西藏青年报藏文版གལ་ཆེའི་གསར་འགྱུར། ནུབ་རྒྱུད་འཆར་གཞིའི(བོད་ཀྱི་ཆེད་གཉེར་རྣམ་གྲངས་)2025ལོའི“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད ”ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཆེད་དོན་འཆད་ཁྲིད་ལྷ་སར་འཚོགས་པ ཀྲུང་གོ་མཛེས་རྩལ་སློབ་གླིང་གི་སྲོལ་རྒྱུན་གསུང་རབ་བརྒྱུད་ཁྲིད་འགྲེམས་སྟོན་དེ་བོད་ལྗོངས་སློབ་ཆེན་དུ་གཉེར་བ། དམག་སྦོལ་ཞིང་ར་ནས་དེང་རབས་ཅན་གྱི་ཞིང་རའི་བར་གྱི་འཕོ་འགྱུར།

放大 缩小 默认

ནུབ་རྒྱུད་འཆར་གཞིའི(བོད་ཀྱི་ཆེད་གཉེར་རྣམ་གྲངས་)2025ལོའི“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད ”ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཆེད་དོན་འཆད་ཁྲིད་ལྷ་སར་འཚོགས་པ

ཟླ་6ཚེས་13ཉིན་ནུབ་རྒྱུད་འཆར་གཞིའི(བོད་ཀྱི་ཆེད་གཉེར་རྣམ་གྲངས་)2025ལོའི“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད”ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཆེད་དོན་འཆད་ཁྲིད་ལྷ་སར་འཚོགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་བློ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་མ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་མཐོར་འདེགས་འཛུགས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་། སློབ་མ་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་དང་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མ་ཚོས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་མ་གཏོང་དགོས།

ལྗོངས་ཐད་གཏོགས་སྡེ་ཚན་གྱི་ལས་གནས་ཐོག་གི་དང་བླངས་པའི(ཞིབ་འཇུག་རོགས་སྐྱོར་ཚོགས་པ་ཚུད་པ)མི་གྲངས་240ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཆད་ཁྲིད་དེ་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་ཡིག་ཚགས་པ་གནའ་རྫས་རྟོག་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་ཞང་ཁུན་ཕེང་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཕོ་བྲང་པོ་ཏ་ལའི་རིག་གནས་དངོས་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་ཅན་བོད་རྒྱུད་ནང་བསྟན་རིག་དངོས་མཁས་པ་དཔལ་ལྡན་ཚེ་རིང་གཉིས་ཀྱིས་“གནའ་རྫས་རྟོག་ཞིབ་དེ་ལྡེ་མིག་ཏུ་བརྩིས་ནས་གནའ་བོའི་ཕོ་བྲང་གི་སྒོ་ཕྱེ་དགོས”དང་། “རིག་དངོས་ཁྲོད་ཀྱི་ཐུན་མོང་ཚོགས་པའི་སྙིང་སྟོབས་ཀྱི་འགྲེལ་བཤད་སྟེ། ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་མིང་རྒྱལ་རབས་ཆེན་པོའི་ཡུང་ཞོན་དངུལ་གྱི་བརྐོས་བརྙན་ནས་མི་རིགས་ཀྱི་རིག་གནས་མཉམ་གནས་མཐོང་བ་”ཐོག་ནས་ཕོ་བྲང་དང་ཕོ་བྲང་པོ་ཏ་ལ་དབར་གྱི་འབྲེལ་ཡོད་གཏམ་རྒྱུད་བརྗོད་ཡོད།

“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད”ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་མ་2023ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཆུས་ཁེ་ཤིན་གྱིས“དེ་རིང་གི་སློབ་སྦྱོང་བརྒྱུད་ངས་མི་རིགས་ཁག་དབར་གྱི་རིག་དངོས་དང་རིག་གནས་ཀྱི་འབྲེལ་འདྲིས་རང་བཞིན་ཤེས་རྟོགས་བྱུང་ལ་མི་རིགས་རིག་གནས་ཀྱི་མཉམ་འདྲེས་ཆེན་པོའི་དོན་སྙིང་ཡང་ཤེས་རྟོགས་བྱུང་”ཞེས་བཤད།

“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད”ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་མ་2024ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཏའེ་ཞན་དབྱིས་ཀྱིས་“དགེ་རྒན་དཔལ་ལྡན་ཚེ་རིང་གིས་ཕོ་བྲང་ནང་གི་ཐང་ཁ་དང་ལྡེབས་རིས་སྣ་ཚོགས་དེ་བཞིན་རིག་དངོས་རྒྱན་ཆ་སྣ་ཚོགས་ཀྱི་ལོ་རྒྱུས་དང་གཏམ་རྒྱུད་བཤད་པར་ཉན་ནས་ང་མྱུར་དུ་བལྟ་རུ་འགྲོ་བའི་ངར་ལངས་བྱུང་”ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་སློབ་མ་ཚོས་སླད་ཕྱིན་གྱི་ལོ་ཟླའི་ནང་བོད་ལྗོངས་ས་མཐོའི་ཐོག་ཞབས་འདེགས་ཞུ་མཁན་ཞིག་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ལག་ལེན་བསྟར་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ནུབ་རྒྱུད་ལ་འདེམས་པ་ནི་འགན་འཁུར་ཐེག་པ་ཞིག་ཡིན་པས་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明