http://zw.xzqnb.cn/Content/weixinlogo.png
སྣ་མང་གི་འཇིག་རྟེན་འདིའི་སྟེང་གནས་པའི་སྐྱེ་བོ་ཇི་འདྲ་ཞིག་ཡིན
http://zw.xzqnb.cn/m/content/2025-06/20/001252.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གློག་བརྙན་ཐུང་ངུ་ཞིག་ལ་བལྟས་པའི་མྱོང་ཚོར།

༄༅། །ཕམ་ཁའི་མདུན་དུ་དཔའ་ཞུམ་མི་ཉན།

༄༅། །ང་རང་དད་གུས་ཆེ་བའི C ལོའོ།

等待处理…

༄༅། །ང་རང་དད་གུས་ཆེ་བའི C ལོའོ།

作者 ངག་དབང་མཚོ་མོ།
2025年06月20日

སྣ་མང་གི་འཇིག་རྟེན་འདིའི་སྟེང་གནས་པའི་སྐྱེ་བོ་ཇི་འདྲ་ཞིག་ཡིན་རུང་། རང་རང་སེམས་སུ་ཆེས་དད་གུས་བྱེད་པའི་མི་རེ་ཡོད་ངེས། འདི་དག་གིས་ང་ཅག་ལ་སྤྲད་པ་ནི་བག་རེའི་དགའ་བ་ཙམ་མ་ཟད་ནང་བསམ་པའི་རིན་བྲལ་གྱི་སྟོབས་ཤུགས་ཀྱང་ཡིན་པ་རེད།

ང་རང་དད་གུས་ཆེ་བའི་cལོའོ་ནི་རྒྱལ་ཁབ་ཕྱི་ནང་ཚང་མས་ཤེས་གསལ་གྱི་སྐར་ཆེན་ཡིན། ཁོང་ནི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ཐོག་གི་ངོ་མཚར་ཅན་ཞིག་ཡིན་ཞིང་། ཁོང་གི་རྐང་རྩེད་སྤོ་ལོའི་རྩལ་གྱིས་འཛམ་གླིང་གི་མི་དུང་ཕྱུར་མང་པོ་ཧ་ལས་ཧང་སངས་སུ་བཅུག་པ་མ་ཟད། སེམས་དབུས་ཀྱི་སྟོབས་ཤུགས་ཀྱིས་སྐྱེ་བོ་ནམ་མཁའི་སྐར་ཚོགས་ལྟར་བགྲང་ལས་འདས་པ་དག་ལ་སྐུལ་མ་ཐེབས་བཞིན་ཡོད། ཁོང་ལ་རྐང་རྩེད་སྤོ་ལོའི་ལྷན་སྐྱེས་ཤེས་རབ་དོགས་པ་ཟ་མི་དགོས་པ་ཞིག་ལྡན་ལ། ད་དུང་ཕུལ་བྱུང་གི་ལུས་པོའི་བྱང་ཚད་དང་ཧ་ལས་པའི་མྱུར་ཚད་སོགས་ལྡན། འོན་ཀྱང་ཁོང་གི་གཟི་བརྗིད་དང་དཔའ་ངར་གྱི་རྒྱལ་ཁ་དག་ནི་དེ་དག་ཁོ་ནར་བརྟེན་པ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་གི་དཀའ་ངལ་ལ་མི་སྐྲག་པ་དང་ནམ་ཡང་ཞུམ་མེད་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ཤིག་ལྡན་པས་སོ། །

དུས་རྒྱུན་གྱི་སྤོ་ལོའི་འགྲན་སྡུར་ཆེ་ཆུང་དུ་མའི་ཁྲོད་ཁོང་ལ་རྨས་སྐྱོན་ཡང་ཚབས་ཆེ་ཆུང་མང་པོ་ཕོག་མྱོང་། ཡིན་ནའང་ཁོང་གིས་རང་ཉིད་ཀྱི་ཕུགས་བསམ་ཆེད་དུ་བློས་གཏོང་རྩ་བ་ནས་གནང་མི་མྱོང་ལ། འགྲན་རྩོད་ཁྲོད་དུ་ཡང་གཏན་ནས་སྐྲག་མི་མྱོང་། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་མ་གཞི་ཁོང་གི་རུ་ཁག་གིས་ཕམ་ཁ་མྱངས་ཡོད་ཀྱང་ཁོང་གིས་བློ་ཕམ་ནས་མ་བསྡད་པར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བརྩོན་པ་ཆུ་མོའི་རྒྱུན་བཞིན་བྱས་ནས་རང་ཉིད་ཀྱི་ནུས་རྩལ་དང་ལུས་པོའི་བྱང་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ཁོང་གིས་ནམ་ཡང་མི་ཞུམ་པའི་སྙིང་སྟོབས་ཀྱིས་སྤོ་ལོའི་རུ་ཁག་གི་འགན་ཁུར་གྱིས་མི་དུང་ཕྱུར་མང་པོའི་སེམས་དབུས་ཀྱི་སྒུལ་ཤུགས་སུ་འགྱུར་ཡོད། ཁོང་གི་འགན་ཁུར་གྱི་བསམ་པ་དང་རྒྱུན་འཁྱོངས་ཀྱི་བསམ་པས་ཉེ་འགྲམ་གྱི་རུ་མི་ཚོར་སྐུལ་མ་ཐེབས་ནས་ཁོ་ཚོའི་སྣེ་ཁྲིད་དེ་རྒྱལ་ཁ་བརྩོན་ལེན་བྱེད་བཞིན་ཡོད། cལོའོ་ཡིས་རྒྱལ་ཁའི་གཏམ་རྒྱུད་ལས་ང་ཚོར་ཕུགས་བསམ་ཡོད་ཕྱིན་དེའི་ཆེད་དུ་བརྩོན་པ་ལྷོད་མེད་བྱས་ཚེ་འགྲུབ་མི་ཐུབ་པ་མེད་པའི་གནས་ལུགས་ཤིག་མངོན་ཡོང་།

ཁོང་གི་མི་གཤིས་བཟང་པོ་རྐང་རྩེད་སྤོ་ལོའི་ཐང་ཆེན་ཐོག་མཚོན་པ་ཕུད། ད་དུང་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད། ཁོང་གིས་བྱིས་པའི་བདེ་ཐང་དང་སློབ་གསོ་དགའ་ཕྱོགས་སོགས་ལ་དོ་ཁུར་གནང་ནས་དབུལ་པོའི་རྒྱལ་ཁབ་མང་པོའི་ཕྲུ་གུ་ཚོར་དངོས་ཟོག་དང་མ་དངུལ་ཐེངས་མང་ཞལ་འདེབས་གནང་ཡོད། ཁོང་གི་དགེ་ཕན་གྱི་ལས་དེས་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་དྲོ་སྐྱིད་དང་བྱམས་སྐྱོང་ཚོར་ཐུབ་པ་མ་ཟད་ང་ཚོར་མིག་དཔེ་བཟང་པོ་ཞིག་ཀྱང་བསྟན་ཡོད།

cལོའོ་ནི་ངས་ཆེས་དད་གུས་བྱེད་པའི་མི་སྣ་རླབས་ཆེན་ཞིག་ཡིན། ཁོ་པའི་བསམ་བློའི་སྟོབས་ཤུགས་དང་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་བཅས་ཀྱིས་ང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་པ་མ་ཟད། ད་དུང་ང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་འདོད་ན་རྔུལ་ཆུ་དང་འབད་བརྩོན་ལྷོད་མེད་འདོན་དགོས་པ་ཤེས་སུ་བཅུག ངས་ཁོང་ལྟ་བུ་མིག་དཔེར་བཟུང་སྟེ་རང་ཉིད་ཀྱི་ཕུགས་འདུན་གྱི་ཆེད་དུ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་བློས་གཏོང་མ་བྱས་པར་རང་ཉིད་ཀྱི་འདུན་པ་སྒྲུབ་ཐུབ་པ་བྱེད་རྒྱུ་ཡིན་ལ་སྤྱི་ཚོགས་ལ་རིན་ཐང་ལྡན་པའི་མི་ཞིག་བྱ་རྒྱུའི་ཆོད་སེམས་བརྟན་པོ་བྲག་བརྐོས་རི་མོར་འགོད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博