http://zw.xzqnb.cn/Content/weixinlogo.png
ཤེས་བྱའི་ལྡུམ་རའི་ལམ་དུ་འཆས་ཏེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་
http://zw.xzqnb.cn/m/content/2025-07/18/001297.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཏང་གི་གཟི་འོད་ཕྱོགས་བཅུར་ཁྱབ།

༄༅། །སྐྱོན་ཡོན་གསལ་པོར་ཕྱེས་དང་།

༄༅། །བྱིས་པའི་ལྷུག་རྩོམ་ཁག་གཉིས།

༄༅། །དུས་རབས་ཉེར་གཅིག་གི་གཞོན་ནུར་མངགས་པའི་འབོད་སྒྲ།

等待处理…

༄༅། །དུས་རབས་ཉེར་གཅིག་གི་གཞོན་ནུར་མངགས་པའི་འབོད་སྒྲ།

2025年07月18日

ཤེས་བྱའི་ལྡུམ་རའི་ལམ་དུ་འཆས་ཏེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་བརྩོན་འགྲུས་ཀྱིས་རྟ་ཕོར་བཞོན་ཏེ་དུས་རབས་ཀྱི་ཤེས་བྱའི་བང་རྩལ་འགྲན་པའི་པིར་རྩལ་ལ་ཞུགས་དང་། དུས་རབས་ཉེར་གཅིག་གི་ཚ་རླབས་དགུང་དུ་འཕྱུར་ཞིང་། གཞོན་ནུ་ཚོ་ཡི་ཤེས་རིག་རྒྱས་པའི་རྩ་ཆེའི་དུས་ཟླ་ཚ་ཚ་འུར་འུར་གྱིས་མདུན་དུ་བཅར་འོང་བ་དང་བསྟུན་ཏེ་དུས་རབས་ཀྱི་དགོས་མཁོའི་རྗེས་སུ་སྙེགས་ཤིང་། གཞོན་ནུའི་རེ་སྒུག་དང་ཕུགས་བསམ། མི་ཚེའི་མདུན་ལམ་ཁྲོད་དུ་སྟོབས་ཤུགས་དང་། སྒྱོགས་མདེལ་འབར་གས་ལྟ་བུའི་ཤེས་བྱའི་མེ་ལྕེ་ཡི་མདུན་དུ་ཤེས་རིག་གི་མྱུ་གུ་འབུད་པའི་དུང་བརྡ་སྒྲོག་བཞིན་འདུག་པས་བརྩོན་པ་བརྒྱ་དང་། འབད་པ་སྟོང་གིས་དུས་རབས་ཀྱི་སློབ་གསོའི་འགྲན་རྩོད་འདིར་ཐང་དཀར་རྒོད་པོས་ནམ་འཕངས་གཅོད་པའི་དུས་དང་མཉམ་བགྲོད་ཀྱིས་ཤེས་བྱའི་ཡངས་པོར་འཕུར་དགོས།

ང་ཚོ་བྱིས་པ་སྣབས་ལུད་འདམ་རྫབ་ཀྱི་ལོ་ཟླའི་ཁྲོད་ནས་རིམ་བཞིན་ལང་ཚོའི་འཚར་ལོངས་བརྒྱུད་ཁོར་ཡུག་དབེན་འཇམ་གྱི་རི་གྲོང་ལུང་ཁུག་ཆུང་ཆུང་དེ་འདྲ་ཞིག་ནས་གོམ་པ་རིམ་སྤོས་ཀྱིས་ཤེས་བྱའི་གནས་ལ་ཐོས་བསམ་གྱིས་ཤེས་རིག་དབྱར་མཚོ་རྒྱས་པ་ལྟར་གྱི་འབྲས་བཟང་ཁུར་དུ་སྡུད་ཅིང་། མ་འོངས་ཀྱི་བྱ་གཞག་དང་མདུན་ལམ་གྱི་ཀྱག་ཀྱོག་ལམ་ཐག་རིང་པོར་བརྩོན་ཤུགས་ཀྱིས་ཁེངས་དགོས། རེད་ཡཱ། ས་ཡི་གོ་ལ་འདིར་བདེ་སྐྱིད་འཚོ་གནས་ལ་རོལ་འདོད་ན་སྔ་ས་ནས་རེ་བས་བཅངས་པའི་རང་དགོས་ཤེས་རིག་གང་སྤྱིར་རྩི་སྦྲང་གིས་སྦྲང་རྩི་གསོག་པའི་སྙིང་སྟོབས་ཇི་བཞིན་རྒྱུན་འཁྱོངས་སྙིང་རུས་དང་། མུ་མཐའ་མེད་པའི་རྒྱ་མཚོར་བརྩོན་འགྲུས་ཀྱི་གྲུ་གཟིངས་བཏང་སྟེ་ཤེས་བྱའི་ནོར་བུ་ལེན་པར་འགྲོ་བའི་གོ་བསྐལ་འདིར་དེ་བས་དམ་འཛིན། ལོ་དང་ཟླ་བའི་འཁོར་བསྐྱོད་ཀྱི་གོམ་བགྲོད་དང་འགྲོགས་ཏེ་ཤེས་བྱའི་རིག་གཞུང་གང་སྤྱིར་རྩི་བཅུད་བླངས་ཏེ་དུས་རབས་ཉེར་གཅིག་གི་ཤེས་རིག་གི་རྒྱ་མཚོར་རྐྱལ་རྩལ་ངོམས་ཏེ། ཕ་མ་དང་དགེ་རྒན་གྱི་རེ་བ་ཆུད་ཟོས་མི་གཏོང་བར་གཞོན་ནུའི་བྱ་གཞག་མངོན་འགྱུར་དང་། གཡུར་ཟའི་འབྲས་བཟང་ཏང་དང་མེས་རྒྱལ་ལ་བཀའ་དྲིན་འཇལ་དགོས།

བསོད་ནམས་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博