http://zw.xzqnb.cn/Content/weixinlogo.png
འདི་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་དང་བཅའ་སྡོད
http://zw.xzqnb.cn/m/content/2025-08/01/001316.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གསར་བརྗེའི་ཁྲག་རྒྱུན་འཛིན། མཐའ་སྲུང་ལྕགས་རི་བསྐྲུན།

དྲ་ཐོག་ནས་མ་རབས་ཐ་ཤལ་གྱིས་བྱ་སྤྱོད་སྤེལ་མཁན་ལ་གཟབ་དགོས།

ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་སེ་འབྲུའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕུན་ སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

等待处理…

གསར་བརྗེའི་ཁྲག་རྒྱུན་འཛིན། མཐའ་སྲུང་ལྕགས་རི་བསྐྲུན།

ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་གྱིས་བརྗོད་དོན་གཙོ་བོའི་མཐའ་མཚམས་སྐོར་གཡེང་གི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

2025年08月01日

འདི་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་དང་བཅའ་སྡོད་བྱ་ཡུལ་གྱི་མཉམ་སྐྲུན་ཚན་པའི་ཁོངས་མིས་མཉམ་དུ་མཐའ་མཚམས་སྐོར་གཡེང་བྱེད་པ།

ཟླ་7ཚེས་1ཉིན་གྱི་ཞོགས་པར། ཉི་འོད་རི་རྩེར་འཕྲོས་མ་ཐག་གཞིས་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་བཅའ་སྡོད་བྱ་ཡུལ་གྱི་ཏང་ཨུད་དང་སྲིད་གཞུང་། སྡེ་ཁུལ་ཨུ་ཡོན་ལྷན་ཁང་། མེ་གསོད་ས་ཚིགས་སོགས་མཉམ་སྐྲུན་ཚན་པ་ལས་གྲུབ་པའི་མཉམ་འབྲེལ་སྐོར་ཞིབ་དཔུང་ཁག་ཅིག་གི་ལས་མིས་ལས་གོས་གྱོན་ནས་ཐོན་ཏེ། “གསར་བརྗེའི་ཁྲག་རྒྱུན་འཛིན། མཐའ་སྲུང་ལྕགས་རི་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་མཐའ་མཚམས་སྐོར་གཡེང་གི་བྱེད་སྒོ་སྤེལ་བ་རེད།

རྐང་རྗེས་མང་པོ་བཞག་པའི་མཐའ་མཚམས་སྐོར་གཡེང་གི་ལམ་ཆུང་ཞིག་གི་འགྲམ་དུ། གསོན་ཉམས་དོད་པའི་མཐའ་མཚམས་ཀྱི་ཏང་གི་སློབ་ཚན་ཞིག་འཚོགས་པ་རེད། ལོ་བདུན་ཅུར་སླེབས་ཉེར་ཡོད་པའི་ཏང་ཡོན་རྒན་གྲས་དང་སྔོན་ཆད་མཐའ་སྲུང་སྐོར་ཞིབ་རུ་ཁག་གི་རྐང་འཛིན་པ་རྨོ་བོ་བདེ་ཆེན་ལ་ཚང་མས་བསྐོར་ནས་བསྡད། ཁོང་གི་གཉེར་མས་ཁེངས་པའི་ལག་ཟུང་གིས་ལམ་འགྲམ་གྱི་རྡོ་བར་བྱིལ་བྱིལ་བྱེད་ཀྱིན་བློ་རྩ་བརྟན་པོས་འདས་སོང་ལ་ཕྱིར་དྲན་བྱེད་བཞིན་དུ“ལོ་40ཡི་གོང་དུ་ད་ལྟའི་ལམ་དེ་མེད། ང་ཚོའི་མཐའ་སྲུང་རུ་ཁག་གིས‘རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བ་བྱེད་རྒྱུའི’དད་སེམས་བརྟན་པོར་བརྟེན་ནས། དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་ཕག་རིའི་ས་ཆ་གང་སར་སྐོར་གཡེང་དུ་བསྐྱོད་ཡོད”ཅེས་བཤད། ཀྱག་ཀྱོག་གི་རི་ལམ་བརྒྱུད་ན་གཞོན་ཉེན་རྟོག་པ་ཚོས་མི་རབས་གོང་མའི་རྒྱུན་འཛིན་ནས་སྐོར་གཡེང་དུ་བསྐྱོད་དེ། བརྗིད་ཆགས་ཡིད་དུ་འོང་བའི་རི་ཆུ་སྲུང་བའི་ལས་འགན་མུ་མཐུད་འཁུར་བཞིན་ཡོད།

མཐའ་མཚམས་ཀྱི་གྱ་གྱུའི་ལམ་ཆུང་ཐོག་ལས་གོས་མི་འདྲ་བ་གྱོན་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་དང་། སྲིད་གཞུང་གི་ལས་དོན་པ། སྡེ་ཁུལ་གྱི་ལས་དོན་པ་བཅས་ཀྱིས་མཉམ་དུ་བསྐྱོད་ནས་ཉེན་རྟོག་པ་དང་ས་གནས་ཀྱི“འགོག་སྲུང་གྱང”བརྟན་པོ་ཞིག་བསྐྲུན་ཡོད། ཉི་མ་ནུབ་རིར་བཞུད་ལ་ཁད་དུ་མཉམ་འབྲེལ་སྐོར་གཡེང་དཔུང་ཁག་གི་ཉིན་དེའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ཞིང་། རི་རྩེའི་སྟེང་བྲིས་སྐྱོར་བྱས་པའི“གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡི་གེ་ཆེན་པོ་ལས་དགོང་མོའི་མཚམས་སྤྲིན་ཁྲོད་འོད་མདངས་འཚེར་ལ། སྐོར་གཡེང་ལམ་ཆུང་དུ་ལྷག་བསམ་རྣམ་པར་དག་པའི་རྐང་རྗེས་ཀྱང་བཞག་ཡོད།

བསོད་ནམས་དཔའ་མོས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博