http://zw.xzqnb.cn/Content/weixinlogo.png
ང་རང་གློག་བརྙན་མང་པོར་ལྟ་མྱོང་ཡོད། དེའི་ནང་ནས་གློག་བརྙན་ཡག་ཤོ
http://zw.xzqnb.cn/m/content/2025-06/20/001250.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གློག་བརྙན་ཐུང་ངུ་ཞིག་ལ་བལྟས་པའི་མྱོང་ཚོར།

༄༅། །ཕམ་ཁའི་མདུན་དུ་དཔའ་ཞུམ་མི་ཉན།

༄༅། །ང་རང་དད་གུས་ཆེ་བའི C ལོའོ།

等待处理…

༄༅། །གློག་བརྙན་ཐུང་ངུ་ཞིག་ལ་བལྟས་པའི་མྱོང་ཚོར།

作者 བཀྲ་ཤིས་ནོར་འཛོམ།
2025年06月20日

ང་རང་གློག་བརྙན་མང་པོར་ལྟ་མྱོང་ཡོད། དེའི་ནང་ནས་གློག་བརྙན་ཡག་ཤོས་ནི་དགེ་རྒན་ཚེས་གསུམ་གྱིས་བསྟན་པའི་སྐར་མ་བཅུ་གཅིག་ཙམ་ལས་མེད་པའི་དངོས་བཤུས་གློག་བརྙན་གྱི་འགྲེལ་བརྗོད་ཐུང་ངུ་དེ་ཡིན། དེའི་མིང་དངོས་ལ“ལྷ་ཡི་སྲས་མོ། ཡ་ང་བའི་ཕུར་སྐྱིད”ཞེས་པ་དེ་ཡིན། དེ་ནི་ཕྱི་སོག་གི་རྩྭ་ཐང་ཐོག་བྱུང་བའི་གཏམ་རྒྱུད་ཅིག་སྟེ། ཕུར་སྐྱིད་ཅེས་པའི་བུ་མོ་ཆུང་ཆུང་ཞིག་གི་སྙིང་རྗེ་བའི་བྱིས་དུས་ཀྱི་འཚོ་བ་ལྷུག་བརྗོད་བྱས་ཡོད།

ཕུར་སྐྱིད་ཅེས་པའི་བུ་མོ་དེ་ལོ་དྲུག་ཙམ་ལས་སླེབས་མེད་ན་ཡང་། ཁྱིམ་གྱི་རྟ་ནོར་ལུག་གསུམ་ཚང་མ་མོ་རང་གིས་ལྟ་དགོས་ཀྱི་ཡོད། འཇར་པན་མི་ཞིག་གིས་བུ་མོ་དེའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་རྟོགས་ནས་དེ་ལ་ཧང་སངས་ཏེ་པར་རྡེབ་རྩིས་བྱས་པ་ན། བུ་མོ་དེས་གང་བྱུང་གི་བྱེད་སྟངས་དེར་སུན་སྣང་གི་རྣམ་འགྱུར་སྟོན་བཞིན་དང་ལེན་མ་བྱས། མོ་ནི་རྒྱུན་དུ་རྟ་བཞོན་ནས་ཕྱུགས་འཚོ་བར་འགྲོ་རྒྱུར་ཤིན་ཏུ་དགའ།

དེ་ནས་ཉིན་གཉིས་པར་སླེབས་པ་དང་། འཇར་པན་མི་དེས་མཚར་སྣང་གི་བསམ་པ་ཞིག་ཁྱེར་ནས་ཡང་བསྐྱར་བུ་མོ་དེའི་ནང་དུ་སོང་། མོ་རང་གི་སྤོ་བོ་དང་རྨོ་བོ་གཉིས་ཀྱིས་མི་དེ་ཡར་ཁྱིམ་ལ་འཛུལ་དུ་བཅུག་པ་དང་། རྒན་འཁོགས་གཉིས་ལོ་ན་རྒན་པོ་ཞེ་དྲག་སླེབས་ཡོད། ཟླ་བ་གསུམ་གྱི་སྔོན་དུ་ཁོང་ཚོའི་ནང་གི་རྟ༣༩བོར་བ་རེད། རྐུན་མ་ཡང་ད་དུང་རྩད་མ་ཆོད། རྟ་འཚོལ་དུ་སོང་བའི་ཨ་མ་ད་དུང་ཁྱིམ་ལ་ལོག་མེད། དེ་དུས་ནང་གི་ཕྱུགས་ཟོག་རྣམས་ཕུར་སྐྱིད་ཀྱིས་འཚོ་སྐྱོང་བྱེད་དགོས། ནང་ལ་སླེབས་རྗེས་མེ་འབུད་པ་དང་ཕོར་པ་འཁྲུ་བ་སོགས་བྱེད་དགོས་མོད། ད་དུང་མོ་རང་འཚེར་སྣང་ཏིལ་འབྲུ་ཙམ་མེད་པར་རང་ཉིད་གལ་སྲིད་གཟུགས་པོ་འདི་ལས་ཆེ་བ་འཚར་ན་ནང་ལ་དེ་ལས་མང་བའི་ལས་ཀ་སྒྲུབ་ཐུབ་པར་སྙམ་གྱི་ཡོད།

དེ་ནས་ཕུར་སྐྱིད་ལོ་གཅིག་སོང་ཚར་རྗེས་སློབ་གྲྭར་འགྲོ་དགོས་པ་རེད། དེ་ནས་རྟ་འཚོལ་བར་བསྐྱོད་པའི་ཨ་མ་ནང་ལ་ལོག་ཡོང་ཞིང་རྟ་གཅིག་ཀྱང་རྙེད་མེད། ཡིན་ནའང་ཁོ་ཚོའི་ངོ་གདོང་ལས་སེམས་ཁྲལ་མེད་པར་འཛུམ་མདངས་མངོན། རྒྱུ་མཚན་ནི་ཨ་མ་ནང་ལ་ལོག་པས་ཕུར་སྐྱིད་ཀྱི་སེམས་པ་ཤིན་ཏུ་དགའ། མི་རིང་བར་དགུན་ཁ་ཚེས་པ་དང་། ནོར་ལུག་འཚོ་བར་བསྐྱོད་དགོས་ཚེ་གནམ་གཤིས་ཤིན་ཏུ་གྲང་། ཕུར་སྐྱིད་ཀྱིས་ནོར་ལུག་ཕྱི་རུ་འཚོ་བ་དང་ལྷས་རར་བསྐོར་བ་སོགས་བྱེད། མ་གཞི་ཁོ་ཚོ་ནམ་རྒྱུན་དགུན་འཚེར་དུ་སྤོ་རྩིས་ཡོད་མོད། བརླགས་སོང་བའི་རྟ་རྣམས་འཚོལ་བའི་ཆེད་དུ་ཁོང་ཚོའི་འཚེར་ས་སྤོ་བའི་དུས་ཚོད་ཡོལ་ཟིན་ནས་སྤོ་མ་ཐུབ། ཁྱིམ་རོགས་ཚོས་ཤིང་ལེབ་ལས་གྲུབ་པའི་བེའུ་ཁང་ཞིག་བཟོ་རོགས་བྱས་ན་ཡང་། ཁ་བ་དང་བུ་ཡུག་འཚུབ་པའི་ཁྲོད་དུ་དེ་ནི་ཕྲུ་གུས་རྩེད་མོ་རྩེད་ནས་བརྩེགས་པའི་རྡོ་ཁང་ཞིག་ལྟར་ཉམ་ཆུང་། རྨོ་བོ་ལགས་ཀྱི་སྒྲ་སྡུད་ལ་ཉན་ནས་རྗེས་ཀྱི་ཉིན་ཁ་ཤས་ནང་གནམ་གཤིས་དེ་ལས་སྐྱོ་བ་འབྱུང་རྒྱུ་ཡིན་པ་རྟོགས་པས། རྨོ་བོ་ལགས་ལུག་རྣམས་གཟན་རྩྭ་མ་རག་པར་མུག་ཤི་ཐེབས་པ་དང་། ད་དུང་ཕྱོགས་ལ་ཐོན་པའི་བུ་མོར་སེམས་ཁྲལ་ཆེན་པོ་བྱེད་དགོས་བྱུང་། རྟ་མ་རྙེད་ཀྱང་མཐར་ཐུག་ཨ་མ་ནང་ལ་ལོག་བྱུང་། ཨ་མས་གྲོང་ཁྱེར་གྱི་ནང་ནས་གྲོ་ཞིམ་འགའ་ཁྱེར་ནས་སླེབས་པ་དང་ཁྱིམ་ཚང་ཡོངས་དྲོ་སྐྱིད་དང་དགོད་སྒྲས་ཁེངས། ཟོག་ཀྱང་མུག་ཤི་མ་ཐེབས། མཐའ་མར་འཇར་པན་གྱི་པར་ལེན་མཁན་དེ་དང་ཁོ་ཚོ་འདྲིས་པར་གྱུར་ནས་ལྷན་དུ་མཛེས་ཉམས་དོད་པའི་པར་ཞིག་བརྒྱབ། འཇར་པན་གྱི་མི་དེའི་མིང་ལ་ཀོན་ཡན་ཟེར་བ་དང་ཕུར་སྐྱིད་ཀྱི་རྟ་དེ་ཁོ་ལ་དྲན་རྟེན་དུ་སྤྲད། ཕུར་སྐྱིད་ཀྱིས་མི་འདོད་པ་ཞེ་དྲག་ཡོད་མོད་ཀྱང་མཐའ་མཇུག་ཁས་ལེན་བྱས། སང་ལོར་སླར་ཁོང་ཚོར་ལྟ་བར་ཡོང་རྒྱུའི་ཁ་ཆད་བྱས་པ་དང་། འཇར་པན་གྱི་མི་དེས་ཕུར་སྐྱིད་ལ་རྔན་པ་ཅི་ཞིག་ཉོ་དགོས་ཚུལ་དྲིས་པས། འཕྲུལ་འཁོར་གྱི་རྩེད་ཆས་ཤིག་ཉོས་ཡོང་རོགས་བཤད།

ཕུར་སྐྱིད་སློབ་གྲྭར་འགྲོ་བའི་དུས་ཚོད་ལ་སླེབས་པ་དང་། རྨོ་བོ་སོགས་ཀྱིས་ཕུར་སྐྱིད་རྩྭ་ཐང་ལས་གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་ཐོབ་ན་མི་ཚེ་ལ་འགྱུར་ལྡོག་གཏོང་རེ་ཡོད་པའི་འདུན་པ་འཇར་པན་གྱི་མི་དེར་བཤད།

དེའི་ཕྱི་ལོར་འཇར་པན་གྱི་མི་དེ་ཡང་བསྐྱར་ཕུར་སྐྱིད་ཀྱི་ཁྱིམ་དུ་སོང་དུས་ཁྱི་རྒན་ཁྲིད་པའི་ཕུར་སྐྱིད་ཀྱིས་ཁོ་ལ་དགའ་བའི་རྣམ་འགྱུར་ཅི་ཡང་མ་བསྟན། དེ་དོན་རྒན་པ་དག་ལ་འདྲི་སྐབས་གཞི་ནས་ཕུར་སྐྱིད་ཀྱི་ཨ་མ་རྟ་ཐོག་ནས་ལྷུང་ཞིང་། རྟ་ཁྱུས་རྡོག་རྫིས་འོག་ཚེ་ལས་འདས་པ་རྟོགས། ཕུར་སྐྱིད་ཀྱི་སེམས་པ་སྡུག་བསྔལ་གྱིས་ཁེངས་ན་ཡང་། འཇར་པན་གྱི་མི་དེས་ཨུ་ལན་པ་ཐོ་ནས་ཉོས་ཡོང་བའི་འཕྲུལ་འཁོར་རྩེད་ཆས་དེ་ནི་མོའི་སེམས་གསོ་བྱེད་སྤྱད་གཙོ་བོ་རུ་གྱུར། ད་དུང་འཇར་པན་གྱི་མི་དེས་སྔོན་ཆད་བསྐྱོན་པའི་འདྲ་པར་དེ་རྣམས་པར་དེབ་བཟོས་ནས་ཁྱེར་ཡོང་འདུག་པས། ཕུར་སྐྱིད་ཀྱིས་ནམ་ཡང་ཡིད་ལ་དྲན་པའི་ཨ་མའི་ཞལ་རས་མཐོང་མ་ཐག་གདོང་ལས་དགོད་འཛུམ་གྱི་ཉམས་ཤིག་མངོན།

ཡུན་རིང་མ་སོང་བར་ཕུར་སྐྱིད་ཨ་ཞང་གིས་ཨུ་ལན་པ་ཐོ་རུ་སློབ་གྲྭར་མངགས་པ་དང་། མོ་ནི་དུད་ཚང་དེའི་ནང་གི་སློབ་གྲྭ་བ་ཐོག་མར་གྱུར། ཡིན་ཡང་ཁོང་ཚོའི་ཁྱིམ་དུ་འཕྲད་པའི་དཀའ་སྡུག་གི་མཇུག་ད་དུང་རྫོགས་མེད་དེ། ལོ་གཅིག་གི་དགུན་ཁར་ཁ་བ་བབས་ནས་སྒོ་ཟོག་མང་པོ་ཞིག་མུག་ཤི་ཐེབས། གཟན་ཆས་སླེབས་ཀྱང་རིན་པ་སྤྲོད་རྒྱུ་མེད་པས་རིག་རིག་བལྟས་བལྟས་ལ་སེམས་ཅན་དག་འཆི་འགྲོ་བར་ལྟ་རྒྱུ་ལས་ཐབས་ཤེས་ཅི་ཡང་མ་བྱུང་། མི་སེམས་འགུལ་དགོས་པ་ཞིག་ནི། རྨོ་བོ་དེའི་གདོང་གི་འཛུམ་མདངས་ནི་ངའི་བརྩེ་བའི་རྨོ་བོ་ནང་ལྟར་ནམ་ཡང་ཡལ་བ་མེད་པར་ཞལ་རས་སུ་འཁོར།

ཕུར་སྐྱིད་དང་ཁོང་གི་ནང་མི་ཚོས་ནུས་ཤུགས་ཇི་ལྟར་སྤྱད་ན་ཡང་རང་གི་ལས་དབང་ལ་འགྱུར་ལྡོག་གཏོང་མ་ཐུབ་པ་ནི་ཅི་འདྲའི་ཡ་ང་སྙིང་རྗེ་སྐྱེ་དགོས་པའི་གནས་ཤིག་རེད་ཨང་། གློག་བརྙན་དེས་ང་ལ་སྦྱིན་པའི་མྱོང་ཚོར་ནི་དེ་འདྲ་ཞིག་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博