http://zw.xzqnb.cn/Content/weixinlogo.png
“རྒྱལ་ཁབ་ལ་རྒྱལ་སྲུང་མེད་ན་གཞི་བརྟན་མེད་པ། དམངས་ཚོགས་ལ་འགོག་ས
http://zw.xzqnb.cn/m/content/2025-10/24/001450.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གུང་གཞོན་སྡེ་ཚོགས་བོད་ལྔོངས་ཨུ་ལྷན་གྱིས་ཏང་ཡོན་དང་སྡེ་ཚོགས་གདོང་ལེན་རུ་ཁག་གཞི་གཅིག་ཅན་གྱི་དཔེ་སྟོན་བྱེད་སྒོའི་སློབ་ཚན་གཉེར་བ།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་2025ལོའི་“དམངས་ཡོངས་རྒྱལ་སྲུང་སློབ་གསོའི་ཟླ་”དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ།

等待处理…

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་2025ལོའི་“དམངས་ཡོངས་རྒྱལ་སྲུང་སློབ་གསོའི་ཟླ་”དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ།

2025年10月24日

“རྒྱལ་ཁབ་ལ་རྒྱལ་སྲུང་མེད་ན་གཞི་བརྟན་མེད་པ། དམངས་ཚོགས་ལ་འགོག་སྲུང་མེད་ན་མི་བདེ་པ།”རྒྱལ་སྲུང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དར་རྒུད་དང་འབྲེལ་བ་ཡོད་པའི་རྩ་བའི་འཆར་གཞི་ཆེན་པོ་ཞིག་ཡིན་ལ། མི་ཚང་མས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པ་དང་གཞོན་ནུ་ཚོགས་པའི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་བརྩེ་སེམས་ཆེ་རུ་ཏན་ཏིག་གཏོང་ཆེད། ཟླ་10ཚེས་13ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་ལས་བྱེད་པ་དང་ལས་བཟོ་པ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ། དེ་བཞིན་“རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”མི་སྣ་30སྒྲིག་འཛུགས་བྱས་ནས་དམག་དོན་ལོ་རྒྱུས་ཁང་དུ་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

དྲན་གསོའི་ལུས་རྩལ་ཁང་དུ་བསྐྱོད་ནས་གཡོ་འགུལ་ཆེ་བའི་ལོ་ཟླ་བསྐྱར་དུ་དྲན་གསོ་བྱས། ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་རྩ་ཆེའི་བརྙན་ལམ་དུམ་བུ་རེ་རེ། འགྲེམས་སྟོན་དངོས་རྫས་རེ་རེ་བཅས་ཀྱིས་ཚང་མས་དམག་འཁྲུག་གི་མེ་ལྕེ་འཕྱུར་བའི་ལོ་ཟླའི་དུས་དེར་སྔར་བས་ཞིབ་ཕྲའི་ངོས་འཛིན་ཐུབ་པ་བྱུང་ཡོད། འདྲ་པར་ནང་གི་བློ་བརྟན་འགྱུར་མེད་ཀྱི་ངོ་གདོང་གིས་མི་སྒུར་བའི་འདོད་བློ་བཤད་བཞིན་ཡོད་པ་དང་འདྲ། བརྙན་ལམ་ནང་གི་ཛ་དྲག་ཆེ་བའི་འཐབ་འཛིང་གི་རྣམ་པ་དེས་ཚང་མའི་སེམས་རྒྱུད་དམ་པོར་གྱུར། ལོ་རྒྱུས་ཀྱི་རྗེས་ཤུལ་ལྡན་པའི་དོན་དངོས་འགྲེམས་སྟོན་དངོས་རྫས་ཀྱིས་གསར་བརྗེའི་མེས་པོ་ཚོའི་དཔའ་ངར་དང་འཇིགས་སྣང་མེད་པའི་དཔའ་ངར་སྒྲ་མེད་ངང་བདེན་དཔང་བྱེད་བཞིན་ཡོད།

ད་ཐེངས་དམག་དོན་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་ནི་རྒྱལ་སྲུང་སློབ་གསོ་སྤེལ་བ་ཙམ་མ་ཟད། མི་དམངས་ཀྱི་བུ་ཕྲུག་དམག་གིས་བོད་ལ་དཔུང་འཇུག་དང་བོད་བཅིངས་འགྲོལ་བཏང་བ། བོད་སྲུང་སྐྱོབ། བོད་འཕེལ་རྒྱས་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བཞག་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ཚང་མས་ཕྱོགས་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་ཤེས་རྟོགས་ཐུབ་པ་དང་། ལོ་མང་རིང་གངས་ཁུལ་གྱི་དམག་དམངས་ཀྱིས་རང་སྲོག་བློས་གཏོང་དང་མཐུན་སྒྲིལ་འབད་བརྩོན་བྱེད་པའི་རླབས་ཆེན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་རེད། འགྲེམས་ཁང་ནང་དུ་བོད་དུ་བཅའ་སྡོད་དཔུང་སྡེའི་དམག་འཁྲུག་གི་ལོ་ཟླ་དང་ཆར་རླུང་གི་བརྒྱུད་རིམ་གང་སར་མཐོང་ཐུབ། གསར་བརྗེའི་མེས་པོ་ཚོས་ལྷག་བསམ་དང་ཚེ་སྲོག་ལ་བརྟེན་ནས་བཞེངས་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་དང་དཔའ་བོའི་བྱས་རྗེས་ཕྱོགས་མང་པོའི་ཐོག་ནས་མཚོན་པར་བྱས་ཡོད།

ལྟ་སྐོར་བྱེད་རིང་ས་གནས་ཀྱི་རྣམ་པ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བ་རེད། ཚང་མས་ནན་ཏན་གྱིས་ཉན་པ་དང་ཤེས་རྟོགས་སྤེལ་རེས་བྱས་ཏེ་རྒྱལ་སྲུང་ནི་སྤྱི་ཚན་གྱི་གོ་དོན་ཙམ་ཞིག་མིན་པར་རྒྱུན་གཏན་གྱི་འཚོ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། རྒྱལ་གཅེས་ནི་འབོད་ཚིག་སྟོང་པ་ཞིག་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་དབང་ལ་དོ་ཁུར་ཟབ་མོ་བྱེད་པ་དང་རྒྱལ་སྲུང་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པའི་ཁྲོད་མཚོན་ཡོད། གཡུལ་སའི་ཐོག་དུ་བ་མེད་པར་གྱུར་ཡོད་མོད་ཀྱང་ལོ་རྒྱུས་བརྗེད་མི་རུང་ཞིང་ཞི་བདེར་སྲུང་སྐྱོབ་བྱ་དགོས། འབྱུང་འགྱུར་ཚང་མས་གསར་བརྗེའི་མེས་པོ་མིག་དཔེ་རུ་བཟུང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཔའ་བོའི་སྙིང་སྟོབས་་རྒྱུན་འཛིན། སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་གཞག་བསྒྲུབ་པ། ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་ལེགས་པར་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ཧུར་ཐག་བྱ་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博