རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4370ཡོད་པའི་བོད་ལྗོངས་གྲོ་མོ་རྫོང་ཕག་རི་རྩྭ་ཐང་དུ་གྱོན་པའི་སྟོད་གོས་སྔོན་པོ་གྱོན་པའི་གྲིབ་གཟུགས་ཆུང་ཆུང་ཁྱུ་ཞིག་གིས་སྐེད་པ་སྒུར་ནས་གད་སྙིགས་འཚོལ་བཞིན་ཡོད་པ་སྟེ། ཁོང་ཚོ་ནི་ཕག་རི་གྲོང་རྡལ་གྱི“མཛེས་སྡུག་གི་སྤྱི་ཆིངས་ཁོར་ཡུག་སྲུང་སྐྱོབ་པ་ཆུང་ཆུང་”ཡིན་པ་རེད། ཚོགས་ཆུང་འདི་ནི་སློབ་ཆུང་སློབ་མ་20ལྷག་ཙམ་གྱིས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་དེས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་བསྐོར་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་ས་མཐོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་“གདོང་ལེན་སྟོབས་ཤུགས”སུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞབས་ཞུའི་རུ་ཁག་དེ་ནི་2023ལོའི་ཟླ་10པར་གྲུབ་པ་དང་ད་ཆ་“མཛེས་སྡུག་གི་སྤྱི་ཆིངས་ཁོར་ཡུག་སྲུང་སྐྱོབ་པ་ཆུང་ཆུང་”དང་བླངས་ཞབས་ཞུའི་རུ་ཁག་ཁྲོད་ས་བབ་མཐོ་ཤོས་དང་ཞབས་ཞུའི་རྣམ་པ་མངོན་གསལ་དོད་ཤོས་ཀྱི་དཔུང་ཁག་ཞིག་ཏུ་གྱུར་ཡོད།
2024ལོའི་ཟླ་3པ་ནས་བཟུང་གཟའ་མཇུག་དུས་ཚོད་ནང་སྲུང་སྐྱོབ་པ་ཆུང་ཆུང་དེ་དག་གིས་སྒང་ཅ་གྲོང་ཚོ་དང་ཆུས་ཅ་གྲོང་ཚོའི་གནས་སྡོད་དང་དེ་བཞིན་མཐའ་འཁོར་དུ་གད་སྙིགས་གཙང་བཤེར་བྱེད་སྒོ་སྤེལ་གྱི་ཡོད།
མིག་སྔའི་བར་རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་50ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་མི་30ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ཁོང་ཚོས་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཁྱིམ་གཞིས་མཛེས་བཟོ་བྱས་པ་མ་ཟད། ཁྱིམ་ཚང་དང་སྡེ་ཁུལ་མང་ཚོགས་ཐུན་མོང་ཐོག་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་སྡེ་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ནུས་པ་འདོན་སྤེལ་བྱས་པ་རེད།
ལོ་གཅིག་རིང་ཁོང་ཚོས་ཕག་རིའི་འོང་སྐོར་དུས་ཆེན་གྱི་གད་སྙིགས་གཙང་བཤེར་ནང་ཧུར་ཐག་ཞུགས་པ་མ་ཟད། ད་དུང་རྒྱལ་ལམ་G562ནས་འགྲོ་འོང་བྱེད་མཁན་ཡུལ་བསྐོར་བ་ཚོར་ཤེས་དཔལ་ལྡན་པའི་ཡུལ་བསྐོར་བྱེད་པ་དང་ཡུལ་བསྐོར་བ་ལ་སྲེན་ཐག་སྔོན་པོ་བཏགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྤྲད་པ་རེད།
ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་དེ་གྲུབ་པའི་དུས་ཚོད་ཐུང་ནའང་ཞབས་ཞུ་ཐེངས་མང་བ་དང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་པས་ཀྲུང་གོ་ན་ཆུང་བྱིས་པའི་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་2024ལོའི་ཟླ་1པ་དང་2025ལོའི་ཟླ་1པར་རུ་མི་2པེ་ཅིང་དུ་དུས་ཡུན་ཉིན་7གྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་གདན་འདྲེན་ཞུས་ཏེ། མི་རིགས་ཁག་གི་ན་ཆུང་བྱིས་པ་དང་མཉམ་དུ་ཀྲུང་གོ་ཚན་རིག་ཁང་དང་། པེ་ཅིང་སློབ་ཆེན། གནའ་བོའི་ཕོ་བྲང་། ལྕགས་རི་རིང་པོ་སོགས་སུ་འཚམས་འདྲི་བྱས་པ་མ་ཟད། ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་“འཁྲུག་ཆ་དོད་པའི་དཔྱིད་གསར་དུས་ཆེན་”ལེ་ཚན་ནང་ཞུགས་ཡོད། 2024ལོའི་ཟླ་10པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་ཕུལ་བྱུང་སྲུང་དམག་ཆུང་བ་16 སྒྲིག་འཛུགས་བྱས་ཏེ་“ལོ་རྒྱུས་ཀྱི་རྐང་རྗེས་འཚོལ་ནས་རིག་གནས་རྒྱུན་འཛིན་”ཞེས་པའི་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱས་ནས། འུན་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་དཔལ་ཡོན་ཡུལ་བསྐོར་དྲིལ་བསྒྲགས་བྱས་པས་ཡུལ་བསྐོར་བས་བསྔགས་བརྗོད་ཚད་མེད་ཐོབ་ཡོད།
བསོད་བསྟན་གྱིས་བསྒྱུར།
 



 
         
         
        