西藏青年报藏文版ཕྱོགས་བསྡུས། “ལོ་ཆུང་སློབ་མར་སྲུང་སྐྱོང་གི་2025ལོའི་དཔེ་འཛར་ལྗང་ཁུའི་བྱ་སྤྱོད”སློབ་གྲྭར་སྤེལ་བའི་གསུང་རབ་ཀློག་པའི་བྱེད་སྒོ་གཉེར་བ། སྐྱིད་གྲོང་མཐའ་མཚམས་ནས་འགྲོ་འོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བདུན་གཅིག”ཆེད་དོན་ལྟ་སྐོར་སློབ་སྦྱོང་བྱེད་སྒོ་སྤེལ་བ། ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུའི་དགེ་རྒན་ཚོགས་པས་སྒྲིག་འཛུགས་བྱས་ནས་“རྟེན་འབྲེལ་ཆེན་པོ་བསུ་བ་དང་།  ཏང་གི་བཀའ་དྲིན་ལ་བསྟོད་པ།    ཐུན་མོང་ཐོག་འབད་བརྩོན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་སྟོན་དྲིལ་བསྒྲག མི་དམངས་ལ་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྤྲད་པས་མང་ཚོགས་ཀྱིས་རྒྱལ་དར་ཕུལ་ནས་བཀའ་དྲིན་ཞུས་པ།

放大 缩小 默认

ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུའི་དགེ་རྒན་ཚོགས་པས་སྒྲིག་འཛུགས་བྱས་ནས་“རྟེན་འབྲེལ་ཆེན་པོ་བསུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་པ། ཐུན་མོང་ཐོག་འབད་བརྩོན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་སྟོན་དྲིལ་བསྒྲག

ཉེ་ཆར་ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུའི་དགེ་རྒན་ཚོགས་པ་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཁྲིམས་ཤིང་སྡེ་ཁུལ་དུ་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི“རྟེན་འབྲེལ་ཆེན་པོ་བསུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་པ། ཐུན་མོང་ཐོག་འབད་བརྩོན་བྱེད་པ་”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་སྟོན་ཡོངས་སྒྲགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་གཞོན་ནུའི་དགེ་རྒན་ཚོགས་པའི་ཁོངས་མི་ཕུར་ནོར་གྱིས་ལོ་60རིང་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་། གསོན་ཉམས་ལྡན་པའི་གཏམ་རྒྱུད་ཐོག་ནས་བོད་ཀྱི་དམངས་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་། དམངས་འཚོ་ལེགས་སུ་ཕྱིན་པ། རིག་གནས་རྒྱུན་འཛིན་དང་གསར་གཏོད་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་བརྗོད་པ་རེད།

སྡེ་ཁུལ་གྲོང་མི་དབང་འདུད་ཀྱིས་བཟའ་བཅའ་དང་གྱོན་ཆས། སྡོད་ཁང་། འགྲིམ་འགྲུལ་སོགས་ལེགས་སུ་ཕྱིན་པ་རང་ཉིད་ངོ་མས་ཚོར་ཐུབ་བྱུང་བས། མུ་མཐུད་ནས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་ཏང་གི་བཀའ་དྲིན་མ་བརྗེད་པར་སློབ་སྦྱོང་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་འཕེལ་རྒྱས་ལ་རོགས་རམ་བྱ་དགོས་ཞེས་སློབ་གསོ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明