http://zw.xzqnb.cn/Content/weixinlogo.png
ཉེ་ཆར། 2025ལོའི་ནག་ཆུ་གྲོང་ཁྱེར་ཆ་ཆིང་རྟ་རྒྱུགས་འགྲན་བསྡུར་གྱི་
http://zw.xzqnb.cn/m/content/2025-09/12/001385.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ས་མཐོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གདོང་ལེན་པའི་སྟོབས་ཤུགས་ཏེ་ཕག་རིའི་ཁོར་ཡུག་སྲུང་སྐྱོབ་པ་ཆུང་ཆུང་།

ནག་ཆུ་གྲོང་ཁྱེར་ཆ་ཆིང་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་ལ་སྤུས་ཚད་མཐོ་བའི་མུ་འབྲེལ་གྱི་བྱེད་སྒོ་སྤེལ་བ།

རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་བཏང་།

等待处理…

ནག་ཆུ་གྲོང་ཁྱེར་ཆ་ཆིང་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་ལ་སྤུས་ཚད་མཐོ་བའི་མུ་འབྲེལ་གྱི་བྱེད་སྒོ་སྤེལ་བ།

2025年09月12日

ཉེ་ཆར། 2025ལོའི་ནག་ཆུ་གྲོང་ཁྱེར་ཆ་ཆིང་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་རྟ་རྒྱུགས་འགྲན་བསྡུར་དུས་ཆེན་དེ་ཟླ་9པའི་ཚེས་5ཉིན་ནས་ཚེས་7ཉིན་བར་ནག་ཆུ་གེ་སར་རྟ་རྒྱུགས་འགྲན་བསྡུར་ཁུལ་དུ་འཚོགས་པ་རེད། བྱེད་སྒོའི་ནང་མུ་མཐུད་ནས་“9+3”རྣམ་པ་སྤྱད་དེ་སྒྲིག་འཛུགས་བྱས་པ་སྟེ། ཟླ་8པའི་ཚེས་27ཉིན་ནས་ཟླ་9པའི་ཚེས་4ཉིན་བར་སྔོན་གྲབས་ཀྱི་དུས་ཡུན་ཡིན་པ་དང་ཟླ་9པའི་ཚེས་5ཉིན་ནས་ཚེས་7ཉིན་བར་ནི་དངོས་གཞིའི་བྱེད་སྒོའི་དུས་ཡུན་ཡིན་པ་རེད།

ནག་ཆུ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་ཆིང་ཁཱ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་རྟ་རྒྱུགས་འགྲན་བསྡུར་དུས་ཆེན་དེ“བང་རིམ་དྲུག་གི་མཛེས་སྡུག་ལྡན་པའི་ཏང་གི་བཀའ་དྲིན་ཚོར་བ་དང་ཕྱུག་པོ་ཆགས་ལུགས་དྲན་པ་•དཔྱིད་སྟོན་ལམ་གསར་འགོ་ཚུགས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད། བྱེད་སྒོ་ཧྲིལ་པོ་ནི“རྟ་”ཡི་རིག་གནས་ལ་དམིགས་ནས་《འོད་སྟོང་འཕྲོ་བའི་ས་མཐོའི་རྨིག་སྒྲ་》《གསེར་ཨ་ཤུལ་རྗེས་ཀྱི་འགྲུལ་བཞུད་དེད་》《སེམས་མཐུན་གྱིས་མཛེས་སྡུག་ལྡན་པའི་ལེའུ་བསྐྲུན་》ཞེས་པའི་ལེའུ་ཆེན་པོ་གསུམ་དུ་དབྱེ་ནས་སྲོལ་རྒྱུན་གྱི་རྟ་འགྲན་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན་བར་མཉམ་འདྲེས་བྱས་ཡོད། བྱེད་སྒོའི་ནང་དམིགས་བསལ་གྱི་འཆར་འགོད་བྱས་པ་སྟེ། ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཇུས་འགོད་བྱས་པ་དང་། ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་དང་འདྲེས་ནས་ནག་ཆུས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་གང་ལེགས་མངོན་པར་བྱས་པ་རེད།

སྐབས་འདིའི་རྟ་རྒྱུགས་འགྲན་བསྡུར་དུས་ཆེན་ནང་ཞུགས་པའི་རྟ་རྣམས་ཚན་རིག་དང་མཐུན་པའི་རིགས་དབྱེ་བྱས་པ་སྟེ། གཟུགས་པོའི་རིང་ཚད་དབྱེ་འབྱེད་ནི་ལི་སྨི་138མན་ཆད་དང་། ལི་སྨི་138ནས་ལི་སྨི་145བར། ལི་སྨི་145ཡན་བཅས་ཚོགས་ཆུང་གསུམ་ལ་དབྱེ་བ་མ་ཟད། ཆེད་མངགས་ཀྱི་ལོ་4མན་གྱི་རྟ་ཆུང་ཚོགས་ཆུང་བཙུགས་ཡོད། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ས་གནས་ཁག་གི་གྲོང་ཁྱེར་དང་དེ་བཞིན་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ་)ནས་ཡོང་བའི་གྲགས་ཅན་རྟ་མཉམ་དུ་འཛོམས་ནས་བྱང་ཐང་གི་གྲགས་ཅན་རྟ་དང་འགྲན་ར་གཅིག་ཏུ་འགྲན་བསྡུར་གྱིས་ཁྱོན་བསྡོམས་འགྲན་བསྡུར་13དང་སྲོལ་རྒྱུན་རྟ་རྩལ་གྱི་རྣམ་གྲངས་2བཀོད་སྒྲིག་བྱས་ཡོད། རྟ་རྒྱུགས་ཀྱི་རྣམ་གྲངས་རྐྱང་མའི་བྱ་དགའི་དངུལ་མཐོ་ཤོས་སྒོར་ཁྲི་15ཟིན་ཡོད(འགྲན་ཨང་དང་པོ་བཞོན་མཁན་གྱི་བྱ་དགའི་དངུལ་སྒོར་ཁྲི་2ཚུད་ཡོད་) མང་ཚོགས་ཀྱི་ལུས་རྩལ་ཡང་ངོ་མཚར་ཆེན་པོ་ལྡན་པ་སྟེ། རྡོ་འགྱོགས་དང་། འུར་རྡོ་འཕེན་པ། ཐག་འཐེན་ལ་སོགས་པའི་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་ཁག་བཞི་ཙམ་གཉེར་བ་དང་། དེ་བཞིན་ཞིང་འབྲོག་པའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་གཉེར་བ་དང་བོད་ལུགས་ཀྱི་ཤོ་སོགས་མང་ཚོགས་དང་ཐག་ཉེ་ཞིང་སྤྲོ་སྣང་ཆེ་བའི་འགྲན་བསྡུར་ཁག་12སྤེལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྟ་རྒྱུགས་དུས་ཆེན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས་སྤུས་ཚད་མཐོ་བའི་མུ་འབྲེལ་གྱི་རིག་གནས་བྱེད་སྒོ་སྤེལ་ཡོད། དེའི་ནང་ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཀྱི་གླུ་གཞས་དང་ཞབས་བྲོ། ལུས་རྩལ། རིག་རྩལ་འཁྲབ་སྟོན་སོགས་ལས་ལོ་ངོ་60ཡི་རིང་ནག་ཆུའི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དང་མང་ཚོགས་ཀྱི་འབད་བརྩོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་རྣམ་པ་ཕྱོགས་ཡོངས་ནས་གཙོ་གནད་ཐོག་མངོན་པ་རེད། གཞན་ཡང་བྱེད་སྒོའི་ནང་སྐབས་དང་པོའི་“སྣེ་གླིང་གི་ནག་ཆུ་”རིག་གནས་ཡུལ་སྐོར་སྣང་བརྙན་གཞུང་ཚབ་འདེམས་སྒྲུག་འགྲན་བསྡུར་ཚུད་ཡོད་པ་དང་། མཚོ་སྔོན་ཡུལ་ཤུལ་གྱིས་ཆེད་དོན་རིག་རྩལ་འཁྲབ་སྟོན་དང་ནག་ཆུ་གྲོང་ཁྱེར་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་བཟོ་རྩལ་བརྩམས་ཆོས་འགྲེམས་སྟོན། སྣེ་རྒྱུད་ཀྱི་ནག་ཆུ་•བྲོ་གཞས་མཚན་མོ་སོགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་རིག་རྩལ་བྱེད་སྒོ་ཡང་སྤེལ་ཡོད་པ་རེད།

སྐབས་འདིའི་རྟ་རྒྱུགས་འགྲན་བསྡུར་དུས་ཆེན་གྱིས་རིག་གནས་ཡུལ་སྐོར་ངོ་སྤྲོད་ཆེད་ཁུལ་ཞིབ་ཚགས་བསྐྲུན་ནས་ཁྱད་ཆོས་ལྡན་པའི་འགྲེམས་སྟེགས་38ཡོད་པ་དང་དེའི་ནང་ཞུགས་མཁན་མང་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་གེ་སར་སྲོལ་རྒྱུན་གྱི་གྱོན་ཆས་ཚོད་ལྟ་དང་། ས་འོག་བགྲོད་ལམ་བོད་བྱང་ཐང་གི་ཞིམ་ཟས་ལྗགས་སྨིན་ཟས་མཆོག་བྲོ་བ་མྱོང་ཁུལ། ལས་རིགས་སློབ་གྲྭའི་སློབ་མས་གསར་རྩོམ་བྱས་པའི་ཕུལ་བྱུང་གི་བརྩམས་ཆོས་ལ་མྱོང་རོལ། བྱེད་སྒོའི་ནང་ད་དུང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་འགྲེམས་ཚོང་སྒྲིག་འཛུགས་བྱས་ནས་སྤུས་ལེགས་ཀྱི་ཁེ་ལས་70ལྷག་ཙམ་ཡིད་དབང་བཀུག་ནས་ནག་ཆུས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་སྤུས་ལེགས་ཚོང་ཟོག་རིགས་མང་པོ་གཅིག་སྡུད་ཐོག་འགྲེམས་སྤེལ་བྱས་པ་རེད། དུས་མཚུངས་ཚོང་འགུག་མ་དངུལ་འཇོག་པའི་རྣམ་གྲངས་གྲོས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་མཁས་ཅན་100ལྷག་ཙམ་གདན་ཞུ་བྱས་ནས། མཉམ་འདུས་ནག་ཆུ་དང་ཐུན་མོང་གྲོས་མོལ་མཉམ་ལས། མཉམ་ཇུས་འཕེལ་རྒྱས་བཅས་ཀྱི་འཐུས་མིས་ནག་ཆུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博