཡིག་རིགས་དེབ་ཁྲི་36ལྷག་ཙམ་བཀྲམ་པ། མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དེ་དང་ཆབས་ཅིག་ད་དུང་སྤྱི་ཚོགས་ཅན་གྱི་ཚན་རིག་ཁྱབ་གདལ་ལམ་སྲོལ་བཙུགས་ནས་རིམ་པ་ཁག་གི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་དེ་བཞིན་དཔེ་སྟོན་གཞི་རྟེན་མང་པོ་གཏོད་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明