http://zw.xzqnb.cn/Content/weixinlogo.png
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ་ནི
http://zw.xzqnb.cn/m/content/2025-08/08/001323.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གླིང་ཁའི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གྲགས་ཅན་གྲོང་ཚོ་བསྐྲུན་པ།

གྲོང་ཚོར་གླེང་སྟེགས་གཉེར། མང་ཚོགས་བློ་རྒྱ་འབྱེད།

2025ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ལས་གནས་སུ་བསྐྱོད་པ།

等待处理…

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོས།

གླིང་ཁའི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གྲགས་ཅན་གྲོང་ཚོ་བསྐྲུན་པ།

2025年08月08日

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ནང་སྤྱང་གྲུང་ལྡན་པའི་ཨ་ཁུ་སྟོན་པའི་ཕ་ཡུལ་རེད་ཅེས་ཤོད་སྲོལ་ཡོད། གྲོང་ཚོའི་ཟངས་རྡུང་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་ལ་རྩལ་ནུས་ཁྱད་དུ་འཕགས་པས། ཉེ་རིང་གང་སར་སྐད་གྲགས་ཆོད།

རྒྱལ་ལམ་318ནས་སྟག་རྩེ་གྲོང་ཁུལ་དུ་བསྐྱོད་པ་དང་དེ་ནས་བདེ་ཆེན་གྲོང་རྡལ་སྲིད་གཞུང་གནས་ཡུལ་གྱི་ཤར་ཕྱོགས་ནས་རྡོ་ཧྲུག་ལམ་བརྒྱུད་དེ་ལྷོ་ཕྱོགས་སུ་སྤྱི་ལེ་5ཙམ་བསྐྱོད་རྗེས། ང་ཚོ་བཅར་འདྲི་ཚོགས་པ་གཞི་ནས་པད་ནག་གྲོང་ཚོར་འབྱོར།

པད་ནག་གྲོང་ཚོར་འབྱོར་སྐབས་ལོ་84ལ་སླེབས་པའི་བགྲེས་སོང་རྣམ་གྲོལ་ལགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་ང་ཚོར་བསུ་བ་ཞུས་ཤིང་། ཁོང་གི་ཞབས་ཐང་པོ་མེད་ཀྱང་བཞིན་རས་ནས་འཕྱུར་བའི་འཛུམ་མདངས་ལས་བདེ་སྐྱིད་འཚོ་བར་རོལ་བཞིན་པ་ཚོར་ཐུབ་ཅིང་། བགྲེས་སོང་ཁོང་པད་ནག་གྲོང་ཚོ་ནས་ཁ་བྲལ་མྱོང་མེད་ཅིང་། མེས་པོ་ཚོ་དང་འདྲ་བར་ས་རྒྱུ་གཤིན་པོ་དེའི་ཐོག་སོ་ནམ་ལས་ལ་གཞོལ་ཏེ་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད།

“ང་པད་ནག་གྲོང་ཚོར་འཚོ་བ་བསྐྱལ་ནས་ལོ་80ལྷག་ཙམ་འགྲོ་གི་འདུག གྲོང་ཚོ་ནས་ཁ་འབྲལ་མྱོང་མེད། སྔོན་མ་གྲོང་ཚོའི་མི་རྣམས་གཙོ་བོ་ཞིང་འབྲོག་ལས་དང་ཟངས་རྡུང་ལག་རྩལ་ལ་བརྟེན་ནས་བདེ་བདེ་ལྷོད་ལྷོད་ཀྱི་འཚོ་བ་སྐྱེལ་གྱི་ཡོད། ལོ་རབས་90པ་ནས་བཟུང་གྲོང་མི་ཁག་གཅིག་ཕྱིར་གླ་པའམ་ཡང་ན་སྐྱེལ་འདྲེན་ལས་ལ་གཞོལ་ཏེ་ཡོང་འབབ་གསོག་འགོ་ཚུགས་ཤིང་། ཁོང་ཚོ་ཡང་གྲོང་ཚོའི་ཕྱུག་འགྱུར་པ་ཁག་དང་པོ་རེད་ལ། ཕ་ཡུལ་ལ་ལེགས་སྐྱེས་འབུལ་མཁན་སྔ་ཤོས་ཀྱི་གྲས་ཀྱང་རེད། གླིང་ཁ་དེ་ཡང་ཁོང་ཚོའི་འབད་བརྩོན་དང་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་འོག རིམ་བཞིན་བསྐྲུན་པ་ཞིག་རེད”ཅེས་བགྲེས་སོང་རྣམ་གྲོལ་གྱིས་དྲན་གསོ་བྱེད་ཀྱིན་བརྗོད་བྱུང་།

2020ལོ་ནས་བཟུང་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་འཁྲུག་ཏུ་གཏོང་ཆེད། རང་ལྗོངས་ཀྱིས“རང་ཡུལ་གྱི་མི་རང་ཡུལ་དུ་ལྗོངས་རྒྱུ་བྱེད་པའི”བྱེད་སྒོ་ཁྱབ་གདལ་ཤུགས་ཆེན་བཏང་བར་བརྟེན། སྲོལ་རྒྱུན་གྱི་གླིང་ཁའི་རིག་གནས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད།

ད་ཆ་གླིང་ཁའི་དཔལ་འབྱོར་ནི་བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་ཀ་རྟེན་གལ་ཆེན་གྱི་གྲས་སུ་གྱུར་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་ཡང་གྱུར་ཡོད།

གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཤིག་ཡོད་དགོས་ལ། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཅིག་ཀྱང་ཡོད་དགོས། ཡུལ་སྐོར་བ་མང་དུ་འགྲོ་བའི་སྐབས་དང་བསྟུན་ནས། ཡུལ་སོ་སོས་གླིང་ཁའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་ལ་རེ་བ་མཐོ་པོ་བཏོན་ཡོད།

2021ལོ་ནས་བཟུང་སྟག་རྩེ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྟག་རྩེ་ཆུས་ཀྱི་གླིང་ཁ་གཏོང་ས་48ལ་བརྟག་ཞིབ་བྱས་པ་མ་ཟད། ཅང་སུའུ་ནས་བོད་སྐྱོར་མ་དངུལ་སྒོར་ཁྲི་800རེ་ཞུ་བྱས་ནས་ས་ཆ་ལེགས་པ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡང་རྨང་གཞིའི་ཆ་རྐྱེན་ཅུང་ཞན་པའི་གླིང་ཁ་གཏོང་ས་བཅུ་ལ་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།

པད་ནག་གྲོང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས།

གྲོང་མི་ཕུར་བུས“དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་འདུག ང་ཚོ་ནང་མི་འདི་གར་གླིང་ཁ་གཏོང་བར་ཡོང་བ་ཡིན། དངོས་གནས་སྐྱིད་པོ་འདུག”ཅེས་བརྗོད་བྱུང་།

ན་ཁའི་ཐོག་བརྒྱབ་པའི་གུར་ཆུང་ཆུང་དེ་དག་པད་ནག་གྲོང་ཚོའི་འབབ་ཁུངས་ཡིན་པ་དང་གྲོང་མི་ཚོར་ཡང་ཕན་འབྲས་མི་དམན་པ་ཞིག་ཐོན་ཡོད།

“གླིང་ཁ་གཏོང་ས་མ་བཙུགས་གོང་། ང་ཚོ་ཕྱིར་གླ་པར་འགྲོ་གི་ཡོད། ཡོང་འབབ་ཀྱང་བརྟན་པོ་མེད། ད་ཆ་གླིང་ཁར་ལས་ཀ་བྱེད་ཀྱི་ཡོད་པས་ལས་ཟོར་ཡང་བ་མ་ཟད་ཡོང་འབབ་ཀྱང་བརྟན་པོ་འདུག ན་ནིང་བགོ་འགྲེམས་སྒོར་5000རག་བྱུང་། ད་ལོ་གླིང་ཁ་གཏོང་མཁན་མང་པོ་འདུག་པས་ཡོང་འབབ་དེ་ལས་མང་བ་ཡོང་རྒྱུ་གཏན་འཁེལ་རེད”ཅེས་པད་ནག་གྲོང་ཚོའི་ཚོགས་ཆུང་བརྒྱད་པའི་གྲོང་མི་ཕུན་ཚོགས་རྒྱལ་པོས་གདེང་ཚོད་ཆེན་པོ་བཤད།

ཕུན་ཚོགས་རྒྱལ་པོ་དང་འདྲ་བར་གླིང་ཁར་ལས་ཀ་བྱེད་མཁན་ཡུལ་མི་བཅུ་ལྷག་ཙམ་ཡོད་ཅིང་། ཚོགས་ཆུང་བརྒྱད་པས་གླིང་ཁ་གཏོང་ས་བཟོས་པ་ནས་བཟུང་ཡུལ་མི་མང་པོ་ཞིག་དེར་ལས་ཀ་བྱེད་ཀྱི་ཡོད། སྟག་རྩེ་ཆུས་ཀྱི་གླིང་ཁ་རིམ་སྤོར་བྱེད་སྐབས། ན་ནིང་སྲིད་གཞུང་གིས་གུར་གསར་པ་བརྒྱབ་པ་དང་ལམ་བཟོས་པ་མ་ཟད། ཁེ་བཟང་ཡང་མང་ཚོགས་ལ་བགོས་ཡོད། གླིང་ཁ་གཏོང་མཁན་མང་དུ་ཕྱིན་པར་བརྟེན་གླིང་ཁའི་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་ཞབས་འདེགས་ཞུ་སྟངས་ཀྱང་ལེགས་སུ་བཏང་ཡོད།

པད་ནག་གྲོང་ཚོའི་ཚོགས་ཆུང་བཞི་པས་ཀྱང་རང་ཉིད་ཀྱི་ལེགས་ཆར་བརྟེན་ནས་གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་ཚོགས་ཆུང་དེས་གླིང་ཁ་ཇུས་འགོད་བྱེད་བཞིན་ཡོད་པ་དང་ཕྱིས་སུ“གཞུང་ཁོངས་ཁེ་ལས་དང་ཚོགས་ཆུང”མཉམ་སྡེབ་ཀྱི་རྣམ་པའི་ལམ་ནས་གཉེར་སྐྱོང་བྱ་རྒྱུ་དང་། ཡོང་འབབ་གྲོང་མིར་བགོས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།

“གྲོང་ཚོའི་མཉམ་སྡེབ་ཀྱིས་གླིང་ཁར་གཅིག་གྱུར་ཐོག་དོ་དམ་བྱེད་པ་དང་གྲོང་མིས་རེས་མོས་བྱས་ནས་གླིང་ཁར་ལས་ཀ་བྱེད་ཀྱི་ཡོད་ལ། ལོ་མཇུག་ཏུ་བགོ་འགྲེམས་ཀྱང་བགོས་ཀྱི་ཡོད”ཅེས་པད་ནག་གྲོང་ཚོའི་ཀྲུའུ་རེན་གཞོན་པ་ལྷག་པ་དབང་འདུས་ཀྱིས་བཤད།

བགྲེས་སོང་རྣམ་གྲོལ་གྱིས“གླིང་ཁ་གཏོང་ས་བཟོས་པ་ནས་བཟུང་ང་ཚོའི་གྲོང་ཚོ་སྐད་གྲགས་ཆོད་པ་མ་ཟད། ཕྱུག་པོའང་ཆགས་སོང་། ང་ལ་ལོ་ལྟར་བགོ་འགྲེམས་སྒོར་སྟོང་ཕྲག་ཁ་ཤས་ལེན་རྒྱུ་ཡོད་པས། ཚེ་མཇུག་གི་འཚོ་བ་སྐྱིད་ཐག་ཆོད་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།

པ་སངས་དང་ཚེ་ཁོས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博