http://zw.xzqnb.cn/Content/weixinlogo.png
འདི་ནི་ཁྲལ་དོན་པས་གྲོགས་པོ་ཆུང་ཆུང་ཚོར་ཁྲལ་བསྡུའི་དོན་སྙིང་འ
http://zw.xzqnb.cn/m/content/2025-10/10/001430.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ།

སློབ་ཆུང་སློབ་མར་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

等待处理…

ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས།

སློབ་ཆུང་སློབ་མར་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

2025年10月10日

འདི་ནི་ཁྲལ་དོན་པས་གྲོགས་པོ་ཆུང་ཆུང་ཚོར་ཁྲལ་བསྡུའི་དོན་སྙིང་འགྲེལ་བཤད་རྒྱག་བཞིན་པ།

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱི་ལས་དོན་པས་སྣེ་གདོང་ཆུས་དང་། སྣ་དཀར་རྩེ་རྫོང་། ལྷུན་རྩེ་རྫོང་བཅས་ཀྱི་གྲོང་ཚོ(སྡེ་ཁུལ)དང་སློབ་གྲྭ་ཁག་གཅིག་ཏུ་ཟབ་སྐྱོད་བྱས་ཏེ་སྤྲོ་འཕེལ་གྱི་དྲིས་ལན་དང་། མཉམ་འགུལ་སློབ་ཚན། དབྱིངས་ཞུགས་ཁྲལ་སྒྲུབ་ཉམས་ལེན་སོགས་རྣམ་པ་སྣ་ཚོགས་ཐོག་ནས་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། ཁྲལ་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱས་པ་རེད།

ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་སློབ་ཆུང་དུ་ཁྲལ་དོན་པས་རྣམ་པ་གསར་གཏོད་ཀྱིས་སློབ་ཕྲུག་ཚོར་དཔྱ་ཁྲལ་བཅའ་ཁྲིམས་ཤེས་བྱའི་ཡོངས་བསྒྲགས་སློབ་ཚན་འཚོགས་པ་རེད།

སློབ་ཚན་གྲོལ་རྗེས། སློབ་མ་བློ་བཟང་བཀྲ་ཤིས་ཀྱིས་ཁྲལ་བསྡུའི་ཐད་བྱུང་བའི་རྒྱུས་མངའ་གླེང་བ་སྟེ། “ང་ཚོ་ཁྱིམ་དུ་ལོག་པའི་ལམ་དུ་མཐོང་བའི་ལམ་སྒྲོན་རེ་རེ་དང་གསར་དུ་བསྐྲུན་པའི་སྤྱི་གླིང་ཚང་མ་ཁྲལ་བསྡུའི་ཡོང་འབབ་ལས་བཟོས་པ་ཞིག་རེད་འདུག ཁྲལ་བསྡུ་ང་ཚོས་མཐོང་རྒྱུ་འདུག”

སྣ་དཀར་རྩེ་རྫོང་དུ་ཁྲལ་དོན་པས་སྣ་དཀར་རྩེ་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་ཕྲུག་ཚོ་ཁྲལ་དོན་ཞབས་ཞུའི་ཚོམས་ཆེན་དུ་གདན་དྲངས་ནས། ཕྲུ་གུ་ཚོའི་སྣེ་ཁྲིད་དེ“ཁྲལ་དོན་བློ་འདྲི་ཁུལ”དང“རང་འདེམས་ཁྲལ་དོན་སྒྲུབ་ཁུལ” “ཕྱོཌ་བསྡུས་ལས་སྒོ་གཉེར་ཁུལ”སོགས་བྱེད་ནུས་ཁྱབ་ཁོངས་ཁག་ལ་ལྟ་སྐོར་བྱས་པ་མ་ཟད། ཁྲལ་དོན་ཐོ་འགོད་བརྒྱུད་རིམ་ཧྲིལ་པོ་ལད་ཟློས་བྱེད་པར་བརྟེན་ནས་ཕྲུ་གུ་ཚོར་ཆ་འཕྲིན་བཀོད་པ་དང་ཡིག་ཆ་པར་འདེབས་སོགས་ཁྲལ་བསྡུའི་ལྷུ་ཚིགས་དངོས་སུ་ཉམས་ལེན་བྱེད་དུ་བཅུག་སྟེ། ཁྲལ་དོན་ལས་དོན་སྒྲུབ་སྟངས་ལ་རྒྱུས་མངའ་ལོན་ཐུབ་པར་བྱས་ཡོད།

གཞན་ཡང་། ལྷུན་རྩེ་རྫོང་བྱ་ཡུལ་གྲོང་རྡལ་ཕུ་ཡུལ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ལས་དོན་པས་ད་དུང་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ཁྲལ་དོན་རྟགས་མ་བྲིས་ནས་ཁྲལ་བསྡུའི་ས་བོན་ཕྲུ་གུ་ཚོའི་སེམས་ཁམས་སུ་བཏབ་པ་རེད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博