http://zw.xzqnb.cn/Content/weixinlogo.png
ངས་སྲོག་ཆགས་མང་པོ་མཐོང་མྱོང་ཡོད། སྲོག་ཆགས་ལ་ལ་ནི་ཡ་ང་བ་ཞིག་དང
http://zw.xzqnb.cn/m/content/2025-07/04/001274.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་གུང་གསེང་འཚོ་བ།

༄༅། །སློབ་མཇུག་ཡིག་རྒྱུགས།

༄༅། །སྙིང་ཉེ་བའི་སྲོག་ཆགས།

སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་བཏོད་པ།

等待处理…

༄༅། །སྙིང་ཉེ་བའི་སྲོག་ཆགས།

作者 པ་སངས་ལྷ་མོ།
2025年07月04日

ངས་སྲོག་ཆགས་མང་པོ་མཐོང་མྱོང་ཡོད། སྲོག་ཆགས་ལ་ལ་ནི་ཡ་ང་བ་ཞིག་དང་། སྲོག་ཆགས་ལ་ལ་ནི་ཞེད་སྐྲག་ཚ་བ། ལ་ལ་ནི་ཆུང་ཆུང་སྙིང་རྗེ་པོ་ཞིག་འདུག མཚམས་རེ་ངལ་གསོ་ཡིན་དུས་སྲོག་ཆགས་གླིང་དུ་ཕྱིན་ན། སྲོག་ཆགས་སྣ་མིན་སྣ་ཚོགས་ཡོད། དེ་རིང་ངས་ཁྱེད་རྣམས་ལ་ངའི་ནང་དུ་ཡོད་པའི་གཡུང་དྭགས་དེ་ངོ་སྤྲོད་བྱེད་ཀྱི་ཡིན།

ངའི་ནང་དུ་ཡོད་པའི་གཡུང་དྭགས་དེ་ནི་མིང་ལ་བསམ་གྲུབ་ཟེར། ཁོ་ལུས་པོ་ཆུང་ཆུང་ཙམ་ཡོད་པ་དང་མིག་ཆེན་པོ་ཡོད་པས་ངའི་རྨོ་བོ་ལགས་ཀྱིས་ཁོ་ལ་སྦལ་པ་ཟེར། ང་ལོ་རིམ་དྲུག་པར་སླེབས་དུས་ངའི་སྐྱེས་སྐར་ལ་ང་ཚོ་ནང་མི་ཚང་མ་གླིང་ག་གཏོང་བར་ཕྱིན་པ་ཡིན། ངའི་པཱ་ལགས་ལྷ་ས་ནས་ཡོང་བས་ང་ལ་ཁྱི་དེ་ཉོས་གནང་བྱུང་། པཱ་ལགས་ཀྱིས་ང་ལ་ཁྱི་འདི་ངའི་ལག་རྟགས་རེད་གསུངས་ཀྱི་འདུག ཉིན་དེར་ང་ཚོ་སྔོན་ལ་ཁ་ལག་དང་སྐྱེས་སྐར་གྱི་སྒྲིག་ཆས་སྒྲོག་རྩེའི་སྟེང་དུ་སྒྲིག་ནས་ཧ་ཅང་གྲ་རྒྱས་པོ་ཞིག་འདུག འདི་ནས་དུས་ཡུན་རིང་པོ་མ་སོང་བར་ཨ་མ་ལགས་ཀྱི་ང་ལ་སྐྱེས་སྐར་གྱི་ཞྭ་མོ་གཡོག་ནས་སྐྱེས་སྐར་གྱི་ཡང་ལཱ་དེ་ལ་མེ་སྤར་རྗེས་ཚང་མ་སྐྱེས་སྐར་གྱི་གནས་ནས་ང་ལ་ཧ་ཅང་དཀར་བའི་ཁ་བཏགས་འདི་གཡོག་བྱུང་། དེ་ནས་མི་ཚང་མས་ང་ལ་ལག་རྟགས་རེ་རེར་སྤྲད་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་།

ང་ནི་ངའི་ཁྱི་དང་མཉམ་དུ་བསྡད་ནས་ཟླ་བ་མང་པོ་སོང་འདུག ཉིན་ཞིག་ང་དང་ངའི་ཨ་མ་ལགས་ཐག་རིང་དུ་ཕྱིན་ནས་ང་འགྲོ་གྲབས་ཡོད་དུས། ངས་ཁྱི་ཕྲུག་དེ་རྨོ་བོ་ལགས་ཀྱི་ནང་ལ་བསྐྱལ་བ་ཡིན། དེ་ནས་དགོང་མོ་ངས་རྨོ་བོ་ལགས་ལ་ཁ་པར་བརྒྱབ་ནས་ཁོ་ག་རེ་བྱེད་ཀྱི་འདུག་ཞེས་དྲིས་པ་ཡིན། རྨོ་བོ་ལགས་ཀྱི་ང་ལ་ཁོ་ནི་མིག་ཆུ་གཏོང་གྲབས་བྱེད་ཀྱི་འདུག་ཟེར་བས། སྐབས་དེར་ང་ཡང་ཁོ་ཧ་ཅང་དྲན་གྱི་འདུག དེ་ནས་ངའི་སེམས་ནང་ལ་ཁོ་ནི་ང་ལ་ཧ་ཅང་དགའ་པོ་ཡོད་པ་ཤེས་བྱུང་།

ཉིན་ལྟར་ངའི་ཉལ་ཁང་དུ་འཛུལ་ནས་བསྡད་ཀྱི་་འདུག ང་སློབ་གྲྭ་ནས་ནང་དུ་སླེབས་རྗེས་ཁོ་ལམ་སེང་ངའི་འགྲམ་དུ་ཡོང་རྗེས། མཇུག་མ་གཡུག་གཡུག་བྱེད་ཀྱི་འདུག ཕལ་ཆེར་ཁོས་ང་དྲན་གྱི་འདུག་ཟེར་བ་དང་འདྲ། ང་སློབ་ཚན་ཁྱི་ཞེས་པ་སྦྱངས་མྱོང་ཡོད། དེའི་ནང་དུ་བཤད་པ་ནི་ཁྱི་ནི་ནང་གང་འདྲ་ཞིག་ཏུ་འཚོ་བ་བསྐྱལ་ཡང་། ནམ་ཡང་རང་ཉིད་ཀྱི་བདག་པོ་བརྗེད་མི་སྲིད་ཅེས་བརྗོད་པ་དེ་ནི་དངོས་གནས་བདེན་པ་རེད་འདུག

ང་ནི་ཁྱོད་ལ་ཧ་ཅང་དགའ་པོ་ཡོད། ངེད་གཉིས་ལས་དབང་ཡོད་པས་ང་གཉིས་ཐུག་འཕྲད་བྱུང་། ལས་དབང་གིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་རོལ་དུ་བཅུག་པས། ང་གཉིས་པོས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེར་དམ་འཛིན་བྱས་ནས་མ་འོངས་དེ་བས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བར་འདོད་དོ། །

ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ལོ་རིམ༩(༣)

ཟུར་ཁྲིད་དགེ་རྒན། དབང་གྲགས།

搜索

复制

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博