རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་དང་སྲུང་སྐྱོབ་འོག དུས་རབས་ཉེར་གཅིག་གི་དུས་མགོ་དང་། དུས་དཀྱིལ་དུ་མཚོ་བོད་ས་མཐོ་དང་། ཤིན་ཅང་གི་ཐང་ཆེན་དང་ཐང་གཤོངས་སུ་གཙོད་ཕྲུག་གི་ཁྱུ་ཚོགས་ཧ་ཅང་མང་བ་དང་། དེ་བས་ཨ་ཆེན་གངས་རྒྱབ་ཀྱི་ཐང་ཆེན་དུ་གཙོད་ཕྲུག་གི་སྐྱེས་འཕེལ་ཤིན་ཏུ་མང་པོ་བྱུང་ཡོད།
རི་སྐྱེས་གཙོད་ཀྱི་འཚོ་ཡུལ་གཙོ་བོ་ནི་མཚོ་སྔོན་ཡུལ་ཤུལ་གྱི་ཐང་གཤོངས་དང་། ཤིན་ཅང་གི་ནུབ་རྒྱུད་ཐང་གཤོངས། དེ་བཞིན་ཨ་ཆེན་གངས་རྒྱབ་ཀྱི་ཐང་ཆེན་བཅས་ལ་ཡིན། ད་དུང་བོད་ཀྱི་ནུབ་བྱང་འདྲེས་མཚམས་ཀྱི་མངའ་རིས་དང་། ནག་ཆུའི་ས་ཁོངས་ཀྱི་ཉི་མ་རྫོང་དང་། ཤན་རྩ་རྫོང་། མཚེའུ་གཉིས། མངའ་རིས་མཚོ་ཆེན་རྫོང་དང་། སྒར་རྫོང་། སྒེར་རྩེ་སོགས་ཀྱི་མུ་མཐའ་མེད་པའི་ཡངས་པའི་རྩྭ་ཐང་དུ་ལོ་གཅིག་དུས་བཞིར་གནས་སྤོ་བརྗེ་རེས་ཀྱིས་གང་བདེའི་རྩྭ་ཆུར་འཚོ་བཞིན་ཡོད།
འདས་པའི་ལོ་ཟླའི་ནང་གདུག་རྩུབ་ཆེ་བའི་རྔོན་པ་དག་གིས་གཙོད་ཕྲུག་རྣམས་བདེ་བའི་རྩྭ་ཆུར་རོལ་ཏུ་མི་བཅུག་པར་རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་ཙམ་གྱི་དོན་དུ། གཙོད་ཕྲུག་ཚོའི་ཚེ་སྲོག་ཉེན་ཁའི་གནས་སུ་གྱར་ནས་གང་སར་གཙོད་རོས་ཁེངས་སུ་བཅུག་ཏེ། ཡངས་པའི་རང་བྱུང་ཁམས་ཀྱི་རྟེན་གཞིའི་ས་འདིར་ཆགས་པའི་བརྩེ་བ་དེ་རྩ་བ་ནས་མེད་པར་གྱུར་པས། བདག་མེད་གཙོད་ཕྲུག་རྣམས་ཡིད་སྐྱོ་བས་མ་ཚད་འཚོ་གནས་ལ་ཡིད་ཐང་ཆད་དུ་བཅུག་ཅིང་། རྔོན་པའི་རྗེས་འདེད་འོག་གཙོད་ཕྲུག་རྣམས་རྩྭ་ཆུ་མིད་པར་འགྲོ་དཀའ་ཞིང་དེ་རིང་གི་མཚན་མོ་འཁྱོལ་ཡང་སང་ཉིན་གྱི་ཉི་མོ་ཇི་ལྟར་འཚོ་བའི་གནས་སུ་གྱར། ཡིན་ནའང་རྒྱལ་ཁབ་ཀྱིས་བདག་མེད་སྲོག་ཆགས་ཀྱི་སྲུང་སྐྱོབ་ཁྲིམས་ལུགས་ལག་ལེན་བསྟར་བ་ནས་བཟུང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ལ་ཆེད་དམིགས་ཀྱིས་སྲུང་སྐྱོབ་མི་སྣ་བཀོད་སྒྲིག་བྱས་ཏེ་སྲུང་སྐྱོབ་བླ་ན་མེད་པ་བྱས་པས་གཙོད་ཀྱི་གྲངས་འབོར་ཡང་རིམ་བཞིན་འཕར་གྱིན་ཡོད་པ་རེད།
མ་འོངས་ལོ་ཟླའི་ནང་ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་དེ་བས་ཀྱང་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ནས་རང་བྱུང་ཁོར་ཡུག་དོ་སྙོམས་ཡོང་བའི་ཐད་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།
བསོད་ནམས་བཀྲ་ཤིས།