http://zw.xzqnb.cn/Content/weixinlogo.png
གྲོང་ཚོའི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་སྲིད་
http://zw.xzqnb.cn/m/content/2025-09/12/001381.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྟ་རྩལ་འགྲན་བསྡུར།

ཝང་ཅུན་ཀྲེང་གིས་ལྷ་སར་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བ།

等待处理…

བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

2025年09月12日

གྲོང་ཚོའི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་སྲིད་ཇུས་ཤེས་པ་དང་འབྲེལ་གཏུག་བྱེད་མཁས་པ། ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་“སྣེ་ཁྲིད་”དཔུང་ཁག་གཏོད་ཆེད་བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོར་བཅའ་སྡོད་ཆུས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་རུ་ཁག་གིས་ཏང་ཡོན་བྱེད་སྒོའི་ལྟེ་གནས་ཀྱི་གཡུལ་སར་བརྟེན་ནས་གྲོང་ཚོའི་ལས་བྱེད་པ་དང་རྗེས་གྲབས་ལས་བྱེད་པའི“འགག་རྩའི་ཉུང་ཤས་”ལ་དམིགས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མཚན་མོའི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭ་གསར་གཏོད་ཐོག་སྤེལ་ནས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཀྱི་“སྒུལ་ཤུགས་ཆེན་པོ་བཞི་”བསྐྲུན་ཡོད། མིག་སྔའི་བར་གསོ་སྦྱོང་འཛིན་གྲྭ་ཐེངས་15གཉེར་ཡོད།

གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་བྱེད་སྟངས་ཐོག་ནས་“སྣང་ཚུལ་ཅན”གྱི་མཉམ་འགུལ་སློབ་ཁྲིད་མངོན་གསལ་དོད་དུ་བཏང་སྟེ་གཞི་རིམ་ལས་དོན་གྱི་དོན་དངོས་ལ་དམིགས་ནས་སྲིད་ཇུས་སྒྲགས་བཤད་དང་། གྲོང་མིའི་གྲོས་ཆེན། འགལ་ཟླ་འདུམ་འགྲིག ལས་སྒོ་ཐག་གཅོད་སོགས་ལས་ཀའི་རྣམ་པ་མང་བ་ལད་ཟློས་བྱས་ཏེ་སློབ་མ་སྒྲིག་འཛུགས་བྱས་ནས་མི་སྣ་འཁྲབ་སྟོན་དང་དངོས་འཐབ་ནང་སྦྱོང་བྱས་ཡོད། སྐད་ཡིག་སློབ་སྦྱོང་གིས་ལས་ཀའི་དཀའ་གནད་ཐད་ཀར་གྱིས་སློབ་པ་དང་སྤྱོད་པ་མངོན་འགྱུར་བྱས་ཏེ། དེ་དང་ཆབས་ཅིག་“ཟུང་འབྲེལ་”གྱི་སློབ་རོགས་ལམ་སྲོལ་བཙུགས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་པའི་ཁོངས་མི་དང་དེ་བཞིན་རྗེས་གྲབས་ལས་བྱེད་པ་གཉིས་ཀྱིས“སློབ་སྦྱོང་ཆ་སྒྲིག་”བྱས་ཏེ། ལས་ཞོར་གྱི་དུས་ཚོད་སྤྱད་དེ་ཟླ་རེའི་རྒྱུགས་ལེན་གྱི་གཙོ་གནད་དང་རྒྱུན་གཏན་ལས་ཀའི་ཁྲོད་ཀྱི་དཀའ་གནད་དངོས་ལ་དམིགས་ནས། རྨང་གཞིའི་སྒྲ་སྦྱོར་སྒྲ་གདངས་དང་ཐ་སྙད་སློབ་ཁྲིད་བྱེད་པ་ནས་སྲིད་ཇུས་ཡིག་ཆ་སྒྲོག་སྦྱངས་ཟུར་ཁྲིད་བྱེད་པར་རིམ་བཞིན་བར་བརྒལ་བྱས། ཕན་ཚུན་སློབ་གསོ་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་རིམ་པའི་རྩ་འཛུགས་དབར་གྱི་འབྲེལ་བ་མཉམ་འདྲེས་ཀྱང་ཟབ་ཏུ་ཕྱིན་ཡོད།

གཞན་ཡང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང“གྲངས་གཞི་ཅན་དུ་འགྱུར་བའི་”བྱ་ཐབས་ལ་བརྟེན་ནས་སློབ་སྦྱོང་གི་ཐབས་ལམ་རྒྱ་ཆེར་བཏང་བ་དེ“གྲོང་མིའི་རེ་འདུན་ཨང་ཐོག་གཉེར་བའི”སྟེགས་བུའི་ཐོག་སློབ་སྦྱོང་གི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཐོན་ཁུངས་དུས་བཀག་ལྟར་ཁྱབ་གདལ་བཏང་ནས་སློབ་མར་“དྲ་ཐོག་དང་དྲ་འོག་”དུས་མཉམ་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ཡོད་པ་རེད། སློབ་སྦྱོང་གི་ཕན་འབྲས་འགན་ལེན་བྱ་ཆེད་གསོ་སྦྱོང་འཛིན་གྲྭར་ད་དུང“ལམ་ལུགས་ཅན་གྱི”དོ་དམ་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་བཏང་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚ་ཁ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཚན་མོའི་སློབ་གྲྭའི་གསོ་སྦྱོང་གི་སློབ་ཁྲིད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ། གཞི་རིམ་ཏང་འཛུགས། གྲོང་གསེབ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博