http://zw.xzqnb.cn/Content/weixinlogo.png
ཟླ9ཚེས་1ཉིན་གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞ
http://zw.xzqnb.cn/m/content/2025-09/12/001380.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྟ་རྩལ་འགྲན་བསྡུར།

ཝང་ཅུན་ཀྲེང་གིས་ལྷ་སར་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བ།

等待处理…

ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

2025年09月12日

ཟླ9ཚེས་1ཉིན་གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་“བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་ངོ་60འཁོར་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་“དོན་ཆེན་བཞི་”དང་“གསར་གཏོད་བཞི་”སྟོབས་ཤུགས་གཅིག་སྡུད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་སྤོས་པ་རེད།

ཕྱོགས་བསྡུས་སྟོབས་ཤུགས་བརྟན་པོའི་ངང་ཡར་འདེགས་ཕྱིན་པ་དང་འཕེལ་རྒྱས་སྤུས་ཚད་རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་ཤུགས་ཇེ་ཆེར་གཏོང་བ། ལྷོ་ཁ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་1990ལོའི་སྒོར་དུང་ཕྱུར་2.78ནས་2024ལོའི་སྒོར་དུང་ཕྱུར་304.42འཕར་བ་དང་ལོ་རེར་ཆ་སྙོམས་14.8%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནི1965ལོའི་སྒོར་ཁྲི་100ནས་2024ལོའི་སྒོར་དུང་ཕྱུར་21.4བར་འཕར་བ་དང་ལོ་རེར་ཆ་སྙོམས་14%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་ནི་1965ལོའི་སྒོར་ཁྲི126ནས་2024ལོའི་སྒོར་དུང་ཕྱུར193.86བར་འཕར་བ་དང་ལོ་རེར་ཆ་སྙོམས་18%འཕར་ཡོད། གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་1978ལོའི་སྒོར་143.5ནས་2024ལོའི་སྒོར་23346བར་འཕར་བ་དང་ལོ་རེར་ཆ་སྙོམས་11.7%འཕར་ཡོད།

རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་བཏང་བ་དང་འདེགས་སྐྱོར་ནུས་པ་ཁྱོན་ཡོངས་ནས་ ཤུགས་ཇེ་ཆེར་གཏོང་བ། ལོ་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་“ལྕགས་ལམ། གཞུང་ལམ། གནམ་གྲུ་”བཅས་ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་པ་དང་གཞུང་ལམ་ཤེལ་འདྲེན་བྱེད་པའི་ལམ་ཚད་བསྡོམས་བོར་1965ལོའི་སྤྱི་ལེ་500ནས་2024ལོའི་སྤྱི་ལེ་9835བར་མང་དུ་ཕྱིན་ཡོད། ཆུ་བེད་གློག་དྲའི་ཐད་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེན་དུ་འགྱུར་བ་བྱུང་བ་དང་། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་ཁེབས་ཚད་དང་སྲིད་འཛིན་གྲོང་ཚོའི་གློག་དྲ་གཙོ་བོའི་ཁྱབ་ཚད་ཚང་མ་100%ཟིན་ཡོད། འཕྲིན་གཏོང་དྲ་རྒྱའི་ཐད4Gདྲ་རྒྱ་ཡོངས་ཁྱབ་ཏུ་ཁྱབ་པ་དང་5Gདྲ་རྒྱའི་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་90%ཙམ་ཟིན་ཡོད།

ཁྱད་ཆོས་ལྡན་པའི་ཐོན་ལས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་ངང་བརྗེ་སྤོར་བྱེད་ཀྱི་ཡོད། ཞིང་འབྲོག་ལས་“གནམ་གཤིས་ལ་བརྟེན་ནས་ཟ་མ་ཟ་བའི་”ལོ་རྒྱུས་ལས་ཐར་བ་དང་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། འབྲུ་རིགས་ཐོན་ཚད་1965ལོའི་ཏུན་ཁྲི་5.9ནས་2024ལོའི་ཏུན་ཁྲི་17.58བར་འཕར་ཡོད། བཟོ་ལས་མེད་པ་ནས་ཡོད་པར་གྱུར་ཏེ་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་1965ལོའི་སྒོར་ཁྲི་26ནས་2024ལོའི་སྒོར་དུང་ཕྱུར་61.38བར་འཕར་སྣོན་བྱུང་སྟེ། དགེ་མཚན་ལྡན་པའི་གཏེར་རྫས་དང་ནུས་རྒྱུ་གཙང་བ། ཨར་སྐྲུན་ཨར་ལས་རྒྱུ་ཆ་སོགས་ཀྱི་ཐོན་ལས་གཙོ་གནད་དུ་བྱས་པའི་བཟོ་ལས་མ་ལག་ཆགས་ཡོད། དེའི་ནང་ནུས་ཁུངས་གཙང་མའི་གསར་སྤེལ་ལ་གྲུབ་འབྲས་མངོན་གསལ་དོད་དུ་ཕྱིན་ནས་ནུས་ཁུངས་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་ཝ་ཁྲི་304ཟིན་ནས་ལྗོངས་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་ཡོད།

དམངས་འཚོ་བདེ་སྐྱིད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ཇེ་མཐོར་འགྲོ་བཞིན་ཡོད། སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་བྱུང་སྟེ་སློབ་གྲྭ་སྣ་ཚོགས་ནི་1965ལོར་20ལྷག་ཙམ་ནས་2024ལོར་467བར་འཕར་ཡོད། འཕྲོད་བསྟེན་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་སྟེ་སྨན་བཅོས་ལས་ཁུངས་ནི་ཐོག་མར་ཕྱོགས་བསྡུས་སྨན་ཁང་1ལས་མེད་པ་ནས་772བར་འཕེལ་རྒྱས་བྱུང་བ་དང་ལས་ཞུགས་མི་སྣ་བརྒྱ་ལས་མི་ཉུང་བ་ནས་3895བར་མང་དུ་ཕྱིན་ཡོད། རིག་གནས་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ་གྲོང་ཁྱེར་ཡོངས་སུ་ད་ཆ་སྒྱུ་རྩལ་ཚོགས་པ་14དང་ལས་གཉེར་མི་སྣ་403བཅས་ཡོད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་303ཟིན་ཡོད། སྤྱི་ཚོགས་འགན་སྲུང་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ནས་2024ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་གི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་མི་ཐེངས་ཁྲི་29.58ཟིན་པ་དང་འགན་བཅོལ་ནང་ཞུགས་ཚད་98%ཡན་ཟིན་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博