དྲ་ཐོག་ནས་མགོ་བསྐོར་བསླུ་བྲིད་དང་ཁ་བསླུས་རྒྱག་པ། མི་དང་དངོས་པོ་སོགས་ལ་ཁ་གཡར་ཏེ་ཐ་ཤལ་གྱི་བྱ་སྤྱོད་སྤེལ་མཁན་དང་། ཚོང་ཟོག་རྫུན་མ་ཚོང་གཉེར་བྱེད་པ། ཁྲིམས་མཐུན་མིན་པའི་དྲ་ཐོག་ནས་རྒན་རྒོན་དང་། ནད་པ། དབང་པོ་སྐྱོན་ཅན། ནར་མི་སོན་པའི་བྱིས་པ་སོགས་ཀྱི་འདྲ་པར་བསྟན་ཏེ་རང་ཉིད་ལ་ཁེ་ཕན་རགས་ཐབས་དང་། ཁེ་ཕན་སྐྲུན་ཐབས་བྱེད་པའི་བྱ་སྤྱོད་དེ་རིགས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ཀྱི་དྭངས་གཙང་རྣམ་པར་བཙོག་སྐྱོན་བཟོ་ཡི་ཡོད་ལ། དྲ་ཐོག་དང་སྐད་འཕྲིན་ཐོག་ནས་མི་ངོ་མ་དངོས་སུ་ཐུག་རེས་དང་མཐོང་རེས་མེད་ཀྱང་མིའི་ལུས་ཐོག་ནས་མི་དམངས་ཤོག་སྒོར་དང་། དེ་མིན་དངོས་རྫས་རིགས་རག་ཐབས་ཀྱིས་ཐབས་ཤེས་སྣ་ཚོགས་བེད་སྤྱོད་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་དམངས་ཀྱི་ཁེ་དབང་དང་། དཔལ་འབྱོར་ལ་གནོད་འཚེ་ཤུགས་ཆེན་བཟོ་བཞིན་ཡོད་པས་བྱ་སྤྱོད་དེ་རིགས་ངེས་པར་ཡིད་གཟབ་བྱེད་དགོས།
གནད་དོན་ལ་ཞིབ་དཔྱད་ཀྱིས་ཐེར་འདོན་སྔོན་འགོག་དང་། གཙང་བཤེར། དྲ་ཐོག་ནས་ལྷག་པའི་གནས་ཚུལ་དང་། གྱོད་གཞི། ཟང་ཟིང་རྙོག་འཛིང་གི་འགལ་ཟླ་སོགས་ངེས་པར་དུ་རྩད་འཚོལ་ཞིབ་ཕྲ་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་ནན་པོ་དང་། དམིགས་བཀར་གྱི་ཆེད་དོན་ལ་དོ་འཁུར་ནན་ཏན་གྱིས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་། བདེ་འཇགས། ཁེ་དབང་ལ་སྲུང་སྐྱོབ་དང་འགན་སྲུང་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན། དྲ་ཐོག་ནས་བཀྲམ་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་དེ་རིགས་བཀག་འགོག་བྱ་དགོས།
མི་ཁག་གཅིག་གིས་རང་ཉིད་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན་སོགས་ཆེད་ལས་ཀྱི་ཁྱབ་ཁུངས་མི་སྣ་ཡིན་ཁུལ་བྱས་ཏེ་ཆེད་ལས་ཀྱི་ལས་དོན་དང་། ཞབས་ཞུ་སྒྲུབ་པར་ཁ་གཡར་ནས་སློབ་ཚན་རྫུན་མ་ཚོགས་པ། ངོ་ཚ་ཁྲེལ་མེད་ཀྱིས་ནང་དོན་དང་། གཟུགས་བརྙན་སྣ་ཚོགས་དྲ་ཐོག་ཏུ་བཀྲམ་སྟེ་སྤྱི་ཚོགས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ། བཞི་ནས་གཞན་ལ་དམའ་འབེབས་བྱེད་པ། ཐ་ཤལ་གྱི་བྱ་སྤྱོད་སྤེལ་ནས་རང་ཉིད་ལ་དངུལ་དང་ཅ་དངོས་རིགས་རགས་ཐབས་དང་། རྒྱ་ཆེའི་འཛད་སྤྱོད་པར་མགོ་བསྐོར་བཏང་ནས་ཅ་དངོས་རྫུན་མ་ཚོང་བ་དང་། རིན་ཐང་བྲལ་བའི་ཅ་དངོས་ཡིན་ཁུལ་བྱས་ཏེ་ཅ་དངོས་ཀྱི་ནུས་པ་དང་སྤུས་ཚད་ཧ་ལས་པ་ཡོད་ཅེས་འུད་སྒྲོག་བྱེད་པ། ཟས་རིགས་དང་སྡེབ་ཚོང་ལ་ཧམ་ཤེད་བྱས་ཏེ་འཛད་སྤྱོད་པར་གྱོང་གུན་ཚབས་ཆེན་བཟོ་མཁན་ཚོ་ལ་སྤྱི་ཚོགས་ཀྱི་མི་ཚང་མས་དོ་སྣང་བྱས་ནས་རང་ཉིད་ཁོ་ཚོའི་མགོ་འཁོར་འོག་ཏུ་མི་ཚུད་པ་བྱེད་དགོས།
བསོད་ནམས་བཀྲ་ཤིས།