http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚ
http://zw.xzqnb.cn/m/content/2025-08/08/001328.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འགན་གཙོ་དང་ལས་གཙོ་གཅིག་བསྡུས་ཐོག་རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་རོགས་སྐུལ་བྱས་པ།

གསར་བརྗེའི་རྗེས་ཤུལ་སྙེག སྔོན་སྐྱོད་སྙིང་སྟོབས་སྤེལ།

ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།

གླིང་ཁའི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གྲགས་ཅན་གྲོང་ཚོ་བསྐྲུན་པ།

等待处理…

ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།

ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

2025年08月08日

ཉེ་ཆར། ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས།

ཉེ་ཆར། ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་མཁན་དངོས་གྲུབ་ནོར་བུར་བྱ་དགའ་གནང་བ་དང་། དེ་རྗེས་ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་སོགས་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་རེད། བྱ་དགའ་ཐོབ་མཁན་གྱི་འཐུས་མི་དངོས་གྲུབ་ནོར་བུ་དང་། ཁུང་ཆིང་ཆོན། ཧྥུང་ཅིང་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་དང་ཚན་པ་ཡོངས་ལ་རྟེན་འབྲེལ་ཞུས་ནས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་གསར་སྐྲུན་གྱི་སྟོབས་ཤུགས་མུ་མཐུད་འདོན་དགོས། ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཚན་རྩལ་འགག་སྒྲོལ་གྱི་སྒྲིག་འཛུགས་བྱ་ཐབས་ལེགས་སུ་གཏོང་བ། ཚན་རྩལ་ལས་འགན་གལ་ཆེན་གྱི“ཁས་ལེན་གཙོ་འགན”དང་ཁས་ལེན་དམ་བཅའ་སོགས་རྣམ་གྲངས་སྒྲིག་འཛུགས་བྱེད་སྟངས་ཡག་པོ་སྤྱོད་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྐུལ་སློང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཚན་རྩལ་གསར་གཏོད་ལས་སྟེགས་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ། ས་མཐོའི་ཁྱད་ཆོས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་བ།

ཚན་རྩལ་ཁྱབ་ཁོངས་ཀྱི་སྒོ་དབྱེ་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཚན་ཞིབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་སློབ་ཀྱི་མཉམ་སྒྲུབ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བར་དམིགས་པ། ཚན་སློབ་མཉམ་སྒྲུབ་ཀྱི་མི་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་ཁང་དང་སུའོ་དང་མཐོ་སློབ་ཀྱི་ནུས་པ་འདོན་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་རིག་ཞིབ་འཇུག་དང་སྤུས་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དབར་ཕན་ཚུན་རྒྱབ་སྐྱོར་ཐུབ་པར་བྱེད་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྐྱོང་འདྲེན་སྤྱོད་ཉར”གྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱེད་པ། གསར་གཏོད་རྣམ་པ་དང་། ཉེར་སྤྱོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་མགྱོགས་མྱུར་བྱེད་པ། ཤེས་ལྡན་པའི་ཞབས་ཞུའི་འགན་སྲུང་ལམ་སྲོལ་ལེགས་སུ་གཏོང་བ། ཤེས་ལྡན་པའི་གསར་གཏོད་ཀྱི་མངོན་མེད་སྟོབས་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ནས། མི་ནུས་གང་ཡོད་འདོན་པ་དང་འཇོན་ཐང་གང་ཡོད་ངོམ་ཐུབ་པར་བྱེད་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་གཡུལ་ས་གཙོ་བོའི་ནུས་པ་དང་ཚན་རྩལ་ཁང་དང་རྟེན་མཛོད་ཁང་སོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྒྲིག་བཀོད་ཀྱི་ནུས་པ་འདོན་པ། ཚན་རིག་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་བྱེད་ཐུབ་པར་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་ལ་དམིགས་པ་དང་ཚན་རྩལ་འགག་སྒྲོལ་ལ་ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ལ་བརྟེན་ནས་འཐབ་འཛིང་གི་ནུས་པ་ཆེ་རུ་གཏོང་བ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པའི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ས་མཐོར་སྤྱོད་པར་འཚམ་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཡང་དག་འདེམས་པ་དང་གཙོ་གནད་འབུར་དུ་ཐོན་པ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རྒྱུན་སྤྱོད་མཁའ་འགྲུལ་སོགས“ཐོན་ལས་ཆེན་པོ་དགུར”སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་ཆ་གསར་པ་དང་སྒུལ་ནུས་གསར་པ་སྣོན་དགོས། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ། ཆུ་དང་རླུང་ཁམས་ཆེན་པོ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་གི་འཕྲལ་སྡོམ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་དམངས་འཚོ་ལེགས་བཅོས་མཐའ་འཁྱོངས་ཀྱིས“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”ཡག་པོ་བྱེད་པ་དང་། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། ནད་གཞི་ཚབས་ཆེན་འགོག་བཅོས་དང་། ས་མཐོའི་གསོ་རིག་དང་བོད་ཀྱི་གསོ་བ་རིག་པ་སོགས་ཐད་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། རྒྱང་ཁྲིད་སློབ་གསོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་མཐའ་སྟོབས་མཐའ་བརྟན་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་དེ་ཉིད་མཐའ་སྟོབས་མཐའ་བརྟན་དང་མཐའ་དར་གྱི་ལྷུ་ཚིགས་ཁག་ཏུ་མཉམ་འདྲེས་བྱེད་པ་དང་། རིག་ལྡན་མཐའ་སྲུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ་བཅས་བྱས་ནས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས། ཏང་གིས་ཚན་རྩལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གསར་གཏོད་འཕེལ་རྒྱས་ལ་འགོ་ཁྲིད་དང་སྒྲིག་འཛུགས་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་ཏན་ཏིག་ཁུར་ནས། ཚན་རྩལ་གསར་གཏོད་ལས་དོན་དེ་ཉིད་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་གཙོ་གནད་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དཔེ་མཚོན་གྱིས་ལམ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རྣམ་པ་བཟང་པོ་གཏོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཚན་རིག་ཤེས་བྱར་སློབ་སྦྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པའི་འཇོན་ཐང་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་ཐད་ཀྱི་མཐུན་རྐྱེན་སྐུལ་སློང་གང་ལེགས་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

པ་ཚེ་དང་བསོད་བདེ་གཞོན་པས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博