http://zw.xzqnb.cn/Content/weixinlogo.png
ཉེ་བའི་ལོ་འགའི་རིང་ལ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས
http://zw.xzqnb.cn/m/content/2025-08/08/001326.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འགན་གཙོ་དང་ལས་གཙོ་གཅིག་བསྡུས་ཐོག་རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་རོགས་སྐུལ་བྱས་པ།

གསར་བརྗེའི་རྗེས་ཤུལ་སྙེག སྔོན་སྐྱོད་སྙིང་སྟོབས་སྤེལ།

ལྗོངས་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།

གླིང་ཁའི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གྲགས་ཅན་གྲོང་ཚོ་བསྐྲུན་པ།

等待处理…

ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འགན་གཙོ་དང་ལས་གཙོ་གཅིག་བསྡུས་ཐོག་རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་རོགས་སྐུལ་བྱས་པ།

2025年08月08日

ཉེ་བའི་ལོ་འགའི་རིང་ལ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་འགན་གཙོ་དང་ལས་གཙོ་གཅིག་བསྡུས་ཐོག་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཆེན་པོའི་ནང་ཧུར་ཐག་ཞུགས་པ། འགལ་བའི་རྩོད་གཞི་གཞི་རིམ་དུ་སེལ་ནས་གཏུག་བཤེར་སྔོན་དུ་མཚམས་འཇོག་བཅས་བྱ་རྒྱུར་འབད་བརྩོན་བྱས་ཏེ། རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཡོན་ཀྲང་གཞོན་པ་ཡོན་དབྱིན་དབྱིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74ཚང་མ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ནས་ཁྲིམས་དཔོན་47དང་། ཁྲིམས་དཔོན་ལས་རོགས་24དང་། ཁྲིམས་སའི་དྲུང་ཡིག45དང་ཆེད་མངག་གདན་ཞུ་འདུམ་སྒྲིག་པ་14བཅས་བདམས་ནས་མངགས་ཡོད་པ་རེད། ཁྲིམས་ཁང་གིས་ཁྲིམས་འཛིན་དང་མི་ཤུགས། སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན་12དང་མཉམ་འགུལ་ཧུར་ཐག་བྱས་ཏེ་“སྤྱི་དང་སྤྱི་”དྲ་ཐོག་གཏུག་བཤེར་སྙོམ་སྒྲིག་དང་འབྲེལ་མཐུད་ལམ་སྲོལ་བཙུགས་ནས་རྩོད་གཞི་ཐག་གཅོད་བྱེད་པའི“གྲོགས་ཚོམས་”རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཡོད། མིག་སྔའི་བར་མི་དམངས་ཁྲིམས་ཁང་འདུམ་སྒྲིག་སྟེགས་བུར་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་སྒྲིག་རྩ་འཛུགས་135དང་། གཞི་རིམ་བཅོས་སྐྱོང་སྡེ་ཚན་1040དང་འདུམ་སྒྲིག་མི་སྣ་1131བཅས་ཀྱིས་ལེགས་གྲུབ་ངང་རྩོད་གཞི་དང་གྱོད་གཞི་4801སེལ་བ། མི་དམངས་འདུམ་སྒྲིག་རྩ་འཛུགས་འགལ་བ་ཐག་གཅོད་བྱ་རྒྱུའི་མངགས་བཅོལ་རྩོད་གཞི་13362དང་ཁྲིམས་འཛིན་གྱིས་3045གཏན་འཁེལ་ལེགས་གྲུབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“གྱོད་སྒྲུབ་ནི་བཅོས་སྐྱོང་ཡིན”ཞེས་པའི་འདུ་ཤེས་ལྟ་བ་ལ་གཞི་བྱས་ཏེ་རྒྱུན་མཐུད་ངང་དུས་རབས་གསར་པའི་མི་དམངས་ཁྲིམས་ར་དང་ འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རྒྱུའི“ཁྲིམས་ར་གཉིས”འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་བླ་སྲོག་ལག་བསྟར་སྤེལ་བ་དང་རྨང་གཞིའི་ཁྲིམས་ར་སྟོབས་ཆེར་གཏོང་བ་སོགས“ལས་གྲྭ་ཆེན་མོ་དྲུག་” བསྐྲུན་པ་རེད། ཁྲིམས་ཆད་ནན་གཅོད་ཉེས་གསོག་སྲུང་སྐྱོང་གི་བརྟན་ལྷིང་ནི་2023ལོ་ནས་བཟུང་འདྲི་ཞིབ་མཇུག་སྒྲིལ་ཉེས་དོན་གྱི་གྱོད་གཞི་7200ལྷག་ཙམ་ཡོད་པ་དང་། རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་ཉེས་གསོག་གཙང་སེལ་དང་ངན་སེལ་བྱེད་པར་སྐུལ་འདེད་གཏོང་བ། གློག་འཕྲིན་གྱི་ཁ་བསླུས་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་གི་ཡོད་པ་རེད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བསྟུད་མར་ལོ་གསུམ་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྲིད་འཛིན་གྱོད་གཞིའི་ཁྲིམས་འཛིན་ཞིབ་བཤེར་ཕུལ་བ་མ་ཟད། མཉམ་འབྲེལ་ཐོག་སྲིད་འཛིན་རྩོད་གླེང་དོན་དངོས་ཐག་གཅོད་བྱེད་པ་སོགས་ཀྱི་བསམ་འཆར་བཟོས་པ་རེད། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ། “ལག་བསྟར་བྱས་ནས་རྩད་ཆོད་པ་”བཀོལ་སྤྱོད་མཛུབ་ཁྲིད་(ལག་བསྟར་གྱོད་གཞི་སྤོ་སྐྱེལ་དང་མ་རྩ་རྡིབ་པའི་ཞིབ་བཤེར་ལམ་ལུགས་)གཏན་འབེབས་བྱས་པ་དང་། འོས་འཚམ་ངང་འབྲེལ་ཡོད་གྱོད་གཞི་53494དང་། མ་རྩ་རྡིབ་པའི་གྱོད་གཞི་27 ཞིབ་གཅོད་མཇུག་སྒྲིལ་བྱས་པ་རེད། ཉེ་བའི་ལོ་གསུམ་རིང་ཁྲིམས་ལྟར་འདྲི་ཞིབ་སྐྱེ་ཁམས་ཁོར་ཡུག་གྱོད་གཞི་ལྷ་ས་དང་ལྷོ་ཁའི་ཆེད་དམིགས་ཁྲིམས་ཁང་གིས་ལྷོ་བྱང་རི་རྒྱུད་སྔོ་འགྱུར་གྱོད་གཞི་408འདྲི་གཅོད་ལག་བསྟར་བྱས། “དོན་དངོས་ཀྱི་ཐག་གཅོད་དཀའ་ངལ་ཡོད་པར་”དཀའ་གནད་སྒྲོལ་བ་དང་སྡེ་ཚན་37དང་མཉམ་འགུལ་གྱིས“འབྲུག་སྒྲ་2023”སོགས་ཀྱི་བྱ་སྤྱོད་སྤེལ་ནས་ཉེ་བའི་ལོ་གསུམ་རིང་མདུད་ཐིག་ལག་བསྟར་བྱས་པའི་གྱོད་གཞི་87404བྱུང་བ་དང་། སྒོར་དུང་ཕྱུར་110.18ལག་བསྟར་དོན་འཁྱོལ་བྱས་ཡོད།

མི་དམངས་ཁྲིམས་ར་ཡིས“མང་ཚོགས་གང་དུ་ཡོད་ན་ཁྲིམས་འཛིན་ཞབས་ཞུ་དེ་གར་ཡོད་”ཅེས་པར་གཞི་ཚུགས་ཤིང་། འདི་ལོ་ནས་བཟུང་འདྲི་ཞིབ་གྱོད་གཞི་4517དང་འདྲི་ཞིབ་མཇུག་སྒྲིལ་གྱོད་གཞི་3404བྱུང་ཡོད། འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ཁང་གིས་བདག་སྤྲོད་བསྐོར་སྐྱོད་གྱོད་དོན་2600བསྒྲུབས་ནས་ལམ་ཐག་སྤྱི་ལེ་ཁྲི་51ལྷག་ཙམ་ཟིན་ཞིང་། མང་ཚོགས་ཀྱི་བློ་འདྲི་ལ་ལན་འདེབས་པ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་882སྤེལ་བ་དང་། དྲིལ་བསྒྲགས་རྒྱུ་ཆ་ཁྲི་34ལྷག་ཙམ་བཀྲམ་པས་ཁེ་ཕན་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་8ལྷག་ཙམ་ཟིན་ཡོད།

ཡོན་དབྱིན་དབྱིང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱུན་མཐུད་ངང་“མདུན་སྣེ་དམ་འཛིན་དང་། ནད་མེད་འགོག་བཅོས་”མཐའ་འཁྱོངས་བྱས་པ་དང་། རང་འགུལ་ངང་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་ནང་མཉམ་འདྲེས་བྱས་ཏེ་བོད་ཀྱི་ཁྲིམས་ཁང་གིས་ཧུར་ཐག་ངང་ཞབས་ཞུ་སྒྲུབ་ནས་དུས་རབས་ཀྱི་དྲིན་ལན་ཧུར་ཐག་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博