西藏青年报藏文版ཕྱོགས་བསྡུས། གསར་བརྗེའི་ཁྲག་རྒྱུན་འཛིན། མཐའ་སྲུང་ལྕགས་རི་བསྐྲུན། དྲ་ཐོག་ནས་མ་རབས་ཐ་ཤལ་གྱིས་བྱ་སྤྱོད་སྤེལ་མཁན་ལ་གཟབ་དགོས། ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་སེ་འབྲུའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕུན་ སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

放大 缩小 默认

ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་སེ་འབྲུའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕུན་ སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

ཟླ་7ཚེས་19ཉིན་དུས་རིམ་ཉིན་10ཡི་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་“སེ་འབྲུའི་བུམ་པའི་”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་འདྲེན་འགྲན་བསྡུར་དེ་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་དུ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ནང་ཨན་ཧུའེ་དང་ཧུའུ་ནན་གྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་རང་ནས་ཡོང་བའི་འཐུས་མི་བཅས་ཁྱོན་བསྡོམས་རུ་ཁག་10འགྲན་བསྡུར་ནང་ཞུགས་ཡོད་པ་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡོད་པའི་སྔོ་ལྗང་ཐོག་ལུས་རྩལ་པ་ཚོས་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་སྤོ་ལོའི་འགྲན་རྩལ་མངོན་པ་མ་ཟད། “མཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་གཉིས་པའི་”ལུས་རྩལ་གྱི་སྙིང་སྟོབས་ཡང་མངོན་ནས་ཐེངས་24ཡི་འགྲན་རྩོད་ཛ་དྲག་བྱས་པ་བརྒྱུད་མཐར་ཨང་དང་པོ་ལྷ་ས་དང་། ཨང་གཉིས་པ་བོད་ལྗོངས་མི་རིགས་སློབ་ཆེན། ཨང་གསུམ་པ་ཆབ་མདོ་བཅས་ལ་རྒྱལ་ཁ་ཐོབ་པ་བྱས་པ་རེད། འགྲན་རའི་ཐོག་གནད་ལ་འཁེལ་བའི་སྤོ་ལོ་བརྒྱུད་སྤྲོད་དང་། ནུས་ཤུགས་ཡོད་རྒུས་འཕྲོག་པ། ངོ་མཚར་ཆེ་བའི་སྒོ་གཏོར་བཅས་རྒྱུན་ཆད་མེད་པར་འཁྲབ་སྟོན་བྱས་ཤིང་། མི་རིགས་མི་འདྲ་བའི་སྤོ་ལོ་རྒྱག་མཁན་གྱིས་རྐང་རྩེད་སྤོ་ལོའི་རྩལ་མི་འདྲ་བ་མངོན་ནས་མཛའ་གྲོགས་ཟབ་མོ་ཆགས་ཤིང་། འགྲན་རའི་ནང་དང་ཕྱི་རོལ་དུ་བསམ་ཤེས་དང་བརྩི་འཇོག་རོགས་རེས་བཅས་ཀྱི་དྲོད་རྒྱུན་འཕྱུར་བཞིན་ཡོད།

མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གར་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་ནས“སེ་འབྲུའི་བུམ་པ་”ཞེས་པ་ནི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་ལ་མཚོན་གྱི་ཡོད། འགྲན་བསྡུར་རིང་ཉིན་རེར་མི་རིགས་ཁག་གི་མང་ཚོགས་2000ལྷག་ཙམ་འཛོམས་ནས་འགྲན་རར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་ཀྱི་གསོལ་སྟོན་ཆེན་པོ་དེར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་བདེ་བླག་ངང་གཉེར་བ་དེ་ཕྱོགས་ཁག་གི་འགན་ལེན་དང་ཁ་བྲལ་ཐབས་མེད་པ་རེད། གྲོང་ཁྱེར་ཡོངས་ཀྱི་དང་བླངས་སྟོང་ཕྲག་ཙམ་གྱིས་ ལྟད་མོ་བར་ཁྲིད་སྟོན་དང་། སྒྲིག་ལམ་སྲུང་འཛིན། དངོས་ཟོག་མཁོ་སྤྲོད་ཀྱི་གཞོགས་འདེགས་དང་སྨན་བཅོས་འགན་སྲུང་བཅས་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། དེ་དང་ཆབས་ཅིག་སྐབས་འདིའི་འགྲན་བསྡུར་གསར་གཏོད་ཀྱིས་“སྐྱེ་ཁམས་ལངས་གཟུགས་དྲིལ་བསྒྲགས་”བསྐྲུན་པ་དང་། ཉིན་10རིང་བརྒྱུད་རིམ་ཧྲིལ་པོ་སྨྱན་སྦྱོར་གྱིས་ཐད་གཏོང་དང་གསར་གཏོད་བརྙན་ཐུང་70ལྷག་ཙམ་མཉམ་སྡེབ་ཁྱབ་སྤེལ་བྱས་ཏེ། ལྷོ་ཁའི་མཐུན་སྒྲིལ་གྱི་གནས་ཚུལ་གཟབ་རྒྱས་དེ་རྒྱལ་ཡོངས་ལྟད་མོ་བའི་མིག་མདུན་དུ་བརྒྱུད་སྤྲོད་བྱས་པ་རེད།

འགྲན་བསྡུར་གཙོ་གཉེར་བྱེད་མཁན་འཐུས་མི་བསྟན་གཡུང་ལྷ་མོས་“འགྲན་བསྡུར་ལ་དུས་ཚོད་ཡོད་ཀྱང་མཛའ་གྲོགས་ལ་མཐའ་མེད། རྐང་རྩེད་སྤོ་ལོའི་འགྲན་ར་མཇུག་འགྲིལ་ནའང་། མཐུན་སྒྲིལ་གྱི་གཏམ་རྒྱུད་ནམ་ཡང་མཇུག་སྒྲིལ་མི་སྲིད་”ད་ཆ་སྔོ་ལྗང་ར་བའི་ཐོག་གི་འགྲན་རྩོད་མཇུག་འགྲིལ་ཡོད་མོད། འོན་ཀྱང་མི་རིགས་ཁག་གིས་ལག་གདང་སྦྲེལ་ནས་མཉམ་དུ་ཕེབས་པའི་མཐུན་སྒྲིལ་གྱི་མེ་ཏོག་ནི་འོད་འཚེར་བའི་སྐར་མ་ཞིག་དང་འདྲ་བར་ལོ་ཟླ་རིང་པོའི་ཁྲོད་དུ་འོད་འཚེར་བཞིན་ཡོད་པས་སང་ལོར་སླར་ཡང་མཇལ་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明