ཟླ་6ཚེས་16ཉིན་ཉིན་བོད་སློབ་ཆེན་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་བོད་སློབ་ཆེན་སྒྱུ་རྩལ་སློབ་གླིང་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གི་ཆེད་ལས་རྨང་གཞིའི་སློབ་ཁྲིད་ཁང་གི་སྒྲུབ་འགན་འཁུར་ནས་“རྩ་བ་ཚུགས་པ།-ཀྲུང་གོ་མཛེས་རྩལ་སློབ་གླིང་གི་གསུང་རབ་བརྒྱུད་ཁྲིད་འགྲེམས་སྟོན”དེ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཛེས་རྩལ་ཇུས་འགོད་འགྲེམས་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་གྱི་མིང་དེ་“རྩ་བ་ཚུགས་པ་”ཅེས་པར་གཏན་འཁེལ་བྱས་པ་དེ་ནི་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པའི་རིག་གནས་ཀྱི་རྩ་བ་དང་སྒྱུ་རྩལ་གྱི་བླ་སྲོག་ཞིག་ཀྱང་རེད། འགྲེམས་སྟོན་དེ་ནི་གནའ་རབས་དང་དེང་རབས་ལས་བརྒལ་ཏེ་ཤེས་རིག་དང་སྐད་ཆ་ཤོད་རེས་བྱེད་པའི་གསུང་རབ་ཞིབ་འཇུག་སློབ་སྦྱོང་སློབ་ཁྲིད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་རིན་ཐང་ལྡན་པའི་རིག་གཞུང་འདྲི་རྩད་དང་རིག་གཞུང་གི་ཞིབ་འཇུག་བྱས། གྲོས་བསྡུར་ལས་གོ་ལ་ཧྲིལ་པོ་ཅན་གྱི་སྐད་ཆའི་རྣམ་པའི་ཐོག་ནས་མི་ཐབས་རིག་ནུས་ཀྱི་དུས་རབས་སུ་ཇི་ལྟར་བྱས་ནས་སྒྱུ་རྩལ་དང་སློབ་གསོའི་དབར་ཁ་འབྱེད་ཀྱི་སེམས་ལ་བརྒྱུད་བགྲོད་དང་རིག་གནས་ཀྱི་རྩ་བའི་རང་བཞིན་བརྟན་སྲུང་བྱས་ཏེ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འདུ་ཤེས་སྣང་ཚུལ་སྣ་ཚོགས་ལ་དོན་དངོས་ཀྱི་ཐུགས་འཁུར་དང་། འདུ་ཤེས་ནུས་པ་བཅས་ལྡན་པའི་དུས་རབས་གསར་པའི་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ“རང་ཡུལ་དུ་རྩ་བ་ཚུགས་པ། གསུང་རབ་གླེང་མོལ་བྱེད་པ་”བརྗོད་བྱ་གཙོ་བོར་བྱས་ཏེ། ཀྲུང་གོའི་སྲོལ་རྒྱུན་སྒྱུ་རྩལ་ཞིབ་འཇུག་བརྩམས་ཆོས་དང་ནུབ་ཕྱོགས་ཀྱི་བཟོ་དབྱིབས་སྒྱུ་རྩལ་ཞིབ་འཇུག་བརྩམས་ཆོས་ཁག་ཆེན་པོ་གཉིས་ལས་ཁྱོན་བརྩམས་ཆོས་150ནས་200བར་འགྲེམས་སྟོན་བྱས་ཡོད། ཀྲུང་གོ་མཛེས་རྩལ་སློབ་གླིང་གི་ཆེད་ལས་རྨང་གཞིའི་སློབ་ཁྲིད་ཁང་གི་ལོ་རིམ་དང་པོའི་སློབ་མས་སློབ་ཚན་ཁྲོད་ཀྱི་དུས་རིམ་རང་བཞིན་གྱི་ཞིབ་འཇུག་སྦྱོང་བརྡར་གྲུབ་འབྲས་མངོན་པ་རེད།
བོད་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་དབང་གྲགས་ཀྱིས་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་སློབ་གྲོགས་ཚོའི་བརྩམས་ཆོས་ལ་མྱོང་རོལ་བྱས་རྗེས་རང་ཉིད་ཀྱི་ཆེད་ལས་ཀྱི་ཆུ་ཚད་སྔར་བཞིན་མཐོ་རུ་གཏོང་བར་བར་སྟོང་ཧ་ཅང་ཆེན་པོ་ཡོད་པ་ཚོར་བ་དང་། ཁོང་གིས་བོད་ཀྱི་སྒྱུ་རྩལ་ལ་ལྡན་པའི་“བོད་ཀྱི་རིག་གནས”ཞེས་པའི་ཐུན་མོང་མ་ཡིན་པ་གསར་རྩོམ་གྱི་རྨང་གཞི་དེར་རང་ཡུལ་རིག་གནས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་དང་རང་ཡུལ་གྱི་རིག་གནས་ལེགས་ཆ་བེད་སྤྱོད་བྱས་ཏེ་བོད་ཀྱི་རིག་གནས་སྒྱུ་རྩལ་ལས་དོན་གྱི་བྱ་གཞག་ལ་གཟི་བརྗིད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
བསོད་ནམས་བཀྲ་ཤིས་ཀྱིས་བསྒྱུར།