http://zw.xzqnb.cn/Content/weixinlogo.png
སྤྱི་ལོ་༡༩༦༥ལོའི་ཟླ་༩པའི་ཚེས་༡ཉིན་བོད་རང་སྐྱོང་ལྗོངས་འཐུས་མི
http://zw.xzqnb.cn/m/content/2025-07/04/001270.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་བཏོད་པ།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ཀྱི་མིག་མངས་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོ་སྤེལ་བ།

ལོ་ངོ་དྲུག་ཅུའི་བོད་ཀྱི་འཕོ་འགྱུར།

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས།

等待处理…

ལོ་ངོ་དྲུག་ཅུའི་བོད་ཀྱི་འཕོ་འགྱུར།

2025年07月04日

སྤྱི་ལོ་༡༩༦༥ལོའི་ཟླ་༩པའི་ཚེས་༡ཉིན་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ་༡༩༥༡ལོའི་ཟླ་༤པའི་ཚེས་༢༣ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་། བོད་ས་གནས་སྲིད་གཞུང་གི་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ་༡༩༥༩ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ་མ་ཟད། བོད་ཀྱི་ཞིང་བྲན་བདག་པོའི་ཆོས་སྲིད་དབང་བསྒྱུར་གྲལ་རིམ་མགོ་རྟིང་སློག་པ་དང་། བོད་ཞིང་བྲན་ཁྲི་ཚོ་བརྒྱ་མུན་ནག་གི་སྤྱི་ཚོགས་ནས་མགོ་བོ་སྟེགས་ཐུབ་པ་བྱུང་བ་དང་གདུག་རྩུབ་དབང་བསྒྱུར་གྱི་དུས་སྐབས་ནས་ཁ་བྲལ་ཐུབ་ཡོད།

དུས་དེ་ནས་བཟུང་བོད་ལ་མི་ལུས་རང་དབང་ཐོབ་ནས་སྤྱི་ཚོགས་གསར་པའི་བདག་པོར་གྱུར་བ་དང། བོད་མི་དམངས་ལ་རང་ཁྱིམ་རང་བདག་གི་ཁེ་དབང་འགན་སྲུང་ཐུབ་ཡོད། བོད་མི་དམངས་ཀྱང་རྒྱལ་ཡོངས་ཀྱི་མི་རིགས་གཞན་དང་འདྲ་བར་དར་རྒྱས་གོང་འཕེལ་དང་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད་པ་རེད།

ལོ་ངོ་དྲུག་ཅུའི་རིང་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་རང་རེའི་ལས་ལ་བརྩོན་ནས་བདེ་སྐྱིད་ཀྱི་འཚོ་བར་ཏེ། མི་དམངས་རྣམས་སེམས་ཤུགས་ལྡན་པ་དང་མི་རིགས་མཐུན་སྒྲིལ་ཟབ་པ། ཡ་རབས་ཀྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཡོད།

བསོད་ནམས་བཀྲ་ཤིས།

搜索

复制

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博