http://zw.xzqnb.cn/Content/weixinlogo.png
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་བའ
http://zw.xzqnb.cn/m/content/2025-07/11/001281.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

“ལོ་ཆུང་སློབ་མར་སྲུང་སྐྱོང་གི་2025ལོའི་དཔེ་འཛར་ལྗང་ཁུའི་བྱ་སྤྱོད”སློབ་གྲྭར་སྤེལ་བའི་གསུང་རབ་ཀློག་པའི་བྱེད་སྒོ་གཉེར་བ།

སྐྱིད་གྲོང་མཐའ་མཚམས་ནས་འགྲོ་འོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བདུན་གཅིག”ཆེད་དོན་ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་བ།

ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུའི་དགེ་རྒན་ཚོགས་པས་སྒྲིག་འཛུགས་བྱས་ནས་“རྟེན་འབྲེལ་ཆེན་པོ་བསུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་པ། ཐུན་མོང་ཐོག་འབད་བརྩོན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་སྟོན་དྲིལ་བསྒྲག

མི་དམངས་ལ་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྤྲད་པས་མང་ཚོགས་ཀྱིས་རྒྱལ་དར་ཕུལ་ནས་བཀའ་དྲིན་ཞུས་པ།

等待处理…

སྐྱིད་གྲོང་མཐའ་མཚམས་ནས་འགྲོ་འོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བདུན་གཅིག”ཆེད་དོན་ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་བ།

2025年07月11日

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། སྐྱིད་གྲོང་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སྐྱིད་གྲོང་རྫོང་སྲིད་གཙང་ཉེན་བརྡ་སློབ་གསོའི་རྟེན་གཞིར་ཆེད་དོན་ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད།

འགྲེམས་སྟོན་ཁང་ནང་མི་དམངས་ཉེན་རྟོག་པས་“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་དགོས།”“རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་བབ་དང་ཛ་དྲག་རྙོག་འཛིང་ཆེ་བ།”“སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ།”“གྱོད་གཞི་དཔྱད་གཞིར་བྱེད་པ་དང་ཉེན་བརྡའི་དྲིལ་བུ་རྟག་ཏུ་གྲགས་པ།”ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་ཁུལ་ཆེན་པོ་བཞི་ལ་རིམ་གྱིས་ལྟ་སྐོར་བྱས་པ་རེད། པར་རིས་འགྲེམས་སྟོན་པང་ལེབ་དང་བརྙན་ལམ། སྣང་ཚུལ་ལད་ཟློས་སོགས་ཀྱི་བྱ་ཐབས་བརྒྱུད་སྒྲིག་ཁྲིམས་དང་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རུལ་སུངས་བྱ་སྤྱོད་ཀྱིས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་མང་པོ་བཟོས་པ་གསལ་སྟོན་བྱས་ཡོད།

“སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི”འགྲེམས་ཁུལ་དུ། མི་དམངས་ཉེན་རྟོག་པས་འགག་སྒོའི་ཁྲིམས་འཛིན་ལས་འགན་སྒྲུབ་རིང་འཕྲད་སྲིད་པའི་རྔོན་པའི་ཉེན་ཁ་དང་མི་སེམས་འགལ་རྐྱེན་སོགས་དངོས་ཡོད་འགྲན་སློང་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད། མི་དམངས་ཉེན་རྟོག་པ་སྤེན་པ་ཚེ་རིང་གིས“འགྲེམས་པང་ཐོག་གི་ལྕགས་ཀྱི་སྒྲིག་སྲོལ་བཀག་སྡོམ་ནི་ང་ཚོའི་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད། ལག་ཁྱེར་རེ་རེ་ཞིབ་བཤེར་གློད་གཏོང་དང་མཐའ་མཚམས་སྐོར་ཞིབ་ཐེངས་རེ་རེ་ནི་སྤྱོད་གཙང་གི་རྒྱུགས་ལེན་ཆེན་པོ་ཡིན་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་སྐུད་པ་དམ་ཟབ་བྱེད་དགོས”ཞེས་བཤད།

ལྟ་སྐོར་མཇུག་སྒྲིལ་རྗེས་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཏང་གི་དར་ཆར་ཁ་ཕྱོགས་ནས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བློས་བླངས་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སློབ་གསོ་ནི་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི“བདུན་གཅིག”ཏང་འཛུགས་སྐྱོང་བྱེད་སྒོ་རབ་དང་རིམ་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་རེད། ས་ཚིགས་ཏང་ཨུད་ཀྱི་ཨུ་ཡོན་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་ཁྲེན་ཀོང་ཝུའུ་ཡིས་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མེས་རྒྱལ་གྱི་ནུབ་ཕྱོགས་ཀྱི་སྒོ་ཆེན་དུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ནས། ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་ངོ་བོ་ལ་བརྟེན་ནས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་བྱ་གཞག་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博