http://zw.xzqnb.cn/Content/weixinlogo.png
ཉེ་ཆར་སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས
http://zw.xzqnb.cn/m/content/2025-10/03/001416.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་”ཞེས་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་གཉེར་བ།

སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་”ཞེས་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་གཉེར་བ།

ལོ་ལེགས་ནི་ཞིང་པར་སྤྲད་པའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན།

པར་རིས་གསར་འགྱུར།

等待处理…

སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་”ཞེས་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་གཉེར་བ།

2025年10月03日

ཉེ་ཆར་སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་”ཞེས་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་གཉེར་བ་དང་། འགྲེམས་སྟོན་དེ་ལོ་རྒྱུས་ཀྱི་དུས་ཚོད་གོ་རིམ་ལ་བརྟེན་ནས་པར་རིས་རྩ་ཆེན་ཉིས་བརྒྱ་ལྷག་ཙམ་བདམས་ཏེ། དགུ་གཅིག་བརྒྱད་ཀྱི་དོན་རྐྱེན་ལངས་པ་ནས་རི་འགོག་དམག་འཁྲུག་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པའི་བར་གྱི་ལོ་རྒྱུས་འཕེལ་རིམ་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་གསར་བརྗེའི་དཔའ་བོར་དྲན་གསོ་བྱེད་པའི་ཁྲིད་སྟོན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། དད་མོས་ཀྱི་རྨང་གཞི་འཛུགས་པ། ཐོག་མའི་བསམ་འདུན་དོན་གཉེར་དང་རྒྱལ་སྒོའི་སྲུང་དམག་གི་འགན་འཁྲི་སྲ་བརྟན་དུ་སྔར་ལས་ལེགས་པར་བཏང་ཡོད།

འགྲེམས་སྟོན་དེ་“རི་དང་ཆུ་བོ་དུམ་བུར་འགྱུར་བ་•མི་རིགས་ཉེན་ཁའི་གནས་སུ་གྱར་བ། ”“ལྕགས་ཁྲག་ལྟ་བུའི་འགོག་རྒོལ་•ཀོང་བཙུན་དེ་མོའི་བཞུགས་ཁྲི་”“ལོ་རྒྱུས་ལ་བསམ་ཞིབ་•དྲང་བདེན་གྱི་འདྲི་གཅོད་”དང་“ལོ་རྒྱུས་དཔྱད་གཞིར་འཛིན་•འབྱུང་འགྱུར་གཏོད་པ་”བཅས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་ཁུལ་བཞི་ལ་དབྱེ་ཡོད། “རི་དང་ཆུ་བོ་དུམ་བུར་འགྱུར་བ་•མི་རིགས་ཉེན་ཁའི་གནས་སུ་གྱར་བ།”ཞེས་པའི་འགྲེམས་སྟོན་ཁུལ་དུ་དངོས་བྲིས་འདྲ་པར་འབོར་ཆེན་ཐོག་ནས་དགུ་གཅིག་བརྒྱད་ཀྱི་དོན་རྐྱེན་རྗེས་ཀྱི་བྱང་ཤར་ས་ཁུལ་ལ་ཐེབས་པའི་གནོད་འཚེ་ཚབས་ཆེན་དག་མངོན་པ།“ལྕགས་ཁྲག་ལྟ་བུའི་འགོག་རྒོལ་•ཀོང་བཙུན་དེ་མོའི་བཞུགས་ཁྲི་”ཡི་འགྲེམས་སྟོན་ཁུལ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དྲག་པོའི་རི་འགོག་སྟོབས་ཤུགས་ཀྱིས་དཀའ་ངལ་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་འཐབ་རྩོད་མཐའ་འཁྱོངས་བྱས་པའི་དཔའ་བོའི་བྱས་རྗེས་འབུར་དུ་ཐོན་པ་དག་མངོན་པ།“ལོ་རྒྱུས་ལ་བསམ་ཞིབ་•དྲང་བདེན་གྱི་འདྲི་གཅོད་”ཅེས་པའི་འགྲེམས་ཁུལ་དུ་དམག་འཁྲུག་རྗེས་ཀྱི་འདྲི་གཅོད་ཀྱི་རྩ་ཆེའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་བཙན་འཛུལ་པའི་ཉེས་སྤྱོད་དང་ལོ་རྒྱུས་ཀྱི་དྲང་བདེན་མངོན་གསལ་དོད་པོ་ཐེར་འདོན་བྱས་པ།“ལོ་རྒྱུས་དཔྱད་གཞིར་འཛིན་•འབྱུང་འགྱུར་གཏོད་པ་”ཞེས་པའི་འགྲེམས་ཁུལ་དུ་དེང་རབས་ལ་གཞི་ཚུགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་གྱུར་བའི་རླབས་ཆེན་གྱི་མཆོང་སྐྱོད་མངོན་ཡོད།

འགྲེམས་སྟོན་བྱེད་རིང་ཉེན་རྟོག་པ་ཕུད་དེ་བཞིན་བཅའ་སྡོད་བྱ་ཡུལ་གྱི་ཁྱིམ་མཚེས་སྡེ་ཚན་གྱི་ལས་བཟོ་བ་དང་སྐྱིད་གྲོང་ཆ་ཚང་སློབ་ཆུང་གི་དགེ་སློབ་ཀྱང་ལྟ་སྐོར་བྱེད་པར་སླེབས་ཡོད། མི་དམངས་ཉེན་རྟོག་པའི་འགྲེལ་བཤད་པའི་ཁྲིད་སྟོན་འོག་ལྟ་སྐོར་བས་འདྲ་པར་རྒྱབ་ཀྱི་ལོ་རྒྱུས་གཏམ་རྒྱུད་ལ་ནན་ཏན་གྱིས་ཉན་པ་དང་དུས་ངེས་མེད་དུ་མིག་ལྡིར་ནས་བལྟ་བ་དང་བསམ་གཞིག་བྱེད་བཞིན་ཡོད། ཆ་ཚང་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤེས་རབ་རྒྱལ་མཚན་གྱིས་“འདི་ནི་གསོན་ཉམས་ལྡན་ལ་གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན་ཞིག་ཡིན་པས། ཕྲུ་གུ་ཚོས་ལོ་རྒྱུས་ལ་ཐད་ཀར་རྒྱུས་ལོན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སེམས་སུ་ཁྱིམ་ཞེན་རྒྱལ་ཞེན་གཏིང་ཟབ་ཏུ་འཛུགས་ཐུབ་པ་བཅས་བྱུང་”ཞེས་བཤད། སྐྱིད་གྲོང་འགག་སྒོ་ལྐོག་བཤེར་འཛིན་བཟུང་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དབྱང་མེ་ཡིས་“པར་ངོས་ཀྱི་མཐོང་ཚོར་ལས་ལོ་རྒྱུས་ཀྱི་ཚོར་སྣང་ཟབ་མོ་བྱུང་བ་དེ་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན་པས། ང་ཚོས་རྒྱལ་སྲུང་གི་འདུ་ཤེས་དང་འགན་འཁྲི་འགན་འཁུར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་གནས་རང་ལ་གཞི་ཚུགས་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་”ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博