http://zw.xzqnb.cn/Content/weixinlogo.png
བོད་ཀྱི་མིག་མངས་ནི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱ
http://zw.xzqnb.cn/m/content/2025-07/04/001269.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་བཏོད་པ།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ཀྱི་མིག་མངས་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོ་སྤེལ་བ།

ལོ་ངོ་དྲུག་ཅུའི་བོད་ཀྱི་འཕོ་འགྱུར།

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས།

等待处理…

རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ཀྱི་མིག་མངས་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོ་སྤེལ་བ།

2025年07月04日

བོད་ཀྱི་མིག་མངས་ནི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་ལོ་རྒྱུས་ཀྱི་དྲན་ཤེས་ལྡན་པ་མ་ཟད། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱང་ལྡན་ཡོད།

ཟླ་6ཚེས་26ཉིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སློབ་གླིང་དུ་“མིག་མངས་ཀྱི་རིག་གནས་རྒྱུན་འཛིན་བྱས་ནས་ཀྲུང་ཧྭའི་བརྩེ་དུང་མཉམ་དུ་བརྗོད་པ་”བོད་ཀྱི་མིག་མངས་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོ་གཉེར་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་འགོ་ཁྲིད་དང་། སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཀྲུང་ཧྭ་རིག་གནས་སློབ་གླིང་གི་ལས་བྱེད་པ་དང་ལས་བཟོ་པའི་འཐུས་ཚབ་བཅས་མི་གྲངས་40ལྷག་ཙམ་བྱེད་སྒོར་བཞུགས་པ་རེད།

བྱེད་སྒོའི་ནང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་རྡོ་རྗེ་ཡིས་ལྗོངས་སྲིད་གྲོས་ལ་མིག་མངས་ཡོ་བྱད་དང་མིག་མངས་སྐོར་གྱི་དཔེ་དེབ་ཁག་གཅིག་ཞལ་འདེབས་གནང་བ་རེད། རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྤེན་པ་ཚེ་རིང་གིས་བོད་ཀྱི་མིག་མངས་ཀྱི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། རིག་གནས་ཀྱི་གོ་དོན་སྒྲིག་སྲོལ་གྱི་འགྱུར་ལྡོག་སོགས་ཀྱི་ཐོག་ནས་བྱེད་སྒོར་ཞུགས་མཁན་མི་སྣར་བོད་ཀྱི་མིག་མངས་ནང་འདུས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་རིགས་ཀྱི་སྙིང་སྟོབས། རིག་གནས་ཀྱི་རིན་ཐང་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་བ་རེད།

སྤེན་པ་ཚེ་རིང་གིས་“ཕ་ཡུལ་དུ‘རྒྱལ་གཉིས་མིག་མངས་’ནི་ཕོ་མོ་རྒན་གཞོན་ཚང་མས་རྩེད་ཐུབ་པའི་རོལ་རྩེད་ཞིག་ཡིན་པས། ང་ཚོས་ཕྱུགས་འཚོ་བར་འགྲོ་སྐབས་རྡོ་སོལ་ནག་པོས་རྡོ་སྙོམས་ཀྱི་སྟེང་དུ་‘རྒྱལ་གཉིས་མིག་མངས་’ཡི་མིག་མངས་རི་མོ་བྲིས་ཏེ་རྡོ་ཡིས་མིག་མངས་རྡོག་བཟོས་ནས་ར་བ་གཅིག་གི་མིག་མངས་རྩེ་བ་རེད་”ཅེས་བཤད།

དེ་རྗེས་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དང་བོད་ཀྱི་མིག་མངས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མཁན་མགོན་པོ་རྡོ་རྗེ་གཉིས་ཀྱིས་བོད་ཀྱི་མིག་མངས་ལག་རྩལ་ས་གནས་ས་ཐོག་ཏུ་སློབ་ཁྲིད་གནང་བ་དང་། མིག་མངས་རི་མོ་བཀོད་སྒྲིག་དང་མིག་མངས་ཀྱི་འགྲོ་སྟངས་ནས་རྒྱལ་ཁ་ཐོབ་པའི་བར་གྱི་ཐབས་ཇུས་འགྲེལ་བཤད་དང་དཔེ་སྟོན་ཞིབ་ཕྲ་བྱས་པ་རེད། དགེ་རྒན་གཉིས་ཀྱིས་དགོད་བྲོའི་ཐོག་ནས་སློབ་ཁྲིད་ བྱས་པས་ཨུ་ཡོན་མང་པོ་ཞིག་ལ་མི་ཚེའི་ཁྲོད་བོད་ཀྱི་མིག་མངས་ཀྱི་སློབ་ཚན་དང་པོར་ཉན་ནས་བོད་ཀྱི་མིག་མངས་ཀྱི་རྨང་གཞིའི་ཤེས་བྱར་ཤེས་རྟོགས་བྱུང་བ་རེད།

“བོད་ཀྱི་མིག་མངས་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་གི་འཚོ་བ་དང་མཚན་ཉིད་རིག་པའི་འདུ་ཤེས་ལྡན་ཡོད་ལ། ཀྲུང་ཧྭ་རིག་གནས་སྣ་མང་གཞི་གཅིག་གི་གནས་སྟངས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་ཡིན་པས། སླད་ཕྱིན་མུ་མཐུད་བོད་ཀྱི་མིག་མངས་སློབ་པ་དང་མིག་མངས་རྩེད་པ། མིག་མངས་ཁྱབ་སྤེལ་རྒྱ་ཆེར་སྤེལ་གྱི་ཡིན་”ཞེས་ཨུ་ཡོན་གྱི་འཐུས་མིས་བཤད།

བསོད་བསྟན་གྱིས་བསྒྱུར།

搜索

复制

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博